མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཌར་ལན་ཌིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱུང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་རྒྱལ་ཁབ་ནེའུ་ཌར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་དུ་དོན་ཚན་གསུམ་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་བྱུང་འདུག

Photo Credit: https://www.houseofrepresentatives.nl/

ཁ་སང་ཡུ་རོབ་རྒྱལ་ཁབ་ནེའུ་ཌར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསུམ་ལ་མང་མོས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཆོད་གཏན་འབེབས་ཡོད་ཅིང་། དེ་ནི་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་མ་ཟད། ཡུལ་དེའི་གྲོས་ཚོགས་འཐུས་མི་ཚོས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ལ་འཛིན་པའི་གཅིག་གྱུར་གྱི་སྲིད་ཇུས་ཤིག་གཏན་འབེབས་ཡོང་ཐབས་གནང་རྒྱུ་ཡིན་འདུག

ནེའུ་ཌར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་བའི་གྲོས་ཆོད་ནང་། གཅིག ཡུ་རོབ་གྲོས་ཚོགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པ་དང་ཨ་རི་ནང་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཤིག་གཏན་འབེབས་ཡོང་ཐབས་བྱེད་དགོས་པ། གཉིས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་ཐེ་གཏོགས་བྱེད་བཞིན་པར་དགག་པ་རྒྱག་རྒྱུ་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཚོགས་སྡེ་ཁག་ལ་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་རྒྱུ། གསུམ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གསལ་འདོན་བྱ་རྒྱུ་བཅས་རེད་འདུག

སྤྱིར་ད་ལན་གྱི་གྲོས་ཆོད་དེ་ནི། འདས་ལོའི་ཕྱི་ཟླ་ ༡༠ ནང་ནེའུ་ཌར་ལན་ཌིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུལ་དེའི་ནང་ཕེབས་པ་དང་བསྟུན་ཉན་ཞིབ་ཅིག་འཚོགས་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་བོད་ནང་དུ་དྲག་གནོན་གྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ཞུ་གཏུག་གནང་བ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཞུ་སྐུལ་གནང་བ་དང་གཅིག   གཉིས་ནས་ནེའུ་ཌར་ལན་ཌིའི་ནང་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་འདི་ལོའི་གསུམ་བཅུ་དུས་དྲན་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རེ་ཆ་ཌི་གྷའེ་རེ་མཆོག་གི་གཙོས་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་བོད་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཞུ་གཏུག་བྱས་པའི་ཤུགས་རྐྱེན། དེ་བཞིན། ཡུལ་དེའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ཞིག་གིས་བོད་དང་། ཡུ་གུར། ཧོང་ཀོང་། ལྷོ་སོག་མི་རིགས་བཅས་ཀྱི་ཆེད་དུ་ཕྱག་ལས་གནང་གི་ཡོད་པ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གསལ་འདུག

ཐེངས་འདིའི་གྲོས་ཆོད་ངོ་སྤྲོད་གནང་མཁན་གྱི་ཁྲོད་དུ། གྲོས་ཚོགས་འཐུས་མི་ཇན་པཱ་ཊར་ནོ་ཊི་  (Jan Paternotte) ལགས་དང་། ཁ་ར་མན་ (Isa Kahraman) ལགས། བྷོ་སི་ཝི་ཀི་(D.G. Boswijk) ལགས། ཌར་བྷག (E.Van der Burg) ལགས། བན་བྷེར་ལེ་ ( S.R.T. Van Baarle) ལགས། བན་ཌར་ལི (T.M.T. van der Lee) ལགས། D.G.M. Cedar ལགས། ཁུ་རེ་སི་སི་ཊོ་ཧྥར་Chris Stoffer ལགས། མཱར་ཊིན་ (Martin Oostenbrink) ལགས། ཇོའུ་ (Joi NB) ལགས། Don Ceder ལགས་བཅས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese