མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་དུས་དྲན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ནི་བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་ཤིག་ཡིན་པས་གཞུང་སྒེར་སུས་ཀྱང་སྣང་མེད་དུ་འཇོག་ཐབས་མེད་པའི་ཉིན་མོ་ཞིག་ཡིན་ཞེས་བརྗོད་སོང་།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་དུས་དྲན་སྲུང་གཙི་གནང་། ༢༠༢༥།༣།༡༢ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༡༢ ཉིན་དྷ་སར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་གྱི་རླངས་འཁོར་ས་ཚིགས་སུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག  བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་དུས་དྲན་སྲུང་གཙི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་གྲོང་སྡེ་སྤྱི་ཁྱབ་ནེ་ནུ་ཤཱར་མ་(Neenu  Sharma) ལགས།    དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས། གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་བཅས་འཛོམས་འདུག མཛད་སྒོ་གྲོལ་རྗེས་མེག་ལོར་ནས་དྷ་ཤོད་ཀ་ཅ་རི་བར་དུ་ཞི་བའི་གོམ་བགྲོད་ཀྱི་སྐད་འབོད་ལས་འགུལ་སྤེལ་སོང་།

བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོའི་གལ་གནད་སྐོར་ལ་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་མོ་འདི་སྤྱིར་བོད་ཀྱི་རྩ་དོན་དང་བོད་ཀྱི་བུད་མེད་རྣམས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དང་། ཉིན་གཉིས་ཀྱི་རྗེས་སུ་བོད་ཀྱི་བུད་མེད་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་དུ་དཔའ་མོ་ཀུན་བཟང་གཙོས་དཔའ་མོ་མང་པོ་ཞིག་འཛོམས་ཏེ་སྐད་འབོད་བརྒྱབ་པའི་ལས་འགུལ་ཞིག་སྤེལ་ཡོད། འདི་ནི་ང་ཚོས་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། མ་འོངས་བའང་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་སྤྱི་སྒེར་སུ་ཞིག་གིས་ཀྱང་སྣང་མེད་མ་བཏང་བར་མཇུག་སྐྱོང་དགོས་པ་གལ་གནད་ཆེན་པོ་ཞིག་ཏུ་མཐོང་བཞིན་ཡོད། དེ་བཞིན་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་དམ་དྲག་ཆེ་རུ་ཕྱིན་ཏེ་ཛ་དྲག་གི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་ཡོད། ང་ཚོ་རང་དབང་ལུང་པར་བསྡད་ཡོད་དུས། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་དཔའ་མོ་ཚོས་རྒྱལ་ཁབ་མང་པོའི་གཞུང་ཚབ་རྣམས་ལ་བོད་བཙན་འཕྲོག་བྱས་པའི་དཔང་བོ་བྱ་དགོས་པའི་སྐད་འབོད་བྱས་ཡོད་པ་བཞིན། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་དུས་དྲན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་དུས་དྲན་སྐབས་ཞི་བའི་གོམ་བགྲོད་གནང་བཞིན་པ།  ༢༠༢༥།༣།༡༢ དུས་བབ་ཀྱི་པར།

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༣ པའི་ཚེས ༡༢ ཉིན་བུད་མེད་སྒེར་ལངས་ཉིན་མོར་སྲུང་གཙི་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་སྐྱེས་པ་མང་པོས་༧གོང་ས་མཆོག་ལ་སྲུང་སྐྱོབ་དང་བོད་ཀྱི་རང་བཙན་འཐབ་རྩོད་བྱས་ཡོད། ཉིན་གཅིག་གི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ནང་མནར་གཅོད་བྱེད་བཞིན་ཡོད་པ་ཤེས་ཡོད་ཀྱང་། བོད་ཀྱི་བུད་མེད་རྣམས་ཐང་དུ་ཐོན་ཏེ་བོད་རང་བཙན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེན་པོ་ཞིག་ཆགས་ཡོད། འཛམ་གླིང་གི་ལོ་རྒྱུས་ཐོག་ནས་བལྟས་ཀྱང་བུད་མེད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་རང་བཙན་ཆེད་དུ་ངོ་རྒོལ་བྱས་པ་དཀོན་པོ་རེད། སྔོན་མ་བུད་མེད་ནི་ཁང་པ་གྲུ་བཞི་ཞིག་གི་ནང་ལས་ཀ་བྱེད་མཁན་ཞིག་ཏུ་བརྩི་བཞིན་ཡོད་ཀྱང་། ང་ཚོ་བོད་པའི་བུད་མེད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཆེད་དུ་འཐབ་རྩོད་བྱེད་ཐུབ་པ་གསལ་བོ་བསྟན་ཡོད། ཉིན་མོ་འདི་ང་ཚོ་ཚང་མས་དྲན་གསོ་དང་སྲུང་གཙི་བྱ་དགོས་པ་གལ་ཆེན་པོ་རེད། བོད་ཀྱི་བུད་མེད་སྒེར་ལངས་ཀྱང་བོད་མིའི་ཆེད་དུ་ཡིན་པ་ཤེས་རྒྱུ་གལ་ཆེན་པོ་རེད། བུད་མེད་སྒེར་ལངས་ཉིན་མོར་བུད་མེད་གཅིག་པོ་ཡོང་དགོས་པ་ཞིག་རེད་བསམ་གྱི་མི་འདུག ང་ཚོ་བོད་པ་ཚང་མ་འཛོམས་ནས་ཉིན་མོ་འདི་སྲུང་གཙི་བྱས་པ་བརྒྱུད་བོད་ཀྱི་དཔའ་མོ་རྣམས་དྲན་གསོ་བྱ་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

རྒྱལ་ཡོངས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་མུ་མཐུད་དྲག་གནོན་འོག་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་བསྟར་བྱ་དང་བྱེད་མུས་ཀྱིས་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་ཞན་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།  ལྷག་པར་དུ་བོད་ནང་གི་བོད་མི་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་དང་དམ་དྲག་ཁོ་ནའི་འོག་ཉིན་མཚན་མི་འཁྱོལ་བའི་གནས་སྟངས་ཛ་དྲག་ངང་གནས་ཡོད། ཕྱི་ལོ་༡༩༥༩ ནས་བཟུང་རང་དབང་དང་ཞི་བདེ་ལ་དགའ་བའི་བོད་མི་རྣམས་ནས་ལས་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན། རྒྱ་གཞུང་གྱིས་གོ་མཚོན་སྣ་ཚོགས་བེད་སྤྱོད་ཀྱིས་ད་བར་བོད་མི་གྲངས་མེད་དམར་གསོད་བཏང་ཡོད་པ་དང༌། ཀུན་གཟིགས་ྋཔཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ པ་མཆོག་གཙོས་པའི་བོད་མི་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་གྱུར་ཡོད། ལྷག་པར་དུ་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ལ་འུ་ཐུག་ཐབས་ཟད་ཀྱིས་བོད་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འུ་ཐུག་བཟོད་བྲལ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད། མ་ཟད་རྒྱ་གཞུང་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བསམ་ངན་རྩུབ་སྤྱོད་ཀྱི་སྲིད་བྱུས་མུ་མཐུད་བཟུང་ནས་དོན་མེད་འཛིན་བཟུང་བཙོན་འགག་དང་། ཉིན་མཚན་ཀུན་དུ་མི་མང་རྣམས་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བཀག་འགོག་སྟངས་འཛིན་བྱེད་པ། རྒྱ་གཞུང་གྱིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟུར་བཙུགས་ཀྱིས་བོད་ཕྲུག་རྣམས་སློབ་གྲྭར་བཙན་འགག་བྱས་པ་མ་ཟད། དམར་ཤོག་གི་ལྟ་བ་བཙན་ཁྲིད་ཀྱིས་སློབ་གསོ་སྤྲོད་བཞིན་ཡོད། ལྷག་པར་དུ་གྲྭ་བཙུན་རྣམས་སློབ་གྲྭར་བཙན་འགག་བྱས་པ་མ་ཟད། དམར་ཤོག་གི་ལྟ་བ་ཟབ་ཁྲིད་བྱེད་པ་ལས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་བྱེད་སྒོའི་ཐད་བཀག་འགོག་བྱས་པ། དེ་བཞིན་བོད་རིགས་ལས་བྱེད་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་མི་ཆོག་པ། བོད་རིགས་རྣམས་བོད་ས་སྟོད་སྨད་བར་གསུམ་དུ་ཡུལ་སྐོར་འགྲོ་རྒྱུར་ཡང་བཀག་འགོག་སྟངས་འཛིན་ལ་སོགས་པའི་བྱ་སྤྱོད་ཚད་ལས་བརྒལ་བ་བྱེད་མུས་རེད། ཅེས་འཁོད་འདུག

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་དུས་དྲན་སྐབས་ཞི་བའི་གོམ་བགྲོད་གནང་བཞིན་པ། ༢༠༢༥།༣།༡༠ དུས་བབ་ཀྱི་པར།

ཡང་དེའི་ནང་བསྒྲགས་གཏམ་ནང་། སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་བོད་ནང་གི་ཁོར་ཡུག་གི་བརྟན་ལྷིང་ནི་བོད་མི་ཙམ་མ་ཟད། ཨེ་ཤ་ཡའི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀའི་འཚོ་བའི་རྟེན་གཞིའང་བོད་ཀྱི་ཆུ་རྒྱུན་ཁག་ལ་ཐུག་ཡོད་པ་དང༌། འདི་ལོའི་ཟླ་དང་པོའི་ནང་བོད་ལ་སྟོད་ས་ཁུལ་ནང་ས་ཡོམ་གྱིས་གོད་ཆག་འབྱུང་རྩ་གཙོ་བོ་ནི་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་བོད་ནང་གི་ཤིང་ནགས་གཅོད་བྲེག་དང༌། གཏེར་ཁ་སྔོག་འདོན། བོད་ནང་གི་ཆུ་ཆེན་དང་གཙང་ཆུ་ཆེ་ཁག་གང་སར་ཆུ་མཛོད་གསར་རྒྱག་དང་གཙང་ཆུ་ཁ་བསྒྱུར། དེ་མ་ཟད་བོད་མིའི་འགྲོ་སྡོད་ཀྱི་རང་དབང་ལ་བརྩི་སྲུང་མེད་པར་བཙན་དབང་གིས་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པ། དེ་བཞིན་རྡུལ་ཕྲན་མཚོན་ཆ་སོགས་རྫས་རིགས་དང་འབྲེལ་བའི་བཟོ་གྲྭ་སྣ་མང་འཛུགས་སྐྲུན་བྱས་པ། བོད་ནང་ཁ་རླུང་འབག་བརྩོག་བཟོས་པ་སོགས་ལ་བརྟེན་ནས་བྱུང་ཡོད་པས། རྒྱ་ནག་དམར་གཞུང་གིས་བོད་ནང་གི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་གཏོང་བཞིན་པར་ངེས་པར་མཚམས་འཇོག་དགོས།  གནད་དོན་དེ་བོད་དང་བོད་མི་ཁོ་ནའི་བདེ་སྡུག་ཙམ་མ་ཡིན་པར་བོད་ཀྱི་ཉེ་འབྲེལ་རྒྱལ་ཁབ་ཁག་གི་བདེ་འཇགས་དང་མི་མང་གི་འཚོ་གནས་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པས། ཨེ་ཤ་ཡ་རྒྱལ་ཁབ་ཀྱི་མི་མང་ནས་ཀྱང་དོ་སྣང་དགོས་རྒྱུར་དྲན་སྐུལ་དང་སྦྲགས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ནན་པོ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༧ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese