མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་ཚོགས་ཁྲོད་རྒྱ་བལ་གཉིས་དང་། ཨ་རི། ཧྥ་རན་སི་སོགས་ནས་རང་ལོ་བཞི་བཅུ་ཡན་གྱི་རུ་ཁག་ཉི་ཤུས་མཉམ་ཞུགས་གནང་སྟེ་ད་ལྟ་རྩེད་འགྲན་བྱེད་མུས་ཡིན་འདུག

APFA gold cup participants in Paljor stadium , Gangtok, Sikkim(Photo/APFA)

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༣༠ བར་པཱ་ལགས་རྐང་རྩེད་སྤོ་ལོའི་ཚོགས་པའི་གོ་སྒྲིག་འོག རང་ལོ་བཞི་བཅུ་ཡན་གྱི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་ཐེངས་གཉིས་པ་དེ་རྒྱ་གར་བྱང་ཤར་འབྲས་ལྗོངས་སྒང་ཏོག་གི་དཔལ་འབྱོར་རྩེད་ཐང་དུ་འཚོག་མུས་ཡིན་ཞིང་། འདི་ལོའི་རྩེད་འགྲན་ཁྲོད་རྒྱ་བལ་གཉིས་གཙོས་ཨ་རི་དང་། ཧྥ་རན་སི་ནས་རང་ལོ་ ༤༠ ཡན་གྱི་སྐྱེས་པའི་རུ་ཁག་ཉི་ཤུ་ཡིས་མཉམ་ཞུགས་གནང་མུས་ཡིན་འདུག་ལ།  འདི་ལོའི་ཨ་ཕ་རྐང་སྤོལ་འགྲན་ཚོགས་ཀྱི་ཨང་དང་པོར་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ ཨང་གཉིས་པར་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་གནང་རྒྱུ་ཡིན་འདུག

དེའི་ཐད་པཱ་ལགས་རྐང་རྩེད་སྤོ་ལོའི་ཚོགས་པའི་ཚོགས་གཙོ་ཚེ་རིང་ཡེ་ཤེས་ལགས་ཀྱིས་ཁ་པར་བརྒྱུད་འདི་གའི་གསར་འགོད་པར། འདི་ལོར་འབྲས་ལྗོངས་དེ་རྒྱ་གར་གྱི་མངའ་སྡེ་ཆགས་ནས་མི་ལོ་ལྔ་བཅུ་ལོན་པའི་དུས་དྲན་ཞིག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙི། དེ་བཞིན་ད་བར་རྒྱ་གར་ལྷོ་ཕྱོགས་དང་། བྱང་ཕྱོགས་ཀྱི་གཞིས་ཆགས་ཁག་ཏུ་རྐང་སྤོལ་སོགས་ཀྱི་འགྲན་ཚོགས་རིམ་པ་འཚོགས་ཡོད་ཀྱང་། རྒྱ་གར་བྱང་ཤར་ཁུལ་དུ་རྩེད་འགྲན་དེ་འདྲ་ཚོགས་མེད་པས། འདི་ལོར་ཨ་ཕ་རྐང་སྤོལ་འགྲན་ཚོགས་དེ་འབྲས་ལྗོངས་སུ་འཚོགས་པ་ཡིན། དེ་བཞིན་འདི་ལོའི་རྩེད་འགྲན་སླད་རུ་ཁག་ཉི་ཤུ་དང་། རུ་ཁག་རེར་རྩེད་འགྲན་པ་སོགས་མི་གྲངས་ཉི་ཤུ་རེ་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ཨ་ཕ་གསེར་གྱི་རྐང་སྤོལ་འགྲན་ཚོགས་ཚོགས་དོན་ནི། བཙན་བྱོལ་བོད་མིའི་མི་འབོར་ཁྲོད་མི་འབོར་མང་ཤོས་ནི་ལོ་ན་བཞི་བཅུ་ཡན་ཆགས་ཀྱི་ཡོད་ཀྱང་། དེ་དག་གི་འཕྲོད་བསྟེན་ཆེད་ནད་པ་ཆགས་ཚར་བའི་རྗེས་ལ་རོགས་རམ་སོགས་ཡོད་ནའང་། ང་ཚོའི་སྤྱི་ཚོགས་ནང་མ་ན་གོང་དུ་དམིགས་བསལ་ལས་གཞི་གང་ཡང་མི་འདུག་པས། ང་ཚོས་ལོ་ན་བཞི་བཅུ་ཡན་གྱི་འཕྲོད་བསྟེན་ལ་དམིགས་སུ་བཀར་ནས་གོ་སྒྲིག་བྱས་པ་ཞིག་ཡིན། དེ་བཞིན་རྩེད་འགྲན་པ་མང་ཆེ་བ་ནང་གི་ཨ་ཕ་ཡིན་སྟབས། རྩེད་འགྲན་གྱི་མིང་དུའང་ཨ་ཕ་གསེར་གྱི་ཕོར་བ་ཞེས་བཏགས་པ་ཡིན། ཨ་ཕ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡབ་ཆེན་དང་། རང་གཞན་ཚང་མའི་ཨ་ཕར་གོ ཞེས་བརྗོད་བྱུང་།

ད་ལྟ་རང་ལོ་བཞི་བཅུ་ཡན་གྱི་སྐྱེས་པའི་རུ་ཁག་ཉི་ཤུ་དེ་སྡེ་ཚན་ལྔ་རུ་ཕྱེ་ནས། རིམ་བསྡུར་རྩེད་འགྲན་( league match) ཁྲོད་ཉུང་མཐར་འགྲན་རིམ་བཞི་ལ་ཞུགས་ཆོག་ཅིང་། དེ་ལས་རྣམ་པར་རྒྱལ་ཚེ་འགྲན་རིམ་གྱི་འགྲོ་ལུགས་བཞིན་བརྒྱད་རྩོད་དང་། བཞི་རྩོད། རྟིང་རྩོད་བཅས་སུ་རིམ་གྱིས་ཞུགས་ཆོག་ཀྱང་། གལ་ཏེ་བརྒྱད་རྩོད་དང་བཞི་རྩོད་སོགས་ནས་འགྲན་ཕམ་བྱུང་ཚེ་རྩེད་འགྲན་ཕྱི་མ་དག་ལ་ཞུགས་མི་ཆོག་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཁོངས་སུ་གྲགས་ཆེ་བའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་འགྲན་ཚོགས་དང་།  བོད་ཀྱི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་སོགས་རྐང་སྤོལ་དང་སིལ་སྤོལ་གྱི་རྩེད་འགྲན་ཁག་ཅིག་ཡོད་ཅིང་། འདས་ལོ་ནས་ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་རྩེད་འགྲན་ཞེས་པ་འདི་ཡང་གསར་དུ་མགོ་འཛུགས་གནང་ཡོད་ཅིང་། རྐང་སྤོལ་རྩེད་འགྲན་ནི་བོད་ཀྱི་སྤྱི་ཚོགས་ནང་གི་ལོ་ ༤༠ བརྒལ་བའི་མི་རབས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏང་རྒྱུར་དམིགས་ནས་འཚོག་གི་ཡོད་ཅིང་། འདི་ལོར་འབྲས་ལྗོངས་ཀྱི་སྒང་ཏོག་ཁུལ་དུ་འཚོག་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese