མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་འཚོག

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

མིའི་ཀུན་སྤྱོད་བཟང་པོ་ཡོང་རྒྱུ་དང་ཚང་མ་མཐུན་པོ་ཡོང་རྒྱུ་དེ་ལས་འགན་གཙོ་བོ་ཡིན་པས་ང་ཚོ་མཐུན་པོ་བྱས་ཏེ་མཉམ་དུ་བསྡད་ཐུབ་རྒྱུ་དེ་ངོས་ཀྱི་དམིགས་ཡུལ་གཙོ་བོ་ཡིན་ཞེས་གསུངས།

༧གོང་ས་མཆོག་ནས་རྒྱ་རིགས་ཚན་རིག་པའི་ལྷན་དུ་བགྲོ་གླེང་གནང་། ༢༠༢༥།༠༥།༠༢ སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།

དེ་རིང་ཕྱི་ཚེས་ ༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་རིགས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་ནང་ཆོས་དང་འབྲེལ་བའི་བགྲོ་གླེང་ཐེངས་གསུམ་པ་གནང་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ནང་༧གོང་ས་མཆོག་ནས་རྒྱ་རིགས་ཚན་རིག་པ་ལྷན་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་ཚན་རིག་ཐོག་བགྲོ་གླེང་ཐེངས་དང་པོ་འཚོག་ཡོད་པ་རེད།

བགྲོ་གླེང་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་རྒྱ་གར་དུ་བཙན་བྱོལ་བ་ཆགས་ཏེ་བསྡད་པའི་རིང་ལུང་པ་འདྲ་མིན་ནས་ཡོང་པའི་ཚན་རིག་པ་དང་ཆོས་པ་སོགས་ལ་ཐུག་པའི་གོ་སྐབས་ཡག་པོ་འདུག ངོས་རང་གི་རེ་བར་རྒྱ་ནག་ནང་མཁས་པ་རྣམས་འཛོམས་ཏེ་ཚོགས་འདུ་ཞིག་འཚོག་ཐུབ་ན་བསམ་གྱི་ཡོད། རྒྱ་ནག་ནང་དུ་ནང་པ་མང་པོ་འཕེལ་ཡོང་གིན་ཡོད་པ་བཤད་ཀྱི་འདུག རྒྱ་ནག་ནང་དུ་ནང་པའི་ཆོས་ཡག་པོ་དར་བ་ཡིན་ཚེ། དེས་ཕན་ཐོགས་ཏན་ཏན་ཡོད་པ་རེད། ངོས་རང་བཙན་བྱོལ་བ་བྱས་ཏེ་ལུང་པ་གང་སར་ནས་ཡོང་བའི་མི་ཐུག་ཡོད་ཅིང། དེའི་ནང་ནས་ཚན་རིག་པའང་མང་པོར་ཐུག་གི་ཡོད། ངོས་རང་ཆུང་ཆུང་སྐབས་ནས་བསྡུས་གྲྭ་བསླབ། ཁ་དོག་དཀར་དམར་ནས་བཟུང་དབུ་མ་དང་ཕར་ཕྱིན་བར་དཔེ་ཆ་མང་པོར་བལྟས་པ་རེད། དཔེ་ཆ་བལྟས་པ་དེ་རྒྱུ་མཚན་བྱས་ཏེ་རྒྱ་གར་དུ་བསླེབས་རྗེས་ཚན་རིག་མང་པོར་ཐུག་པ་རེད། མཁས་དབང་མང་པོར་ཐུག་སྟེ་སོ་སོའི་བསམ་བློ་རྒྱ་ཆེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་འདུག དེང་སང་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག ད་ལྟ་ང་ཚོའི་གལ་ཆེ་བ་ཞིག་ནི་མིའི་ཀུན་སྤྱོད་བཟང་པོ་ཡོང་རྒྱུ་དང་། སེམས་བཟང་པོ་ཡོང་རྒྱུ། ང་ཚོ་ཚང་མ་མཐུན་པོ་ཡོང་རྒྱུ་དེ་ལས་འགན་གཙོ་བོ་ཡིན། གང་ལྟར་ང་ཚོ་མཐུན་པོ་བྱས་ཏེ་མཉམ་དུ་བསྡད་ཐུབ་རྒྱུ་དེ་ངོས་ཀྱི་དམིགས་ཡུལ་གཙོ་བོ་རེད། རྒྱ་ནག་ནང་དུ་ནང་ཆོས་བྱེད་མཁན་ཇེ་མང་དུ་འགྲོ་བའི་བཟོ་ཞིག་འདུག ཅེས་གསུངས་སོང་།

ཡང་མུ་མཐུད་༸མགོན་པོ་གང་ཉིད་མཆོག་ནས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་པའི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག  ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་དུས་སེམས་ཁམས་རིག་པ་དང་འབྲེལ་ནས་བཤད་ཀྱི་ཡོད་པ་མ་གཏོགས། དེ་སྔ་ང་ཚོས་སྨོན་ལམ་རྒྱག་བཞིན་པ་དེ་བཤད་ཀྱི་མེད། འཛམ་གླིང་འདིར་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད་པ་རེད། དེ་རྒྱུ་མཚན་ལྡན་པ་རེད། ཞི་བདེ་ཡོང་བའི་མ་རྩ་སེམས་འདུལ་བ་དགོས་ཀྱི་འདུག  སེམས་ལ་ཞི་བདེ་ཡོད་ན་འཛམ་བུ་གླིང་ཞི་བདེ་ཡོང་ཐུབ་པ་དང་། སེམས་ལ་ཞི་བདེ་མེད་ན་ཁ་ནས་ཞི་བདེ་ཞེས་ལབ་ཀྱང་ཕན་རྒྱུ་མི་འདུག ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ངོས་རང་ལ་མོས་པ་ཆེན་པོ་ཡོད། ང་ཚོ་ཚང་མ་འཆམ་པོ་དང་མཐུན་པོ་དགོས། མི་རིགས་ཕན་ཚུན་བར་གྱི་བརྩེ་བ་གལ་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད།ངོས་རང་རྒྱ་གར་དུ་བཙན་བྱོལ་བ་བྱས་ཏེ་བསྡད་དུས། ལུང་པ་འདྲ་མིན་གྱི་ཚན་རིག་པ་མང་པོ་ཐུག་གི་ཡོད། ཚན་རིག་པའི་ཁྲོད་སེམས་ཁམས་རིག་པའི་ཚན་རིག་པ་ཐུག་དུས་ཕན་ཐོགས་ཆེན་པོ་འདུག  ང་ཚོ་ནང་པའི་གཞུང་གི་ནང་དུ་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་མང་པོ་ཡོད། ཚན་རིག་པས་སེམས་ཁམས་རིག་པའི་ཐོག་བཤད་པ་དེ་ང་ཚོས་གོ་བསྡུར་བྱེད་པར་ཕན་ཐོགས་ཆེན་པོ་འདུག ཀླད་པའི་སྐོར་གྱི་ཚན་རིག་མཁས་པས་བཤད་པ་དང་ང་ཚོའི་དཔེ་ཆ་ནང་དུ་བཤད་ཡོད་པ་དེ་གཉིས་གོ་བསྡུར་བར་ཕན་ཐོགས་ཆེན་པོ་འདུག རྒྱ་གར་རང་དབང་ལུང་པའི་ནང་ཆོས་ལུགས་འདྲ་མིན་གྱི་མི་ཡོད་དུས། སེམས་ཁམས་རིག་པའི་ཚན་རིག་པ་དང་འཕྲད་དུས་དཀའ་ངལ་གང་ཡང་མེད་པའི་ཕན་ཐོགས་ཆེན་པོ་འདུག ཅེས་གསུངས་སོང་།

དེ་ནས་རྒྱ་རིགས་ཚན་རིག་པ་ཞིག་གིས། སྤྱིར་ཚན་རིག་པ་སྤྱི་ཡོངས་ནས་ཤེས་པ་ནི་ཀླད་པའི་ཆ་ཤས་སུ་འདོད་ཀྱང་། དེང་ཚན་ཚན་རིག་པ་གྲགས་ཅན་འགའ་ཞིག་གིས་ཤེས་པ་ཀླད་པའི་ཆ་ཤས་སུ་འདོད་ཀྱིན་མེད། ནང་པ་ལྟར་ན། ཤེས་པ་ཕྲ་མོ་དེ་གཟུགས་ཅན་ཡིན་པ་དང་། འཁོར་འདས་ཀྱི་རྩ་བར་འདོད་དམ། ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་ནས། སྤྱིར་ང་ཚོས་ལུས་དང་སེམས་གཉིས་སུ་དབྱེ་ཡི་འདུག སེམས་ཀྱི་ཐོག་སླེབས་དུས་རྣམ་པར་ཤེས་པ་དང་། སྒོ་ལྔའི་ཤེས་པ། ཡིད་ཀྱི་ཤེས་པ་སོགས་འདྲ་མིན་འདུག ཤེས་པ་བརྟན་པོ་ཡོང་བར་སྒོམ་རྒྱག་ན་ཧ་ཅང་ཕན་གྱི་འདུག ངོས་ཀྱིས་ཀྱང་ཞོགས་པ་རྟག་ཏུ་གཉིད་སད་པ་དང་བསམ་བློ་བཏང་སྟེ་སྒོམ་ཅུང་ཙམ་རྒྱག་གི་ཡོད། དེས་བསམ་བློ་གསལ་དུ་འགྲོ་བར་ཁྱད་པར་འདུག ཤེས་པ་གསལ་བོ་བྱུང་ཚེ་དཔྱད་པ་གཏོང་བའི་ནུས་པ་ཆེན་པོ་འདུག སྔོན་ན་ལེནྡྲའི་མཁས་པ་ཚོས་ནང་པའི་ཚད་མ་རིག་པ་གསུངས་ཡོང་དུས་དཔྱད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་བརྩིས་ཡོད། ངོས་རང་ན་ལེནྡྲའི་མཁས་པ་ཚོའི་རྗེས་འབྲངས་ཆགས་བསྡད་ཡོད། དཔྱད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་བརྩིས་ཡོད། ཚད་མ་རྣམ་འགྲེལ་གྱི་ཐོག་རིག་པས་དཔྱད་པ་བྱེད་སྟངས་དེ་ཚན་རིག་པས་བཤད་དུས་གཉིས་ཆར་ཕན་ཐོགས་ཡོང་གི་འདུག སེམས་ཁམས་རིག་པའི་ཚན་རིག་པ་དང་ཐུག་དུས་ངོས་ཀྱང་ཚན་རིག་པ་བཞིན་ཆགས་ཀྱི་ཡོད། ཡིན་ནའང་། སེམས་ཁམས་རིག་པའི་ནང་རིག་པ་ཕྲ་རགས་ཀྱི་སྐོར་མང་པོ་བཤད་དགོས། དེ་དག་ནི་དཔེ་ཆའི་ནང་དུ་བཤད་པ་བཞིན་ཞིབ་ཚགས་དང་ཁུངས་འཁྱོལ་བ་ཆགས་དགོས། ངོས་ཀྱིས་མངོན་པ་མཛོད་དེ་གལ་ཆེན་པོ་དང་གནད་འགག་ཞིག་ཏུ་མཐོང་གི་མི་འདུག གང་ལྟར་དབུ་མ་དང་ཕར་ཕྱིན་ནི་གཙོ་བོ་རིག་པའི་ལམ་ནས་ཤེས་བྱའི་གནས་ཚད་གཏན་ལ་ཕབ་པར་ཧ་ཅང་ཞིབ་ཚགས་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 4

  1. བཟོད་པ་ལྷ་རྩེ། says:
    ཟླ་བ། 9 སྔོན།

    འགོག་ངེས་ཤེས་པ་ཟེར་ན་གང་ཟེར་གྱི་ཡོད་དམ། སྒོ་ལྔའི་ཤེས་པ་ཟེར་བ་ཡིན་གྱི་བསམ། སྒོ་ལྔའི་ཤེས་པ་ནི་དབང་ཤེས་ལྔ་སྟེ། མིག་གི་ཤེས་པ། རྣ་བའི་ཤེས་པ། སྣའི་ཤེས་པ། ལྕེའི་ཤེས་པ། ལུས་ཀྱི་ཤེས་པ་བཅས་ལ་གོ་དགོས། འགོག་ངེས་ཤེས་པ་ཟེར་བའི་ཐ་བརྙད་ཞིག་གང་དུ་ཡོད་དམ།

    Reply
    • བོད་ཀྱི་དུས་བབ། says:
      ཟླ་བ། 9 སྔོན།

      བཟོད་པ་ལྷ་རྩེ་ལགས། ཐུགས་སྣང་བྱུང་བར་བཀའ་དྲིན་ཆེ།

      Reply
  2. ཕུན་ཚོགས says:
    ཟླ་བ། 9 སྔོན།

    འགོག་ངེས་ཤེས་པ་ཟེར་ན་ནོར་མེད་དམ་སྙམ། སྒོ་ལྔའི་ཤེས་པ་ཡིན་གྱི་རེད།

    Reply
    • བོད་ཀྱི་དུས་བབ། says:
      ཟླ་བ། 9 སྔོན།

      ཕུན་ཚོགས་ལགས། ཐུགས་སྣང་བྱུང་བར་བཀའ་དྲིན་ཆེ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese