མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་མུ་མཐུད་གནས་ཐུབ་ཐབས་སུ་འབད་བརྩོན་གནང་མུས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་བོད་ཕྱི་ནང་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན་པས་གསར་ཁང་དེ་གཉིས་མུ་མཐུད་གནས་ཐུབ་པ་དང་། བོད་མི་ཁག་ཅིག་གིས་གསར་ཁང་དེ་གཉིས་སྒོ་རྒྱག་རྒྱུར་དགའ་བསུ་བྱེད་བཞིན་པ་ནི་བློ་ཕམ་གྱི་གནས་ཤིག་ཡིན་སྐོར་གསུངས་སོང་།

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པའི་ཚོགས་ཐུན་གསུམ་པ། བོད་ཀྱི་དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས། ༢༠༢༥།༣།༡༩

དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པའི་ཚོགས་ཐུན་གསུམ་པའི་སྟེང་། བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ད་ལྟའི་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་གནས་སྟངས་མཁྱེན་གསལ་རེད། རེས་གཟའ་སྤེན་པ་ནས་བཟུང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གླ་ཆ་མཚམས་འཇོག་བྱས་པའི་གནས་ཚུལ་ཐོན་འདུག ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཁག་ཅིག་ལ་ལས་མཚམས་འཇོག་དགོས་པའི་ཡི་གེ་འབྱོར་བ་བྱུང་འདུག རླུང་འཕྲིན་ཁང་དེ་གཉིས་གལ་ཆེན་པོ་ཡིན་པ་ཞིག་ལ་ངོས་འཛིན་གྱི་ཡོད། བོད་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་སྤེལ་དང་། ཕྱིའི་གནས་ཚུལ་དེ་དག་བོད་ནང་དུ་ཁྱབ་སྤེལ་བྱེད་ཐུབ་པའི་ལམ་ཞིག་ཆགས་ཡོད། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་གི་མཛད་རིམ་དང་། གསུང་ཆོས། བཀའ་སློབ་དེ་དག་མཇལ་བའི་སྐབས། ཁོང་ཚོར་ཁ་ཞེ་གཉིས་མེད་ཀྱིས་སེམས་ཤུགས་དང་རེ་བ་བསླེབས་པའི་གནས་སྟངས་ཡོང་གི་ཡོད། དེ་བཞིན་བཙན་བྱོལ་གཞུང་གི་ཕྱག་ལས་དང་། མི་མང་ཚོས་འཐབ་རྩོད་ཆེད་དུ་སྐུ་ལས་བསྐྱོན་པ་དེ་དག་མཐོང་དུས་ཁ་ཞེ་གཉིས་མེད་ཀྱིས་བོད་ནང་གི་བོད་མི་ཚོར་ཐུགས་ཕན་གསོ་བའི་གནས་སྟངས་ཡོང་གི་ཡོད། ད་དུང་བོད་ནང་གི་བོད་མི་ཚོས་སྲོག་བློས་བཏང་ནས་ཕྱི་ལ་གནས་ཚུལ་གཏོང་གི་ཡོད་པ་རེད་ལ། གསར་འགྱུར་བརྒྱུད་ལམ་གྱི་ཐོག་ནས་རྒྱལ་སྤྱིའི་སྟེང་གསར་འགྱུར་སྤེལ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་བརྒྱུད་ལམ་དེ་དག་གལ་ཆེན་པོ་ཞེ་དྲགས་རེད། ད་ལན་གནས་ཚུལ་བྱུང་བ་འདི་ང་ཚོ་ཚང་མར་གྱོང་ཆེན་པོ་རག་པ་རེད། ཕྱི་དྲིལ་བཀའ་བློན་གྱིས་ཨ་རིའི་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་རོགས་དངུལ་དང་འབྲེལ་བའི་ཐོག་ནས་ཞུ་གཏུགས་གནང་གི་ཡོད་པ་རེད། དེའི་ཐོག་ལ་ངེས་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་དེ་གཉིས་མུ་མཐུད་ནས་གནས་རྒྱུའི་ཐོག་ལ་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་དང་། སྤྱིར་བཏང་ང་ཚོའི་བཙན་བྱོལ་ནང་དུ་ཆབ་སྲིད་ཀྱི་ལྟ་བ་མཐུན་དང་མི་མཐུན་ཡོང་གི་རེད། འོན་ཀྱང་། གནས་ཚུལ་འདི་འདྲ་བྱུང་བའི་སྐབས་སུ་ང་ཚོའི་སྤྱི་ཚོགས་ནང་དུ་ཁག་ཅིག་གིས་གཏམ་བཟང་དང་ཡག་པོ་རེད་ལབ་མཁན་ཡོང་གི་འདུག དེའི་རིགས་ལ་བློ་ཕམ་ཡོད་ཞུ་རྒྱུ་ཡིན། དེའི་ཐོག་ལ་ཚང་མས་དགོངས་པ་བཞེས་རོགས་གནང་། ཞེས་གསུངས་སོང་།

དེ་འབྲེལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསལ་བཤད་ལན་འདེབས་གནང་སྐབས། ཨ་རིའི་སྲིད་འཛིན་གྱི་འཛིན་སྐྱོང་ཐག་གཅོད་འོག་ནས་དངུལ་གྱི་རོགས་སྐྱོར་ལ་དོ་ཕོག་འགྲོ་ཡི་ཡོད་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་རླུང་འཕྲིན་ཁང་གི་ལས་དོན་མཚམས་འཇོག་བྱེད་དགོས་པའི་གནས་སྟངས་དེ་བློ་ཕམ་གྱི་གནས་ཚུལ་ཞིག་རེད། རླུང་འཕྲིན་ཁང་དེ་དག་གི་ལས་འགན་གཙོ་བོ་ནི་བོད་ནང་གི་གནས་ཚུལ་ཕྱི་ལ་བསྒྲགས་རྒྱུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྣམས་གཙོ་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་སོགས་བོད་ནང་གི་བོད་མི་ཚོར་མཁྱེན་རྟོགས་ཡོད་པའི་ཐོག་ནས་སེམས་འགུལ་ཐེབས་རྒྱུ་སོགས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རླུང་འཕྲིན་ཁང་དེ་གཉིས་གལ་གནད་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཨ་རིའི་དོན་གཅོད་བརྒྱུད་ནས་བོད་རིགས་ཚོགས་པ་དང་མཉམ་དུ་ཨ་རིའི་རོགས་སྐྱོར་མཚམས་འཇོག་དང་བཀག་སྐྱིལ་གྱི་གནས་སྟངས་ཡོད་པ་དེ་དག་མུ་མཐུད་ནས་བསྐྱར་གསོ་ཐུབ་རྒྱུ་དང་། རླུང་འཕྲིན་ཁང་གཉིས་མུ་མཐུད་ནས་གནས་ཐུབ་རྒྱུའི་ཐད་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ཞེས་ལན་འདེབས་གནང་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གིས་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པའི་གནས་སྟངས་འོག་དོ་ཕོག་བྱུང་བའི་བོད་པའི་སྤྱི་ཚོགས་གང་མང་མང་ལ་འབྲེལ་བ་གནང་ཐབས་ཀྱི་འབད་བརྩོན་བྱས་པ་ཡིན། གནས་ཚུལ་འདི་བྱུང་བའི་རྗེས་སུ་ཨ་རིའི་རླུང་འཕྲིན་ཁང་གི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་སྐད་ཆ་དྲིས་པའི་སྐབས་སུ། སྐབས་དེ་དུས་ཨ་རིའི་རླུང་འཕྲིན་ཁང་ལ་སྤྱི་ཡོངས་ནས་ཨ་རིས་གཞུང་བསྐོས་ལས་བྱེད་ས་ཡ་ ༢ ཡོད་པར་དགོངས་པ་ཞུས་ན་ཞུས་པ་རེད། ཟླ་བ་རྗེས་མའི་གླ་ཆ་སྤྲོད་ཀྱི་ཡིན། དེ་མིན་མ་འོངས་པར་ཕྱིར་ཕུད་གཏོང་དགོས་འབྱུང་ན་ཐོབ་ཐང་གང་ཡང་མེད་པ་ཆགས་ཀྱི་རེད་ཟེར་བའི་ཡི་གེ་དེ་འབྱོར་འདུག ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་དེ་དག་གཞུང་བསྐོས་ལས་བྱེད་ནང་ཚུད་ཀྱི་ཡོད་པ་རེད། ཡི་གེ་འབྱོར་ནས་ལས་བྱེད་གཉིས་ཀྱིས་མ་གཏོགས་དང་དུ་བླངས་མི་འདུག དེའི་སྔོན་ལ་ལས་བྱེད་དྲུག་སྤྱིར་བཏང་གིས་ཉུང་དུ་ཕྱིན་པ་རེད། ཆོད་གན་སྒང་ཡོད་པ་བཞི་ཉུང་དུ་བཏང་ཡོད། ད་ལྟའི་ཆར་ཨ་རིའི་རླུང་འཕྲིན་ནང་ལས་བྱེད་ ༢༠ ཙམ་ཡོད་པ་རེད།

ཉིན་མ་བདུན་གྱི་སྔོན་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྐད་ཆ་དྲིས་སྐབས། ཁོང་ཚོའི་སྐོར་ལ་གང་ཡང་གོ་རྒྱུ་མི་འདུག་གསུང་གི་འདུག གློ་བུར་དུ་ (DOGE) ཟེར་བས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཡོངས་ཀྱི་འགྲོ་གྲོན་ཟླ་བ་གཅིག་རིང་བཀག་སྐྱིལ་བྱས་པ་རེད། དེར་བརྟེན་ལས་བྱེད་ཚོ་ཟླ་བ་གཅིག་རིང་གུང་གསེང་བཏང་བ་རེད་ཟེར་བའི་སྐད་ཆ་འདུག དེའི་རྗེས་ལ་ག་རེ་ཆགས་ཀྱི་ཡོད་མེད་སུས་ཀྱང་ཤེས་ཀྱི་མེད་པ་རེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་ལས་ཁུངས་སུ་ལས་བྱེད་ཁ་ཤས་རང་འཇགས་འཇོག་སྲིད་པ་དང་ས་གནས་ལས་བྱེད་རྣམས་ལྷག་སྲིད་པ་རེད་ཟེར་གྱི་འདུག གང་ལྟར་གཟའ་པ་སངས་ཀྱི་ཉིན་མོར་ཨ་རིའི་སྲིད་འཛིན་གྱི་འཛིན་སྐྱོང་བཀོད་ཁྱབ་ཅིག་ཕེབས་ནས། དེའི་ནང་དུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་། སྒྲིག་འཛུགས་གཞན་ (Radio Cuba) དང་། (Radio Free Europe)། (Radio Middle East) སོགས་ཚོང་པ་སྡེ་ཁག་ཆུང་ཆུང་ལ་རོགས་སྐྱོར་བྱེད་མཁན་གྱི་ཚོགས་པ་ཁག་བདུན་ལ་འཛིན་སྐྱོང་བཀོད་ཁྱབ་འདིའི་འོག་ནས་སྒོ་རྒྱག་དགོས་པའི་བཀོད་ཁྱབ་ཅིག་བསླེབས་པ་རེད། ད་ལྟའི་གནས་སྐབས་ལ་ཕྱི་ཚེས་ ༡༦ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བྷེ་ཧྥང་ (Bay Fang) གི་མིང་ཐོག་ནས་ལས་བྱེད་རྣམས་ལ་གནད་དོན་གསལ་ཆ་མེད་པའི་འགྲེལ་བཤད་དང་། གཟའ་ཟླ་བར་ལས་ཀ་ཡོང་དགོས་ཀྱི་ཡོད་པ་བཤད་འདུག ཕལ་ཆེར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་ནས་ལས་བྱེད་ཚང་མར་གླ་ཆ་སྤྲོད་དགོས་ཀྱི་ཡོད་ན། ཉིན་མ་ཁ་ཤས་མ་གཏོགས་གདང་རྒྱུ་མེད་པའི་གནས་སྟངས་ཤིག་གི་སྒང་ལ་གནས་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཚང་མའི་ཁ་པར་ཨང་གྲངས་དང་། གློག་འཕྲིན་ཁ་བྱང་སོགས་བླངས་ཏེ། ཐག་གཅོད་ཅིག་བྱུང་བ་ཡིན་ན་ཐད་ཀར་འབྲེལ་བ་བྱ་རྒྱུ་རེད་འདུག རེས་གཟའ་པ་སངས་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཚང་མར་འཛིན་སྐྱོང་གུང་གསེང་བཞག་འདུག འཛིན་སྐྱོང་གུང་གསེང་ (Administrative Leave) ཟེར་བའི་ཐ་སྙད་བེད་སྤྱོད་བཏང་འདུག ཁོང་ཚོ་གཞུང་ཞབས་ཡིན་པར་བརྟེན་གཟའ་ཟླ་བ་ནས་ལས་ཀར་ཡོང་རྒྱུ་མེད་པ་རེད། འོན་ཀྱང་འཛིན་སྐྱོང་གུང་གསེང་ (Administrative Leave) ཟེར་དུས་གླ་ཆ་ཡོད་པའི་ངོ་བོ་ཞིག་ལ་ལྟ་ཡི་ཡོད་པ་རེད། ཨ་རིའི་(DOGE)ལས་ཁུངས་ཀྱིས་སྒྲིག་འཛུགས་འདི་དང་འདི་འདྲ་བ་ལ་བཀོད་ཁྱབ་མི་འདྲ་བ་བཏང་བའི་ནང་ཐ་སྙད་མང་པོ་ཞིག་བེད་སྤྱོད་བྱས་འདུག ཨ་རིའི་རླུང་འཕྲིན་ཁང་ལ་བཏང་བའི་ཐ་སྙད་ཏོག་ཙམ་མི་འདྲ་བ་ཞིག་འདུག་སྟེ། ད་ལྟ་ལམ་སང་སྒོ་རྒྱག་གི་མ་རེད། དེའི་བར་དུ་ཞུ་འབོད་བྱེད་པའི་ལས་ཀ་ག་རེ་ཡོད་ཚེ་འགྱོད་པ་མེད་པ་ཞིག་བྱ་དགོས་རྒྱུ་གལ་ཆེན་ཡིན་དུས། གནས་ཚུལ་དེ་ཚོ་ཐོས་པ་དང་བཀའ་ཤག་ནས་ཐག་གཅོད་ཡོད་པ་གཞིར་བཟུང་ཨ་རིའི་དོན་གཅོད་ལ་ཐད་ཀར་མངགས་ནས། ང་ཚོས་ཞུ་གཏུགས་བྱས་པའི་དུས་མཉམ་ལ་རླུང་འཕྲིན་ཁང་དེ་དག་གི་གནས་སྟངས་ཞུ་དགོས་པ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་སོ་སོའི་གྲོས་ཚོགས་འཐུས་མི་ཚོ་ལ་ཞུ་གཏུགས་བྱེད་པའི་སྐབས་སུའང་རླུང་འཕྲིན་ཁང་དེ་གཉིས་ཀྱི་སྐོར་ཞུ་དགོས་པའི་བཀོད་མངགས་བྱས་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས། རྒྱ་ཆེ་ས་ནས་རྒྱ་ནག་གཞུང་གིས་འཛམ་གླིང་ནང་ལོགས་ལ་འཁྱོག་བཤད་བྱེད་ཀྱི་ཡོད་པ་དང་། དེ་ལ་ཁ་གཏད་གཅོག་མཁན་གྱི་བཙན་བྱོལ་ནང་ཡོད་པའི་རླུང་འཕྲིན་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག་གང་ཡོད་པ་དེ་དག་ང་ཚོས་ཁ་གཏད་གཅོག་པའི་ལག་ཆ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེ་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པ་རེད། ཅེས་དང་། ཨ་རིའི་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་བལྟས་པ་ཡིན་ན། རླུང་འཕྲིན་ཁང་དེ་གཉིས་སླར་གསོ་ཡོང་ཐུབ་མིན་དང་། གལ་སྲིད་སླར་གསོ་བྱུང་བ་ཡིན་ན་བོད་པའི་སྡེ་ཚན་གཅིག་པུ་སླར་གསོ་ཡོང་ཐུབ་ཀྱི་མེད་པ་དངོས་ཡོད་གནས་སྟངས་རེད། གནས་ཚུལ་བྱུང་བའི་བརྒྱུད་རིམ་ལ་བལྟས་ཡོང་དུས། ཨ་རིའི་རླུང་འཕྲིན་ཁང་ལྷག་སྲིད་པ་དང་། སྡེ་ཚན་གཉིས་ནང་ལོགས་ནས་གཅིག་སྒོ་རྒྱག་སྲིད་པ་རེད། གང་ཡིན་ཟེར་ན། དེ་(Heritage Foundation) ནས་བཏོན་གནང་བ་དང་འོས་བསྡུའི་སྔོན་ནས་སྤྱི་མཐུན་ཚོགས་པའི་ཐབས་ཇུས་སྒྲིག་མཁན་གྱི་མི་སྣས་བཟོས་པའི་ལས་གཞི་ ༢༠༢༥ (Project 2025) ཟེར་བའི་ཡིག་ཆ་གལ་ཆེན་པོ་ཞིག་ཡོད་པ་རེད། དེའི་ནང་དུ་རླུང་འཕྲིན་ཁང་གཉིས་ཡོད་པ་དེ་ཚོ་འགྲོ་སོང་འཕར་མ་རེད་འདུག གཅིག་སྒོ་རྒྱག་དགོས་ཀྱི་འདུག་ཟེར་ནས་གསལ་པོ་བྲིས་འདུག་ལ། སྔོན་མ་གནས་ཚུལ་གང་བྱུང་བ་གསལ་པོ་བྲིས་འདུག ཨ་རིའི་རླུང་འཕྲིན་ལྷག་སྲིད་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཕལ་ཆེར་སྒོ་རྒྱག་སྲིད་པ་རེད་ཟེར་བའི་སྐད་ཆ་སྔོན་མ་ནས་འགྲོ་ཡི་འདུག དེ་དག་ཚོད་དཔག་རེད། ད་ལྟའང་ཚོད་དཔག་བྱ་རྒྱུ་མ་གཏོགས་གཞི་བརྟན་པོའི་ཐོག་ནས་འདི་འདྲ་ཞིག་ཡོང་གི་རེད་ཅེས་ཞུ་ཐུབ་རྒྱུ་ཁག་པོ་རེད་འདུག ཅེས་དང་། བཙན་བྱོལ་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་རེད། དེར་བརྟེན་འགའ་ཤས་ཀྱིས་རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པ་དེ་ཡག་པོ་བྱུང་རེད་ཟེར་བའི་གནས་ཚུལ་སྤེལ་མཁན་ཡོང་གི་ཡོད་ས་རེད། དེ་ཚོའི་གྲས་ཐབས་སྐྱོ་བོ་རེད། འདི་གང་ཟག་གི་སྐད་ཆ་མ་རེད། རྩ་དོན་དང་འབྲེལ་བ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་སྐད་ཆ་བཤད་པ་ཡིན་ན། སྐད་ཆ་དེ་འདྲ་བཤད་ཕོད་པ་མ་རེད། དེ་འདྲའི་སྡིངས་ཆ་མང་པོ་བསྐྲུན་པ་ཡིན་ན། དེ་དག་ང་ཚོར་མི་འདོད་མཁན་གྱི་ལག་ཆར་བེད་སྤྱོད་བྱེད་པའི་རྒྱུ་ཆགས་ཀྱི་རེད། མི་དགོས་པ་དེ་དག་མ་གནང་ན་ཡག་པོ་ཡོད་པ་རེད། ཅེས་གསུངས་སོང་།

ཨ་རིའི་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁུངས་ (USAGM) ཀྱི་ཁྱབ་ཁོངས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་རོགས་དངུལ་བཅད་པའི་གནད་དོན་ཐད། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་གོ་ལའི་དུས་བབ་ཟེར་བས་བསམ་ཚུལ་རྩོམ་ཡིག་ཅིག་སྤེལ་ཏེ། ཨ་རིའི་རླུང་འཕྲིན་ཁང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག་ལ། དེ་འབྲེལ་གྱི་གནས་ཚུལ་ནང་། ཨ་རིའི་རླུང་འཕྲིན་ཁང་ནི་ཡོངས་གྲགས་ཐོག་ནས་ཨ་རིས་གཟབ་ནན་གྱིས་བཟོ་སྐྲུན་བྱས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་འཕྲུལ་ཆས་ཤིག་ཏུ་ངོས་འཛིན་བྱེད་པ་དང་། རླུང་འཕྲིན་ཁང་དེས་འཁྲུག་རྩོད་སློང་བ་དང་། སྤྱི་ཚོགས་ནང་ཁ་བྲལ་སློང་བ། ཐ་ན་སྲིད་གཞུང་ཞིག་ཁ་བསྒྱུར་བའི་ལས་དོན་སོགས་ཀྱི་ནང་ཞུགས་ཀྱིན་ཡོད་པས་རྒྱལ་སྤྱིའི་སྟེང་གྲགས་ཅན་ཡིན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཡུ་རོབ་རང་དབང་རླུང་འཕྲིན་ཁང་སོགས་ཀྱང་ཨ་རིའི་རླུང་འཕྲིན་ཁང་དང་འདྲ་བ་ལས་འགན་གཙོ་བོ་ནི་ཝ་ཤིང་ཊོན་གྱི་ལྟ་གྲུབ་ཀྱི་དགོས་འདུན་ལ་གཞི་བཅོལ་ནས་རྒྱལ་ཁབ་གཞན་ལ་འཇབ་རྒོལ་བྱེད་དགོས་པའི་དགོས་མཁོ་སྐོང་རྒྱུ་དེ་རེད། ཅེས་བརྗོད་འདུག

ད་དུང་གོ་ལའི་དུས་བབ་ཟེར་བས། ཨ་རིའི་རླུང་འཕྲིན་ཁང་ལ་རྒྱ་ནག་དང་འབྲེལ་བའི་གསར་འགྱུར་བྲིས་པའི་ལོ་རྒྱུས་འཇིགས་སུ་རུང་བ་ཞིག་ཡོད། དེ་ནི་ཤར་ཊུ་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བརླག་གཏོང་བ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ལ་སྐུལ་འདེད་གཏོང་བ་དང་། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནས་ཧོང་ཀོང་གི་དྲག་རྒོལ་ལས་འགུལ་བར་རྒྱབ་སྐྱོར་བྱེད་པ། ད་དུང་རྒྱ་ནག་གི་ནད་དུག་ཅེས་པའི་འགྲེལ་བརྗོད་བཟོས་པ་ནས་རྒྱ་ནག་གི་སྐོར་ལ་རྫུན་གཏམ་ངན་པ་ཕལ་ཆེར་ཚང་མའི་རྒྱབ་ཏུ་ཨ་རིའི་རླུང་འཕྲིན་ཁང་ཡོད་ཅེས་སོགས་བརྗོད་འདུག་པ་མ་ཟད། ཨ་རིའི་རླུང་འཕྲིན་ཁང་ནི་རྫུན་བསྒྲགས་ཀྱི་བཟོ་གྲྭ་ཞིག་ཡིན་པ་དང་། ད་ལྟ་ཨ་རིས་རང་དབང་གི་འོད་སྣང་དུ་འབོད་པའི་ཨ་རིའི་རླུང་འཕྲིན་ཁང་སྟེ། རང་གི་གསར་ཁང་ཞིག་ཐབ་ཕྱིས་ནང་བཞིན་གཡུགས་སོང་ཞེས་འཕྱ་དམོད་ཀྱང་བྱས་འདུག

ཨ་རིའི་རླུང་འཕྲིན་ཁང་ནི་ཕྱི་ལོ་ ༡༩༤༢ ལོར་འཛམ་གླིང་དམག་ཆེན་གཉིས་པ་དང་གྲང་དམག་གི་སྐབས་སུ་རང་དབང་གི་ཐོག་ནས་གནས་ཚུལ་ཤེས་རྟོགས་ཆེད་དུ་མགོ་བཙུགས་ཡོད་ཅིང་། ཕྱི་ལོ་ ༡༩༧༦ལོའི་ཟླ་༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཇེ་རལ་ཌི་(Gerald R. Ford) མཆོག་གིས་ཨ་རིའི་ཁྲིམས་མཐུན་ཐོག་ནས་ངོས་འཛིན་ཡོད་པའི་མཚན་རྟགས་བཀོད་འདུག ཨ་རིའི་རྒྱང་སྲིང་འགན་འཛིན་ལྷན་ཚོགས་ཀྱིས་བཀོད་འདོམས་འོག་སྐད་རིགས་ ༥༠ ཙམ་ལ་རྒྱང་སྲིང་བྱེད་བཞིན་པའི་རྒྱལ་སྤྱིའི་གསར་ཁང་ཞིག་ཏུ་ཆགས་ཡོད་ལ། ད་ལྟའི་ཆར་བདུན་ཕྲག་རེར་འཛམ་གླིང་ཐོག་རླུང་འཕྲིན་ཁང་དེར་གསན་གཟིགས་གནང་མཁན་མི་གྲངས་ས་ཡ་ ༣༥༤ ཙམ་ཡོད་འདུག

ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་ཐོག་བོད་སྐད་ཐོག་རྒྱང་སྲིང་བྱེད་མགོ་བཙུགས་ཡོད་པ་དང་། བདུན་ཕྲག་རེར་བོད་སྐད་ཐོག་ཆུ་ཚོད་གཉིས་རེའི་བརྙན་འཕྲིན་གྱི་ལས་རིམ་དང༌། དེ་བཞིན་བོད་ནང་རླུང་འཕྲིན་གྱི་ལས་རིམ་ཁག་ཐད་ཀར་རྒྱང་སྲིང་བྱེད་བཞིན་ཡོད་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་གྲོས་ཚོགས་ཀྱིས་འགྲོ་གྲོན་འོག་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་མི་མང་ཚོར་དངོས་བྱུང་ཁུངས་ལྡན་གྱི་གནས་ཚུལ་གོ་རྟོགས་ཐུབ་པའི་ཆེད་དུ་བཙུགས་པའི་རླུང་འཕྲིན་ཁང་ཞིག་ཡིན་པ་རེད།  བདུན་ཕྲག་རེའི་ནང་འཛམ་གླིང་ཐོག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསན་གཟིགས་གནང་མཁན་མི་གྲངས་ས་ཡ་ ༦༠ ཙམ་ཡོད་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་དབུས་གཙང་གི་སྐད་དང༌། ཨམ་སྐད། ཁམས་སྐད་བཅས་ཀྱི་ཐོག་གནས་ཚུལ་རྒྱང་སྲིང་བྱེད་བཞིན་ཡོད་ཅིང་།  གསར་འགྱུར་ལས་རིམ་ནི་རླུང་འཕྲིན་དང་། བརྙན་འཕྲིན། སྤྱི་ཚོགས་དྲ་རྒྱ་དང་དྲ་ཐོག་བཅས་ཀྱི་བརྒྱུད་ནས་རྒྱང་སྲིང་བྱེད་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༦ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese