མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕགས་བོད་མཐའ་མཚམས་ཀྱི་གནད་དོན་སྐོར་གླེང་སློང་བྱས། 

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐུག་འཕྲད་ཐེངས་ ༣༤ པའི་ཐོག་འཕགས་བོད་མཐའ་མཚམས་ཁུལ་དུ་ཞི་འགྲིག་དང་བརྟན་བརླིང་ཡོང་ཐབས་ཀྱི་ཐད་གླེང་སློང་གནང་འདུག

A man walks inside a conference room used for meetings between military commanders of China and India, at the Indian side of the Indo-China border at Bumla, in the northeastern Indian state of Arunachal Pradesh, November 11, 2009. Reuters File

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་ཤར་ཨེ་ཤ་ཡའི་ཟུང་དྲུང་སྐུ་ཞབས་གྷ་རན་གྷ་ལལ་དྷ་སི་(Gourangalal Das) མཆོག་གིས། སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་ནག་མཐའ་མཚམས་དང་མཚོ་ཁུལ་གྱི་གནད་དོན་ལས་ཁུངས་ (Boundary and Oceanic Affairs Department)  ཀྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་མགོ་ཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་དཀར་ནག་གཉིས་ཀྱིས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་དང་མཉམ་ལས་བྱེད་ཕྱོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་འདུག

དེའི་ཐད་རྒྱ་གར་ཕྱི་སྲིིད་བློན་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ཞི་བདེ་བརྟན་བརླིང་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་རྒྱུན་ལྡན་བཞིན་ཡོང་རྒྱུའི་ཐད་ལ་གླེང་སློང་གནང་ཡོད་པའི་མུར། མཐའ་མཚམས་ཁུལ་དུ་ཚོང་དོན་ཚུད་པའི་མཉམ་ལས་དང་། ཕྱོགས་གཉིས་ཀྱིས་འདི་ལོའི་ལོའི་མཇུག་ཏུ་སླར་ཡང་རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཁུལ་གྱི་གནད་དོན་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་འདུ་ཞིག་རྒྱ་གར་དུ་འཚོག་འཆར་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་། རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་སྐུ་ཞབས་གྷུ་རང་དྷལ་ (Gourangalal Das)  མཆོག་གིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ཐུག་འཕྲད་ཀྱིས། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཐིག་ (LAC) གི་གནས་སྟངས་ལ་བསྐྱར་ཞིབ་བྱས་ཏེ། ས་ཐིག་གི་རྒྱུན་དུ་གནས་པའི་ཆུ་བོ་དང་གངས་རིན་པོ་ཆེ་སོགས་རྒྱལ་མཚམས་ལས་བརྒལ་བའི་མཉམ་ལས་དང་བརྗེ་རེས་ཀྱི་ལས་རིམ་ཁག་མོས་མཐུན་བྱུང་ཡོད་འདུག ཕྱི་ལོ ༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇི་ཐི་དྷོ་ཝལ་ (Ajit Doval ) དང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཀྱི་སྣེ་འཁྲིད་པའི་ཚོགས་ཆུང་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་བྱས་ཏེ། རྒྱ་དཀར་ནག་གཉིས་ཀྱི་ཧིན་བོད་མཐའ་མཚམས་ཀྱི་རྩོད་གླེང་ཞི་འཇགས་ཡོང་ཐབས་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཡར་རྒྱས་གཏོང་ཐབས་ཚུད་པའི་དོན་ཚན་དྲུག་ལ་མོས་མཐུན་བྱུང་ཡོད།

དེ་བཞིན་འདས་ལོའི་རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐུག་འཕྲད་ཐེངས་ ༣༣ པའི་ཐོག རྒྱ་ནག་གཞུང་གིས་རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་གནས་མཇལ་དུ་གཏང་རྒྱུར་ཁས་ལེན་བྱས་པ་བཞིན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༡ དང་། ཟླ་ ༧ ཚེས་ ༡༡ ཉིན་བཅས་སུ་རྒྱ་གར་གྱི་ཆོས་མཇལ་བ་རྣམས་དངོས་སུ་བོད་ནང་དུ་གནས་སྐོར་དུ་ཕྱིན་ཡོད་ཀྱང་། བལ་ཡུལ་བརྒྱུད་ནས་བོད་དུ་གནས་མཇལ་དུ་འགྲོ་མཁན་ཁག་ཅིག་བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་སྟབས། གནས་མཇལ་བ་རྣམས་ཕྱིར་བལ་ཡུལ་དུ་ལོག་དགོས་བྱུང་ཡོད། དེ་བཞིན་འདས་ལོའི་རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་མཐའ་མཚམས་ཀྱི་རྩོད་རྙོག་སྐོར་གླེང་སློང་བྱེད་སྐབས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བདེ་བཟང་དང་བདེ་མཆོག་གྱི་མཐའ་མཚམས་ཁུལ་དུ་དཔུང་འཇོག་བྱས་པའི་དམག་མི་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན་ལུགས་བཤད་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཏེ།  ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་འཁོན་འཛིང་ཆེ་རུ་ཕྱིན་ཏེ། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་འཕགས་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ནས་གནས་སྟངས་ཛ་དྲག་ཅན་དུ་གྱུར། དེ་བཞིན་ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་བྱུང་སའི་འབྲོག་ལམ་ཁུལ་དུ། ཉུང་མཐར་ཡང་དུད་ཚང་ ༢༢ ཅན་གྱི་གྲོང་ཚོ་ཞིག་གསར་འཛུགས་ཀྱིས་ཁུལ་དེར་བརྟན་སྲུང་དང་འབྲུག་རྒྱལ་ཁབ་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་གང་ཐུབ་བྱེད་མུས་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese