མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཁྱོན་ ༤༡༦ མཉམ་ཞུགས་བྱས་ཏེ། སློབ་ཕྲུག་གྲངས་ ༤༡༡ གིས་ཡིག་རྒྱུགས་འཕྲོད་ཡོད་ཅིང་། འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྩེ་ཕུད་ལེན་མཁན་སེ་ལ་ཀུ་བོད་ཁྱིམ་རེད་འདུག

བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥

ཉེ་ལམ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་དང་བཅུ་བའི་ཡིག་རྒྱུགས་གྲུབ་འབྲས་ཡོངས་བསྒྲགས་བྱས་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་བོད་ཁྱིམ་དང་སམ་བྷོ་ཊ། བོད་སློབ་འཛིན་ཚོགས་བཅས་ཀྱི་འབྲེལ་ཡོད་ལ་བཀའ་འདྲི་ཞུ་ཐབས་བྱས་པ་ཡིན་མོད། བོད་ཕྲུག་ཁྱིམ་སྡེའི་འབྲེལ་ཡོད་མ་གཏོགས་བོད་སློབ་གཞན་ལ་འབྲེལ་བ་བྱེད་ཐུབ་མ་སོང་ལ། གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་སེ་ལ་ཀུ་བོད་ཁྱིམ་གྱིས་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༧༦།༧ བླངས་ཏེ་བོད་ཁྱིམ་སློབ་གྲྭ་ཚང་མའི་ནང་ནས་ཨང་དང་པོ་དང་། གོ་པལ་པུར་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༠།༨ བླངས་ཏེ་ཨང་གཉིས་པ། དྷ་སྟེང་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༦༨།༤ བླངས་ཏེ་ཨང་གསུམ་པ་བཅས་ཆགས་ཡོད། དེ་བཞིན། བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད། སེ་ལ་ཀུ་བོད་ཁྱིམ་གྱིས་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༨༥།༤ བླངས་ནས་ཨང་དང་པོ་དང་། དྷ་སྟེང་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༣།༢ བླངས་ནས་ཨང་གསུམ་པ། སུ་ཇཱ་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༦༩།༨ བླངས་ཏེ་ཨང་གསུམ་པ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༢༥ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༤༡༦ མཉམ་ཞུགས་བྱས་ཏེ། སློབ་ཕྲུག་གྲངས་ ༤༡༡ གིས་ཡིག་རྒྱུགས་འཕྲོད་ཡོད་ཅིང་། དེའི་ཁྲོད་དུ་བུ་མོ་ ༢༢༠ དང་བུ་ ༡༩༡ ཡོད་འདུག དེ་བཞིན་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད། སློབ་མ་ཁྱོན་ ༥༤༩ ཞུགས་ཤིང་། སློབ་མ་ ༥༤༥ ཡིས་ཡིག་རྒྱུགས་འཕྲོད་པའི་ཁྲོད་བུ་ ༢༣༨ དང་བུ་མོ་ ༣༠༧ ཡོད་འདུག་ལ། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་མཉམ་ཞུགས་བྱེད་མཁན་སློབ་གྲྭ་ཁག་ལྔའི་ཡིག་རྒྱུགས་འཕྲོད་པའི་ཆ་སྙོམས་བརྒྱ་ཆ་ ༧༢།༢ ཡིན་པ་དང་། འཛིམ་རིམ་བཅུ་བའི་ཡིག་རྒྱུགས་ནང་ཞུགས་མཁན་སློབ་གྲྭ་ཁག་བདུན་གྱི་ཆ་སྙོམས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༦༩།༤ ཡིན་འདུག

འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་ལྷ་ཡིས་བརྒྱ་ཆ་ ༩༤།༨༠ བླངས་ནས་ཨང་དང་པོ་དང་། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་ཚེ་དབང་རྒྱལ་མཚན་གྱིས་བརྒྱ་ཆ་ ༩༤།༤༠ བླངས་ནས་ཨང་གཉིས་པ། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འོད་ཟེར་གྱིས་བརྒྱ་ཆ་ ༩༤།༢༠ བླངས་ཏེ་གསུམ་པ་བཅས་རེད་འདུག་ལ། དེ་བཞིན། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཀུན་གསལ་དང་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཉི་མ་མཚམས་ཆོས། གོ་པལ་པུར་བོད་ཁྱིམ་གྱི་སློབ་མ་བཀྲ་ཤིས་དབྱངས་འཛོམས། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་འཛོམས། དྷ་སྟེང་བོད་ཁྱིམ་གྱི་སློབ་མ་པདྨ་ཀུན་བཟང་བླ་མ། གོ་པལ་པུར་གྱི་སློབ་མ་བསྟན་འཛིན་འཛོམས་པ་བཅས་ཀྱིས་གོ་རིམ་བཞིན་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས་འདུག

འཛིན་རིམ་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། བོད་ཁྱིམ་སློབ་གྲྭ་ཁག་བདུན་གྱི་བརྒྱ་ཆ་ ༩༠ ཡན་ལོན་པའི་སློབ་མ་ཁྱོན་ ༢༡ ཡོད་ཅིང་། དེ་དག་གི་ཁྲོད་ནས་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་ཉིད་ལ་གྲུབ་འབྲས་བརྒྱ་ཆ་ ༩༦།༦ ཐོབ་སྟེ་ཨང་དང་པོ་དང་སེ་ལ་ཀུའི་སློབ་མ་ཀརྨ་ཆོས་སྐྱིད་དོན་འགྲུབ་ལ་བརྒྱ་ཆ་ ༩༤།༤ ཐོབ་སྟེ་ཨང་གཉིས་པ་བླངས། ཅོན་ཏཱ་ར་བོད་ཁྱིམ་གྱི་སློབ་མ་ལ་དགའ་འཛོམས་པས་བརྒྱ་ཆ་ ༩༤ བླངས་ཏེ་ཨང་གསུམ་པ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese