མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཚབ་དོན་གཅོད་ཀྱི་ལོ་འཁོར་ཚོགས་འདུ་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་གོ་སྟོན་སྲུང་གཙི་ཞུ་ཕྱོགས་དང་། ཆབ་སྲིད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྐོར། འཛིན་སྐྱོང་འབྲེལ་ཡོད་སོགས་ཀྱི་ཐོག་བགྲོ་གླེང་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས། ༢༠༢༥།༠༦།༠༩ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༩ ཉིན་གྲངས་བཞི་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག  བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དང་། རྒྱལ་སྤྱིའི་ལམ་སྲོལ་དང་མཐུན་པའི་སྣེ་ཤན་བྱེད་ཕྱོགས་ཟབ་སྦྱོང་གཉིས་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁང་ཁག་ ༡༣ གྱི་སྐུ་ཚབ་དོན་གཅོད་དང་འབྲེལ་མཐུད་པ་རྣམས་ཀྱིས་མཉམ་ཞུགས་གནང་ཏེ། ཟབ་སྦྱོང་སྣེ་ཤན་དང་འབྲེལ་བའི་ལས་དོན་ཐོག་གི་ཁྱད་ལས་སྡེ་ཁག་ (Protocol International) གི་སྐུ་ཞབས་མག་ཝར་ཧིལ་ (Mark Verheul) ལགས་དང་། ལྕམ་མར་སི་མེ་ལི་ (Maryse Larche Mele) ལགས་གཉིས་ཀྱིས་ཟབ་ཁྲིད་གནང་འདུག

ཐེངས་འདིའི་ཟབ་སྦྱོང་གི་སྐོར་ལ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བ་གྲོལ་བ་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམས་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་ཡོད། ཚོགས་འདུ་སྐབས་སུ་༧སྐུའི་གོ་སྟོན་སྲུང་གཙི་ཞུ་ཕྱོགས་ཐད་འདས་ལོ་ནས་གྲ་སྒྲིག་བྱས་པའི་ལྷག་མ་བསྐྱར་དུ་གོ་བསྡུར་བྱས་ཡོད། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཀྱི་སྐུ་ཚབ་དོན་གཅོད་རྣམས་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཐོག་གོ་བསྡུར་བྱས་ཡོད། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་སྐོར། འཛིན་སྐྱོང་འབྲེལ་ཡོད་ཀྱི་སྒྲིག་གཞི་ཆེ་ཁག་བཞིའི་སྐོར་ལ་གོ་བསྡུར་ལྷུག་པོ་དང་ཚོགས་འདུ་ཚགས་ཚད་བྱུང་སོང་། ཞེས་བརྗོད་འདུག

ཡང་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༨ ནས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་ལམ་ལུགས་དང་མཐུན་པའི་སྣེ་ཤན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པ་ཡིན། ཟབ་སྦྱོང་འདི་དྷ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་གྱི་ལས་བྱེད་རྣམས་ལ་ཐེངས་གཉིས་གོ་སྒྲིག་ཞུས་ཡོད། སྣེ་ཤན་དང་འབྲེལ་བའི་ལས་དོན་རྣམས་གལ་ཆེན་པོ་ཡིན་པས། སྐུ་ཚབ་དོན་གཅོད་རྣམ་པས་སོ་སོའི་ཁྱབ་ཁོངས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་རྣམས་ལ་ཐུག་འཕྲད་བྱེད་པར་གལ་ཆེན་པོ་དགོངས་ནས་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་སྤྲོད་མཁན་རྣམས་ཀྱང་རྒྱལ་སྤྱིའི་ཐོག་ཚད་དང་ལྡན་པའི་ཚོགས་པ་ཞིག་རེད། སྐུ་ཚབ་དོན་གཅོད་རྣམས་ལ་བཀའ་འདྲི་ཞུ་དུས་ཟབ་སྦྱོང་གིས་ཕན་ཐོགས་འདུག་ཅེས་བརྗོད་ཀྱི་འདུག ཅེས་བརྗོད་བྱུང་།

དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། སྐུ་ཚབ་དོན་གཅོད་རྣམ་པ་ནི་གཞུང་ཚབ་ཁང་གི་ངོ་བོའི་ཐོག་ཕྱག་ལས་གནང་བཞིན་ཡོད་པས། ལས་དོན་དེ་ཡང་རྒྱལ་འབྲེལ་ཐབས་བྱུས་བརྒྱུད་དེ་ཞུ་གཏུག་གནང་རྒྱུ་དེ་གལ་ཆེན་པོ་ཡིན་ཞེས་དང་། ཆབ་སྲིད་ཀྱི་ལས་དོན་སྤེལ་སྐབས་དམིགས་ས་གཙོ་བོ་གསུམ་ཡོད་པ་དེ་དག་ནི། རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱ་ནག་མི་མང་། དེ་བཞིན་བོད་མི་མང་ཚོགས་བཅས་ཡིན་སྟབས། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་གང་མང་བཟོས་ཏེ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་གཞུང་གིས་གནོན་ཤུགས་སྤྲད་པ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་ཡོང་ཐབས་དང་། ད་བར་སྙོབ་མ་ཐུབ་པའི་ཁྱབ་ཁོངས་ས་ཁུལ་ཁག་གི་ནང་སྙོབ་ཐབས་དགོས་པ། རྒྱ་ནག་མི་མང་ཁྲོད་དུ་གྲོས་མོལ་ཡོང་ཆེད་དུ་གནད་དོན་གསལ་ཁ་བཟོ་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

ཐེངས་འདིའི་ཚོགས་ཐོག་ཏུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས། ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས། ཧྥ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ། ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གི་ཆོས་དགེ་འཇམ་དབྱངས་མགོན་པོ་ལགས། ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས། ལྷོ་ཨ་རི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས། བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས། ཉི་ཧོང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་བཅས་ཀྱིས་ལྷན་འཛོམས་བྱུང་ཡོད་འདུག

           གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese