མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་གི་གཞུང་འབྲེལ་མཛད་རིམ་གྲུབ་རྗེས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱེམ་མེ་སི་མཱ་ལོ་ནི་ལགས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་འདུག

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣ སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༣ ཉིན་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱེམ་མེ་སི་མཱ་ལོ་ནི་ (James Maloney) ལགས་དང་། གྲོས་ཚོགས་འཐུས་མི་ཁཱ་རེམ་བྷར་དྷི་སི་ (Karim Bardeesy) ལགས། དེ་བཞིན་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རེ་ཧྥི་ཝི་རཱ་ནི་(Arif Viran)ལགས་བཅས་ལ་མཇལ་འཕྲད་གནང་ཡོད་ཅིང། སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས་དང་། ཁེ་ན་ཌའི་བོད་རིགས་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་གཉིས་ཀྱང་ལྷན་བཞུགས་གནང་ཡོད་འདུག

དེ་འབྲེལ་གནས་ཚུལ་ཞིག་གྲོས་ཚོགས་འཐུས་མི་ཇཱེམ་མེ་སི་མཱ་ལོ་ནི་ལགས་སྒེར་གྱི་ངོ་དེབ་ཐོག་སྤེལ་བའི་ནང་། དེ་རིང་ཞོགས་པར་ང་རང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་བྱུང་། བོད་མིའི་སྒྲིག་འཛུགས་ནི་བོད་མིའི་ཐོབ་ཐང་དང་། རང་དབང་། རིག་གཞུང་ཆེད་ཞབས་འདེགས་ཞུ་བཞིན་པའི་བཙན་བྱོལ་གྱི་དམངས་གཙོའི་གཞུང་ཞིག་ཡིན། རང་ཉིད་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་དང་བོད་པ་མང་པོ་སྡོད་སའི་ཁུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་འདིའི་ཞི་བདེ་དང་། བྱམས་བརྩེ། བརྟན་བརླིང་ཆེད་དུ་ལངས་ཐུབ་པར་སྤོབས་པ་སྐྱེ་བཞིན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་རྣམ་གཉིས་ནས་མུ་མཐུད་དུ་ཞི་བདེའི་ཐབས་ལམ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་བར་འགྱུར་བ་མེད་པའི་ཐོག་ནས་དབུ་ཁྲིད་གནང་བཞིན་ཡོད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་ཨི་ཐ་ཁར་ (Ithaca) ས་གནས་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་བོད་རིགས་རྣམས་ལ་ཐུག་འཕྲད་གནང་ཡོད་ཅིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛམ་གླིང་ནང་དྲག་སྤྱོད་དང་དམག་འཁྲུག་མུ་མཐུད་བྱེད་བཞིན་པའི་དུས་སྐབས་འདིར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྗེས་འབྲང་བ་ཡིན་པའི་ཆ་ནས། བྱམས་སྙིང་རྗེའི་བཀའ་སློབ་གོང་མཐོར་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གལ་གནད། བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་ཁག་ལས་གྲངས་འཛིན་དཔེ་མཛོད་དང་། སྡོད་ཁང་གསར་རྒྱག་གི་ལས་གཞི་སོགས་ཀྱི་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་ཨེམ་ཧར་སི་ (Amherst) རུ། སྲིད་སྐྱོང་མཆོག་གིས་ཨེམ་ཧར་སི་གནས་སྡོད་བོད་རིགས་མི་མང་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་ནང་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་ལས་བྱེད་བཅས་ཁྱོན་བསྡོམས་གནད་ཡོད་མི་སྣ་ ༢༦ དང་ལྷན་དུ་མཇལ་འཕྲད་གནང་སྟེ། ༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙིའི་སྐོར་དང་།  ཨ་རིའི་རོགས་དངུལ་གྱི་སྐོར། དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་མ་དངུལ་མཚམས་འཇོག་གི་གནད་དོན་སྐོར་ལ་གྲོས་མོལ་གནང་ཡོད་སྐོར་སོགས་གསུངས་ཡོད་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་གཞོན་སྐྱེས་རྣམས་ལ་བརྙན་རིས་བརྒྱུད་ནས་བོད་མཐོ་སྒང་གི་གལ་གནད་སྐོར་དང་།  རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གཙོས་པའི་ལས་གཞི་དེ་དག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་སྐོར།  སློབ་དཔོན་ལའོ་ལགས་དང་། མ་ཧི་ཀལ་ཝན་ཝལ་པ་རག་ལགས་ཀྱིས་བརྩམས་པའི་དཔེ་དེབ་ཀློག་དགོས་པའི་གལ་གནད་དང་། ཕྱི་ཟླ་  ༦ ཚེས་ ༢༤ ནས་བཟུང་ཞུ་གཏུག་ཉིན་མོ་(Lobby Day) ཞེས་པའི་ནང་བོད་རིགས་གཞོན་སྐྱེས་གང་མང་མཉམ་ཞུགས་གནང་སྟེ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་གླེང་སློང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese