མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་འཕགས་བོད་བར་གྱི་ཚོང་ལམ་ཤིབ་ཀི་ལ་ (Shipki La) བསྐྱར་དུ་སྒོ་ཕྱེས་ཡོད་པ་དང་ཕྱི་ལོ་ ༡༩༤༧ ལོའི་རྗེས་སུ་ཚོང་ལམ་དེ་ཡུལ་སྐོར་བ་སོགས་མི་མང་ལ་སྒོ་འབྱེད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

Chief Minister Sukhvinder Singh Sukhu at the ceremony Tuesday | X @CMOFFICEHP

དེའི་སྐོར་ལ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཀ་ཝིན་ཌར་སིངྒ་ (Sukhvinder Singh Sukhu) མཆོག་གིས། ཡུལ་སྐོར་སྤྲོ་འཆམ་པ་དང་ས་གནས་མི་མང་གི་ཆེད་དུ་འཕགས་བོད་ས་མཚམས་སུ་ཡོད་པའི་ཤིབ་ཀི་ལའི་ས་ཁུལ་དེ་ཐོག་མར་སྒོ་ཕྱེས་པ་ཡིན་ཞིང་། ཚོང་ལམ་དེར་འཐབ་ཇུས་ཀྱི་གལ་གནད་ཡོད་པ་མ་ཟད། དེའི་དམིགས་ཡུལ་ནི་མཐའ་མཚམས་ས་ཁུལ་ཐག་རིང་དང་ཡུལ་མཐའ་འཁོབ་ཏུ་ཆགས་པའི་གྲོང་གསེབ་ཁག་ལ་འབྲེལ་བ་ཤུགས་ཆེ་རུ་བཏང་སྟེ། མི་མང་ལ་ཁེ་ཕན་སྤྲོད་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་གསུངས་འདུག

ཚོང་ལམ་སྒོ་ཕྱེས་རྗེས། ཁུལ་དེའི་ལེབ་ཆ་ལ་ (Lepcha La) དང་། ཁཱ་ནཱ་ (Khana)། སངྒ་ལཱ་ (Sangla)། རཱ་ནི་ཁན་ཌ་ (Rani Kanda)། ཅི་ཊི་ཀུལ་ (Chitkul) སོགས་ལ་འགྲོ་འོང་བྱེད་ཆོག་གི་ཡོད་འདུག་ལ། མཐའ་མཚམས་ས་ཚིགས་དེ་ནི་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཧིན་རྡུའི་གནས་ཆེན་གཙོ་བོ་ (Kailash-Mansarovar) ལ་འགྲོ་བའི་ལམ་ཀ་ཡང་ཡོད་ཀྱང་། ས་ཁུལ་དེ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པར་བརྟེན། རྒྱ་ནག་གཞུང་གི་ཐོངས་མཆན་ངེས་པར་དུ་དགོས་ཀྱི་ཡོད་འདུག

དེ་འབྲེལ་སྙན་ཐོ་ཞིག་བཏོན་པའི་ནང་། ཧི་མ་ཅལ་མངའ་སྡེའི་ཁུ་ནུ་རྫོང་ (Kinnaur) གི་མཐོ་སྒང་ཁུལ་དུ་ཆགས་ཡོད་པའི་རྩོད་རྙོག་ཆེ་བའི་ཤིབ་ཀི་ལ་ས་མཚམས་སུ་དམག་དཔུང་འབོར་ཆེན་བཞག་སྟེ་དམ་དྲག་དང་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པར་བརྟེན། དེ་སྔ་ཚོང་དོན་བྱེད་སྒོ་སོགས་བཀག་སྡོམ་བྱས་ཡོད་ཀྱང་། ད་ལན་ས་མཚམས་དེ་སྒོ་འབྱེད་བྱས་ནས་ཡུལ་སྐོར་བ་ཡོང་ཆོག་པ་ཆགས་རྒྱུ་ཡིན་པ་དང་། ཡུལ་སྐོར་བ་རྒྱ་གར་གྱི་མི་སེར་དང་ས་གནས་ཡུལ་མི་རྣམས་ཀྱིས་ཤིབ་ཀི་ལ་ཚོང་ལམ་བརྒྱུད་ནས་འགྲོ་བར་རང་ཉིད་ཀྱི་ངོས་འཛིན་ལག་ཁྱེར་དང་།  རྒྱ་གར་གྱི་ཨ་དྷར་ཀར་ཌི་ (Aadhaar card) སོགས་ངེས་པར་དུ་མིག་སྟོན་དགོས་ཀྱང་། ཞག་སྡོད་བྱེད་ཆོག་གི་མེད། དེ་བཞིན་ཕྱི་ལོ་ ༡༩༦༨ ལོར་མངའ་སྡེ་དེ་གསར་འཛུགས་གནང་མཁན་ཡ་ཤི་ཝན་སིངྒ་པར་མར་ (Yashwant Singh Parmar) ལགས་དང་སྲིད་བློན་ཟུར་པ་ཨིན་དྷ་ར་གྷན་དྷི་ (Indira Gandhi) མཆོག་རྣམ་གཉིས་ཀྱིས་ཤིབ་ཀ་ལའི་ཚོང་ལམ་གསར་དུ་བཟོས་ནས་འགྲོ་འོང་མགོ་བཙུགས་ཡོད་སྐོར་གསལ་འདུག

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཀ་ཝིན་ཌར་སིངྒ་མཆོག་གིས་ཚོང་ལམ་དེ་སྒོ་འབྱེད་གནང་བའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྩི་ཤིང་འཕེལ་རྒྱས་ལས་གཞི་ (Green Development Project)གསར་འཛུགས་གནང་ཡོད་ཅིང་། དེའི་སྐོར་ས་གནས་ཡུལ་མི་དང་མཐའ་སྲུང་དམག་མི་རྣམས་ལ་གཏམ་བཤད་ཀྱང་གནང་ཡོད་སྐོར་དང་། ས་མཚམས་སུ་ཡོད་པའི་དམག་མི་རྣམས་ཀྱིས་ཉིན་མཚན་ལྟོས་མེད་ཀྱིས་མཐའ་སྲུང་བྱེད་པར་ཡི་རངས་བསྔགས་བརྗོད་གནང་བ་དང་སྦྲགས། མཐའ་མཚམས་ཁུལ་དུ་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པོ་ཡོད་པ་མ་ཟད། དམིགས་བསལ་གྱིས་རྒྱ་ནག་དང་མཐའ་མཚམས་ཀྱི་རྩོད་རྙོག་ཐེངས་མང་ཡོང་གི་ཡོད་པའི་ས་ཁུལ་ཞིག་ཡིན་སྐོར་སོགས་བཀོད་འདུག

ལོ་རྒྱུས་ཀྱི་ཐོག་ནས་ཤིབ་ཀི་ལ་ཚོང་ལམ་ནི་འཕགས་བོད་ས་མཚམས་ཀྱི་ཚོང་འབྲེལ་ཐད་གལ་གནད་ཆེ་བའི་འབྲེལ་མཚམས་ཤིག་ཡིན་ཞིང་། བོད་དང་ཁུ་ནུའི་བར་བལ་དང་ཚྭ། འབྲུ་རིགས་སོགས་ཀྱི་ཚོང་འདྲེན་ཤུགས་ཆེན་བྱས་ཡོད་འདུག ཡིན་ནའང་།  ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས་ཚོང་ལམ་དེ་སྒོ་བརྒྱབ་ནས་ད་བར་བསྐྱར་དུ་ཕྱེས་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

སྐར་མ ༥༣ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese