མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊོམ་ཕུ་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ཨ་རིར་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་ཊོམ་ཕུ་སྲིད་གཞུང་གིས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་རྣམས་ཨ་རིར་ཡོང་རྒྱུ་གཏན་འགོག་དང་རྒྱལ་ཁབ་ ༧ གྱི་མི་སེར་ལ་དམ་དྲག་བྱ་རྒྱུ་ཡིན་འདུག

President Donald Trump gestures after speaking during a summer soiree on the South Lawn of the White House, Wednesday, June 4, 2025, in Washington

ཁ་སང་ཕྱི་ཚེས་ ༤ ཉིན་གྱི་དགོང་མོར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་གཞུང་གིས་ཨ་རིའི་གཞུང་དམངས་གཉིས་ཀྱི་བདེ་འཇགས་ལ་དམིགས་ནས་ཨི་རན་དང་། ཨབ་གྷ་ནི་སི་ཐན་གཙོས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ཨ་རིར་ཡོང་བར་གཏན་འགོག་དང་། གཞན་རྒྱལ་ཁབ་བདུན་གྱི་མི་སེར་ལ་དམ་དྲག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཏེ།  ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག

གནད་དོན་དེའི་ཐད་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཨ་རིར་ཡོང་ནས་མི་དམངས་ལ་གནོད་འཚེ་གཏོང་འདོད་མཁན་རྣམས་ཨ་རིར་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན། ང་ཚོས་ཨ་རི་བདེ་སྲུང་བྱེད་བཞིན་པར་སུ་ཞིག་གིས་འགོག་རྐྱེན་བཟོ་ཐུབ་ཀྱི་མེད། ཅེས་གསུངས་འདུག་ལ། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་འབྲེལ་མཐུད་པའི་དྲུང་གཞོན་སྐུ་ཞབས་ཨ་བྷི་གྷལ་ཇེག་སིན་(Abigail Jackson ) ལགས་ཀྱིས། སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས་ཡིད་སེམས་བརྟན་པོའི་ཐོག་ནས་ཕྱི་རྒྱལ་གྱི་གྲགས་ཅན་མི་སྣ་སོགས་ཨ་རིར་ཡོང་ནས་མི་དམངས་ལ་གནོད་འཚེ་གཏོང་བར་སྲུང་སྐྱོབ་བྱེད་ཀྱི་ཡོད། དམ་དྲག་དེ་དག་ནི་ཆེད་དུ་ཞིབ་བཤེར་ལེགས་པོ་མེད་པའི་ས་ཚིགས་དང་། ཆེད་ལས་པའི་ཐོངས་མཆན་འཁྱེར་ནས་ཨ་རིར་གནས་སྡོད་ཀྱི་དུས་ཡུན་ཚད་ལས་བརྒལ་བ། དེ་བཞིན་ངོ་སྤྲོད་ལག་ཁྱེར་དང་ཉེས་གསོག་གི་གནས་ཚུལ་སྦས་སྐོང་བྱེད་བཞིན་པ་རྣམས་ཀྱི་ཆེད་དུ་རེད། ཅེས་བརྗོད་འདུག

ཊོམ་ཕུ་གཞུང་གིས་ཨ་རིར་གཏན་འགོག་བྱས་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་ཁྲོད། ཨབ་གྷ་ནི་སི་ཐན། འབར་མ། དབུས་ཨ་ཧྥི་རི་ཁའི་ཆ་ཊི་(Chad)།  ཁོན་བྷོ་སྤྱི་མཐུན་རྒྱལ་ཁབ་(Republic of the Congo)། དབུས་ཨ་ཧྥི་རི་ཁའི་ཨ་ཀེ་ཌོ་རིལ་གྷི་ནི་(Equatorial Guinea)། ཤར་ཨ་ཧྥི་རི་ཁའི་ཨེ་རི་ཊི་རི་ཡ་(Eritrea) ། ཧེ་ཊི་(Haiti)། ཨི་རན། ལི་བྷི་ཡ་(Libya)། སོ་མོ་ལི་ཡ་(Somalia)། སུ་ཌན་(Sudan) དང་ཡ་མན་(Yemen) རྒྱལ་ཁབ་བཅས་ཡོད་ཅིང་། དམ་དྲག་ནན་མོ་བྱ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་ཁྲོད། བྷུ་རུན་དྷི་(Burundi)། ཁུ་བྷ་(Cuba) ། ལའོ་སི། སེ་ཨེ་ར་ལུ་ནི་( Sierra Leone) ། ཊོ་གྷོ་(Togo)། ཊུག་མི་ནི་སི་ཐན་(Turkmenistan) དང་ཝེ་ནི་ཛུ་ལ་(Venezuela) བཅས་ཡོད་འདུག

ཁ་སང་ཊོམ་ཕུ་གཞུང་གིས་རྒྱལ་ཁབ་དེ་དག་གི་མི་སེར་རྣམས་ཨ་རིར་ཡོང་རྒྱུ་གཏན་འགོག་དང་དམ་དྲག་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་རྗེས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་དག་ཅིག་གིས། ཊོམ་ཕུ་ཕྱིར་ཕུད་གཏོང་དགོས། སྐྱབས་བཅོལ་བ་རྣམས་ཨ་རིར་ཕེབས་ཆོག ཅེས་པའི་འཕྲེད་དར་སོགས་འཕྱར་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། མི་རིགས་དང་རྒྱལ་ཁབ་དམིགས་སུ་བཀར་ནས་བཀག་སྡོམ་བྱས་པ་དེས། མི་རིགས་དབྱེ་འབྱེད་དང་གོ་ལ་ཡོངས་ལ་བརྡ་ལན་ངན་པ་ཞིག་སྤྲོད་ཀྱིན་ཡོད་པའི་མུར། དྲག་གནོན་དང་གཉའ་གནོན་ལ་རྒོལ་ནས་ཨ་རིར་ཡོང་མཁན་རྣམས་ཀྱི་ཐོབ་ཐང་ལ་བརྩི་འཇོག་མ་བྱས་པ་ཡིན་པའི་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱས་འདུག

དེ་བཞིན་ཉེ་ལམ་ཨ་རིར་ཁོ་ལོ་རི་ཌ་ཁུལ་དུ་ཨི་ཇིབ་ཀྱི་མི་སེར་ཞིག་གིས་དྲག་རྒོལ་བྱས་ནས་མི་སེར་ལ་གནོད་འཚེ་བཏང་ཡོད་ནའང་། ཊོམ་ཕུ་སྲིད་གཞུང་གིས་ཨི་ཇིབ་ཀྱི་མི་སེར་རྣམས་ཨ་རིར་གཏན་འགོག་མི་བྱེད་པའི་ཐད་མང་ཚོགས་ཁྲོད་དྲང་ལྡོག་གཉིས་ཀྱི་ཐད་ནས་བསམ་ཚུལ་མང་དག་ཅིག་ཡོང་གི་ཡོད་སྟབས། གནད་དོན་དབྱེ་ཞིབ་པ་དག་གིས། ཨ་རི་དང་ཨི་ཇིབ་གཉིས་ཀྱིས་དམག་དོན་དང་བདེ་སྲུང་གི་ཐད་ནས་མཉམ་ལས་མང་དག་ཅིག་བྱེད་མུས་ཡིན་པ་མ་ཟད། འདས་ལོར་ཨ་རིས་ཨི་ཇེབ་ཀྱི་དམག་དོན་བདེ་སྲུང་སླད་ཨ་སྒོར་ཐེར་འབུམ་༡། ༤ ཡི་འགྲོ་གྲོན་བཏང་ཡོད་པས། ཕྱོགས་གཉིས་ཀྱི་བདེ་སྲུང་དང་དམག་དོན་གྱི་མཉམ་ལས་ལ་ཤུགས་རྐྱེན་མི་ཐེབས་སླད། ད་ལན་ཨི་ཇིབ་བཀག་སྡོམ་བྱས་མེད་པའི་ཚོད་དཔག་བྱེད་ཀྱིན་འདུག

ཕྱི་ལོ་ ༢༠༡༧ ལོར་ཊོམ་ཕུ་མཆོག་གི་སྲིད་འཛིན་ལས་ཡུན་དང་པོའི་སྐབས། ཨ་རིས་ཁ་ཆེ་རྒྱལ་ཁབ་བདུན་གྱི་མི་སེར་རྣམས་ཨ་རིར་གཏན་འགོག་བྱེད་ཐབས་བྱས་ཡོད་ཀྱང་། དམངས་གཙོ་ཚོགས་པའི་ཚོགས་མི་ཁག་གིས་མི་སྒེར་དང་ཆོས་ལུགས་དམིགས་སུ་བཟུང་ནས་འགྲིམ་འགྲུལ་བཀག་སྡོམ་བྱས་པ་ནི་ཁྲིམས་སྒྲིག་དང་འགལ་བ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་རྐྱེན། ཨ་རིའི་ནང་རྙོག་འཛིང་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ནས་ལམ་ལྷོང་མ་བྱུང་བ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese