མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་དཀའ་ངལ་འཕྲད་པའི་སྐབས་ཆོས་ཕྱོགས་ཀྱི་བསམ་བློས་དཀའ་ངལ་ལ་གདོང་ལེན་བྱེད་པར་ནུས་པ་ཆེན་པོ་འདུག་ཅེས་བཀའ་སློབ་བསྩལ་སོང་།

༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༥ ཉིན་ལ་དྭགས་ཟངས་དཀར་དཀར་ཤ་ཕོ་བྲང་དུ། ཟངས་དཀར་ནང་པའི་ཚོགས་པ་དང་། ཟངས་དཀར་དགོན་པ་ཚོགས་པ། དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་ཆེ་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་མཛད་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོ་ཆོས་དད་ཤུགས་ཆེན་པོ་ཡོད་བསྡད་པ་ཞིག་ཆགས་ཡོད། ག་རེ་གལ་ཆེན་པོ་འདུག་ཟེར་ན། ང་ཚོས་དད་པ་བྱེད་སའི་ཆོས་ག་འདྲ་ཡིན་པར་ཏོག་ཙམ་དོ་སྣང་དང་སློབ་སྦྱོང་བྱེད་དགོས། མདུན་དུ་སྟོན་པའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་ཡོད།  སྟོན་པ་བཀའ་དྲིན་ཅན་གྱིས་ང་ཚོར་བསླབ་བྱ་ག་འདྲ་བསྟན་ཡོད་པ་རེད། དེ་དག་ཤེས་པ་བྱས་ནས་ཆོས་བྱེད་པར་དངོས་གནས་དྲང་གནས་སྙིང་སྟོབས་བསྐྱེད་པ་དང་སྤོབས་པ་བསླེབ་པར་ཧ་ཅང་ཕན་ཐོགས་འདུག ངོས་རང་ལ་ཆ་བཞག་ནའང་ཕ་ཡུལ་ས་ཐག་རིང་པོ་ནས་ཡོང་བ་རེད། ཆུང་ཆུང་སྐབས་ནས་དཔེ་ཆར་བལྟས་པ་ཡིན། དེ་ནས་རིམ་བཞིན་དུས་ལོག་ཡོང་བའི་སྐབས་སངས་རྒྱས་ཀྱི་ཞག་རྩི་མཐོང་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་། ཆོས་གྲོགས་ཚོར་ཆ་བཞག་ནའང་སངས་རྒྱས་ཀྱི་ཆོས་ཤེས་ནས་དད་པ་ཐོབ་པ་བྱུང་ན་མི་ཚེ་དོན་དང་ལྡན་པ་དང་སྐྱིད་པོ་གཏན་གཏན་ཡོང་གི་རེད་ལ། སྤྱི་ཚོགས་ནང་དུ་ཞི་བདེ་དང་འཆམ་མཐུན་ཡག་པོ་ཆགས་ཐུབ་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ཕྱི་ལོགས་ཀྱི་ལྷ་ཁང་རྫིག་པོ་དེ་གཙོ་བོ་མ་རེད། གཙོ་བོ་བསམ་བློའི་ཐོག་ནས་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བའི་བསམ་བློ་ཡོད་མཁན་ཞིག་ཡིན་ན་སྡུག་བསྔལ་དང་ལེན་གྱི་བཟོད་པ་བྱ་དགོས། གང་ལྟར་བསམ་བློའི་ཐོག་ནས་འགྱུར་བ་འགྲོ་བ་ཞིག་ཆགས་ཡོད་དུས། ཆོས་ཡོད་མཁན་དང་ཆོས་མེད་མཁན་གྱི་མི་ལ་སྡུག་བསྔལ་མྱོང་བ་འདྲ་འདྲ་ཡིན་ཡང་། ཆོས་ཡོད་མཁན་གྱི་མིས་སྡུག་བསྔལ་དེ་མི་འདོད་པ་རྐྱང་རྐྱང་མཐོང་ནས་སེམས་ཞུམ་གྱི་ཡོད་པ་མ་རེད། གང་ལྟར་ཆོས་ཀྱི་ཐོག་ནས་བསམ་བློ་འཁོར་ཡོང་དུས་སྔོན་གྱི་བདེ་སྡུག་སེལ་བ་དང་། ཚེ་འདིར་ཕྱིན་ཅི་ལོག་པའི་བློ་རིམ་བཞིན་ཞི་སྟེ་མཐར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལམ་བགྲོད་པ་ལྟར། ང་ཚོས་རིམ་བཞིན་བློ་ཡར་རྒྱས་བཏང་སྟེ་སངས་རྒྱས་བཅོམ་འདས་བཞིན་སེམས་ཤུགས་བསྐྱེད་པ་དེར་ནུས་པ་ཆེན་པོ་འདུག ཆོས་མེད་པར་བསྡད་པ་ཡིན་ཚེ་སྡུག་སྐད་བརྒྱབ་པ་མ་གཏོགས་གང་ཡང་མི་འདུག ཆོས་ཡོད་མཁན་ཞིག་ཡིན་ན་སྐད་བརྒྱབ་པ་མ་ཡིན་པར་སྡུག་བསྔལ་གྱི་རྩ་བ་དང་དེའི་གང་བསྐྱེད་པར་ལྟ་བཞིན་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་མཛད་དེ་ཆོས་འཁོར་བསྐོར་བ་རེད། སངས་རྒྱས་བཅོམ་ལྡན་འདས་འཁྲུངས་བ་ནས་སངས་རྒྱས་བ་ཞིག་ཆགས་མེད། ཆོས་ཀྱིས་མིའི་བསམ་བློའི་ནང་སྤོབས་པ་བསྐྱེད་པ་དང་། དངོས་གནས་དྲང་གནས་སེམས་ཤུགས་བསྐྱེད་པའི་ཁྱད་པར་ཆེན་པོ་འདུག ཅེས་གསུངས་སོང་།

༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།

 ༧གོང་ས་མཆོག་ནས། ངོས་རང་ལ་ཆ་བཞག་ནའང་ཆུང་དུས་ནས་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་པ་རེད། གཙོ་བོ་ཡོངས་འཛིན་རྡོ་རྗེ་འཆང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་མང་པོར་བལྟས་ཡོད། དེས་སེམས་ལ་ལྗིད་ཁོག་ཡོང་བའི་ཕན་ཐོགས་འདུག  སྔོན་མ་ངོས་རང་པེ་ཅིན་དུ་བསླེབས་སྐབས། མའོ་ཙེ་ཏུང་དང་ངེད་གཉིས་འཆམ་པོ་ཡོད།  མའོ་ཙེ་ཏུང་གིས་ངོས་ཀྱི་བསམ་བློ་དེ་རིག་གནས་དང་མཐུན་པ་ཧ་ཅང་ཡག་པོ་རེད། ཡིན་ནའང་ཆོས་ཞེས་པ་དེ་དུག་རེད་མ་གཏོགས་ཕན་པ་ཡོད་པ་མ་རེད་ཟེར། ངོས་ཀྱིས་དེ་གོ་ནས་མའོ་ཙེ་ཏུང་ལ་སྙིང་རྗེ་སྐྱེས་སོང་། ངོས་ཀྱིས་དགག་པ་གང་ཡང་མ་བརྒྱབ་པར་ཁ་རོགས་བསྡད་ཡིན། ཆོས་ཕྱོགས་ཀྱི་བསམ་བློ་ཡོད་ན་སེམས་ཀྱི་གཏིང་དུ་ལྗིད་ཁོག་དང་ཞག་རྩི་ཡོད་པར་ཕན་ཐོགས་གཏན་གཏན་འདུག ང་ཚོའི་མི་ཚེའི་ནང་རྐྱེན་ངན་འཕྲད་པ་དེ་ཆོས་ཉིད་རེད། རྐྱེན་ངན་དེ་འདྲར་འཕྲད་པའི་སྐབས་སུ་གདོང་ལེན་བྱེད་ཐུབ་པར་ཆོས་ཕྱོགས་ཀྱི་བསམ་བློའི་ཁྱད་པར་ཆེན་པོ་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་ནས། ཆུང་དུས་རྐྱེན་ངན་འཕྲད་པར་གདོང་ལེན་བྱ་ཐུབ་པར་དོ་སྣང་གང་ཡང་མ་བྱུང་། རིམ་བཞིན་ཆོས་ཀྱི་བསམ་བློ་དེ་གཏིང་ཟབ་ཏུ་ཕྱིན་དུས་རྐྱེན་ངན་འཕྲད་པར་གདོང་ལེན་བྱེད་པའི་སེམས་ཤུགས་ཡོང་གི་འདུག ངོས་ཀྱི་མི་ཚེའི་ནང་ཆོས་ཕྱོགས་ཀྱི་བསམ་བློ་དེས་རྐྱེན་ངན་ག་འདྲ་འཕྲད་ཀྱང་སེམས་ཤུགས་མ་ཆགས་པར་དངོས་གནས་དྲང་གནས་བསྟན་པའི་ཞབས་འདེགས་ཚུལ་བཞིན་དུ་བསྒྲུབ་བསམ་པའི་སྙིང་སྟོབས་སྐྱེས་ཡོང་གི་འདུག ངོས་ཀྱི་ཉམས་མྱོང་གི་ཐོག་ནས་དཀའ་ངལ་འཕྲད་སྐབས་ཆོས་ཕྱོགས་ཀྱི་བསམ་བློས་དཀའ་ངལ་གདོང་ལེན་བྱེད་པར་ནུས་པ་ཆེན་པོ་རེད་འདུག དེ་བཞིན་གཞན་ཕན་བསྒྲུབ་པའི་སེམས་ཤུགས་བསྐྱེད་ཡོང་དུས་ཧ་ཅང་ཕན་ཐོགས་འདུག འཛམ་གླིང་ལ་འགྱུར་བ་ག་འདྲ་འགྲོ་བ་ཚད་ཐིག་གི་མི་འདུག་ཀྱང་། སོ་སོའི་ངོས་ནས་ཆོས་ཕྱོགས་ཀྱི་བསམ་བློ་ཟིན་ཐུབ་ཚེ་དངོས་གནས་དྲང་གནས་ཕན་ཐོགས་ཀྱི་འདུག  ཅེས་གསུངས་སོང་།

དེ་རིང་སྔ་དྲོར་ཟངས་དཀར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རུ་ན་ཅཱལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ལྷ་རྒྱལ་རིན་པོ་ཆེ་མཆོག་ལ་མཇལ་ཁ་སྩལ་ཡོད་འདུག་ལ། མཛད་རིམ་ལྟར་ན། སང་ཉིན་སྔ་དྲོར་༧གོང་ས་མཆོག་ཟངས་དཀར་ནས་ལ་དྭགས་གླེ་རུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༤ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese