མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས་གཉིས་སུ་ཕྱི་ལོ་ ༢༠༢༤ ལོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཀྱི་གཟེངས་རྟགས་དབུལ་གཏན་ཁེལ་འདུག

ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣

ལོ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་གཟེངས་རྟགས་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ལོའི་སྲི་ཞུ་ལས་བྱེད་ཀྱི་གཟེངས་རྟགས་དེ་ད་ལྟ་མན་སྤར་ཕན་བདེ་གླིང་དུ་ས་གནས་མགོ་འཛིན་གྱི་ལས་དོན་གཉེར་མུས་ཡིན་པའི་ཚེ་དབང་དབྱངས་མཚོ་ལགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་སྙན་སྒྲོན་པ་བསྟན་འཛིན་སྲི་སྒྲུབ་ལགས་གཉིས་སུ་དབུལ་རྒྱུ་ཡིན་འདུག

དེའི་ཐད་མན་སྤར་ཕན་བདེ་གླིང་དུ་ས་གནས་མགོ་འཛིན་གྱི་ལས་དོན་གཉེར་མུས་ཡིན་པའི་ཚེ་དབང་དབྱངས་འཛོམས་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༢༤ ལོའི་ལས་བྱེད་ལས་དོན་གཟེངས་རྟགས་ནང་འདེམས་ཐོན་བྱུང་བ་ལ་ཐོས་མ་ཐག་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཡོད་ནའང་། མ་འོངས་པ་ལས་དོན་གང་ཅིའི་ཐད་མིག་དཔེ་བཟང་པོ་དང་ཁྱད་དུ་འཕགས་པ་ཞིག་བསྒྲུབ་དགོས་གལ་ཡིན་པར་སོང་། འགན་འཁྲི་ཡང་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་། དེ་རིང་ང་ལྟ་བུའི་ལས་མྱོང་ཞན་པོ་དང་དམིགས་བསལ་འཇོན་ཐང་མེད་པའི་ལས་བྱེད་དཀྱུས་མ་ཞིག་ལ་གཟེངས་རྟགས་དེ་ཐོབ་ཡོད། དེ་ཡང་སྒྲིག་འཛུགས་ནས་གཙོ་བོ་མ་འོངས་པའི་བོད་པའི་གཞོན་སྐྱེས་ནང་སྤྱི་ཚོགས་ཁྲོད་ཤེས་བྱ་ཡོན་ཏན་དང་ཉམས་མྱོང་གི་གནས་ཚད་གང་འདྲ་ཞིག་ཡོད་རུང་སོ་སོའི་མི་རིགས་དང་འཐབ་རྩོད་ཆེད་དུ་ནུས་པ་གང་ཡོད་སྤུངས་དགོས་རྒྱུའི་འགན་འཁྲི་བཞེས་དགོས་པའི་མིག་སྟོན་དང་གཞོན་སྐྱེས་ཚོར་སེམས་ཤུགས་སྤར་རྒྱུ་ཆེད་ཡིན་པའི་ངོས་འཛིན་ཞུ་ཡི་ཡོད། ངས་ད་ལན་གྱི་གཟེངས་རྟགས་དེ་ལམ་སྟོན་གྱི་སྒྲོན་མེ་དང་དམིགས་འདུན་སྩལ་མཁན་གྱི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ང་ལ་གཡོ་མེད་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་གནང་མཁན་གྱི་ཕ་མ་གཉིས་ལ་ཕུལ་བ་ཡིན། ཞེས་བརྗོད་བྱུང་།

དེ་བཞིན་བསྟན་འཛིན་སྲི་སྒྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་སྤྱི་ལྟར་གུས་རང་ནས་སྲི་ཞུ་བསྒྲུབ་བཞིན་པའི་ཁྲོད་ད་ལན་གཟེངས་རྟགས་འདི་ཉིད་ཐོབ་པར་དགའ་ཚོར་བྱུང་ལ། གུས་རང་ནས་ཀྱང་ལས་དོན་མུ་མཐུད་ཧུར་སྐྱེད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། གོ་སྐབས་འདིའི་བརྒྱུད་བདག་ལ་དྲིན་ཆེ་བའི་ཕ་མ་དང་དགེ་བའི་བཤེས་གཉེན་རྣམ་པ། ལམ་སྟོན་གནང་མཁན་དང་ལས་རོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གཞིགས་ན། ཚེ་དབང་དབྱངས་མཚོ་ལགས་ནི་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ ནས་ཚོད་ལྟའི་ལས་དྲུང་ཐོག་འཕྲོད་བསྟེན་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༡༦ ཉིན་ལས་ངོར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༥ ཚེས་ ༢༠ ནས་འཕྲོད་བསྟེན་ལས་ཁུངས་སུ་དྲུང་ལས་ས་མིག་ཐོག་ལས་འགན་གོ་སྒྲིག་གནང་། ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༡ ནས་ལོ་གཅིག་རིང་གཞུང་མིན་སློབ་སྦྱོང་གུང་གསེང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡  ནས་མན་སྤར་ཕན་བདེ་གླིང་ས་གནས་མགོ་འཛིན་གྱི་ལས་འགན་གོ་སྒྲིག་གནང་། དེ་བཞིན་ཁོང་མོས་མན་སྤར་ཕན་བདེ་གླིང་དུ་ས་གནས་མགོ་འཛིན་གྱི་ལས་དོན་གཉེར་སྐབས། རྒྱ་གར་ཡུལ་མི་དང་བོད་མི་བར་གྱི་རྩོད་རྙོག་དང་། ས་གནས་ཀྱི་ས་ཆའི་གནད་དོན་སོགས་ས་གནས་ཉེན་རྟོག་ལས་ཁུངས་དང་འབྲེལ་འདྲིས་ཟབ་མོ་གནང་ནས་དཀའ་ངལ་ལས་གྲོལ་བར་བྱས་འདུག

བསྟན་འཛིན་སྲི་སྒྲུབ་ལགས་ཀྱི་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ ནས་ཚོད་ལྟའི་རྒན་དྲུང་གནས་རིམ་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༢༠ ནས་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༧ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ཕྱི་དྲིལ་ལས་ཁུངས་སུ་མུ་མཐུད་ལས་འཁུར་ཞུ་མུས། དེ་བཞིན་བོད་ཀྱི་བརྙན་འཕྲིན་གྱི་གསར་འགྱུར་ཆེད་གནས་ཚུལ་མཁོ་སྒྲུབ་དང་། རྩོམ་སྒྲིག སྙན་སྒྲོན།  གསར་འགྱུར་ཕྱོགས་སྒྲིག་གྲུབ་མཚམས་གཞུང་འབྲེལ་དྲ་རྒྱའི་སྟེང་འཇོག་རྒྱུ། བརྙན་འཕྲིན་ཕྱོགས་སྒྲིག་པར་རམ་འདེགས་དང་། ལས་བགོས་ཁོ་ན་མ་ཡིན་པར་བརྙན་འཕྲིན་པར་ལེན་དང་། སྒྲིག་སྦྱོར། ཐད་ཀར་རྒྱང་སྲིང་སོགས་ཀྱི་ལས་དོན་གཉེར་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese