མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་མི་སྣ་ལས་གྲུབ་པའི་གྲོས་ཚོགས་འཐུས་ཁག་ཅིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན་འདུག

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན་ཡོད་ཅིང་།  གྲོས་ཆོད་དེ་འདོན་གནང་མཁན་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་ (Michael McCaul) མཆོག་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝིན་( (Jim McGovern) མཆོག་རྣམ་གཉིས་ཡིན་འདུག

སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱའེ་ཁེལ་མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པས་སྡུག་སྦྱོང་དང་། དྲག་གནོན། འགྲེལ་བརྗོད་བྱེད་དཀའ་བའི་མནར་གཅོད་བཏང་ཡོད་ཀྱང།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེམས་ཀྱི་ཞི་བདེ་རྒྱུན་འཛིན་གནང་སྟེ་བྱམས་བརྩེ་གོང་སྤེལ་གཏོང་བཞིན་ཡོད། དེ་ཡང་རང་ཉིད་ཀྱི་མི་མང་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ཀྱི་ཆེད་དུ་ཡིན་འདུག ཅེས་དང་། འདས་ལོར་དྷ་རམ་ས་ལར་ང་རང་༧གོང་ས་མཆོག་དང་མཇལ་འཕྲད་ཀྱིས་ཨ་རིའི་གཞུང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་ཡོད་པ་གསལ་སྟོན་དང་།  ང་ཚོའི་མི་མང་གཉིས་བར་གྱི་མཛའ་འབྲེལ་ནན་བརྗོད་ཞུས་ཡོད། དེ་བཞིན་༧གོང་ས་མཆོག་གི་བླ་མེད་ཀྱི་དབུ་ཁྲིད་དང་། ཞི་བདེ། སྙིང་སྟོབས་སོགས་ཤེས་རྟོགས་བྱུང་། ༧གོང་ས་མཆོག་གི་དགུང་གྲངས་ ༩༠ འཁྲུངས་སྐར་དང་བསྟུན་ནས། ངས་བྱམས་བརྩེ་ཉིན་མོ་ཞེས་པའི་གྲོས་ཆོད་འདི་ངོ་སྤྲོད་བྱེད་རྒྱུར་སྤོབས་པ་ཆེན་པོ་བྱུང་། ང་ཚོས་༧གོང་ས་མཆོག་དང་ཁོང་གི་མི་མང་ཞི་བདེའི་ཐོག་ནས་རང་ཡུལ་ཏུ་ལོག་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད། ཅེས་བརྗོད་འདུག

དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝིན་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ང་རང་ཉིད་ཚུད་པའི་འཛམ་གླིང་གི་མི་མང་དུང་ཕྱུར་མང་པོའི་ཡིད་སྨོན་བྱེད་ས་ཡིན། ༧གོང་ས་མཆོག་གིས་ཆོས་ལུགས་མཐུན་འགྲིག་དང་། འཁྲུག་རྩོད་དང་རྩོད་རྙོག་འཚེ་མེད་ཞི་བའི་ལམ་ནས་འདུམ་སྒྲིག ཞི་བདེ་འཛུགས་སྐྲུན་བཅས་ཀྱི་ཐོག་སློབ་སྟོན་གནང་བཞིན་ཡོད། ད་ལྟའི་དུས་སྐབས་འདིར་༧གོང་ས་མཆོག་ནི་ང་ཚོར་དགོས་མཁོ་ཧ་ཅང་ཆེན་པོ་ཆགས་ཡོད། ༧གོང་ས་མཆོག་ནས་བོད་མིའི་རང་དབང་དང་ཆེ་མཐོང་ཆེད་དུ་ཕྱག་ལས་གནང་ཡོད་ཅིང་། གྲོས་ཚོགས་ནས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་དང་བསྟུན་ནས། ཁོང་མཛད་རྗེས་ལ་གུས་བཀུར་ཞུ་རྒྱུ་ནི་འོས་འཚམ་ཆགས་ཡོད། ཁོང་གི་སྐུའི་འཁྲུངས་སྐར་རྗེས་མ་དེ་ལྷ་སར་སྲུང་གཙི་ཞུ་ཐུབ་པའི་སྨོན་འདུན་ཞུ། ཞེས་བརྗོད་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། གྲོས་ཆོད་འདིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་འཛམ་གླིང་གི་བྱམས་བརྩེའི་མཚོན་རྟགས་དང་། ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་མིའི་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་ཕྱག་ལས་མཛད་པར་ངོས་འཛིན་གནང་བ་ཞིག་ཡིན་ལ། གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝིན་མཆོག་གིས་སྣེ་ཁྲིད་འོག་གྲོས་ཆོད་བཞག་པ་འདིས་༧གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དུས་དྲན་ཞུ་མཁན་ཡོངས་ལ་དགའ་སྤྲོ་དང་སེམས་ཤུགས་སྦྱིན་ཐུབ་པ་མ་ཟད། རྒྱ་ནག་གཞུང་གི་དམ་དྲག་འོག་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱེད་ཐབས་མེད་པའི་བོད་ནང་གི་བོད་མི་རྣམས་ལ་རེ་བ་དང་སེམས་ཤུགས་སྤྲོད་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག

ཐེངས་འདིའི་གྲོས་ཆོད་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་ (Joe Wilson) ལགས་དང་། མའེ་ཁི་ལོ་ལར་ (Mike Laawler) ལགས། རཱ་ཇཱ་ཀིར་ཤི་ནཱ་མོར་ཐི་ (Raja Krishnamoorthi) ལགས་དང་། ཇེ་མི་རཱ་སི་ཀིན་ (Jamie Raskin) ལགས། ཡང་ཀིམ་ (Young Kim) ལགས་བཅས་ཀྱིས་རྒྱབ་སྐྱོར་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

སྐར་མ ༥༩ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese