མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༨༩༨ ལོར་དབྱིན་ཇིའི་ས་ཁང་བདག་ཉར་མཁན་ཞིག་གིས་འཁྱེར་བའི་སངས་རྒྱས་ཀྱི་སྐུ་གདུང་གི་རིག་དངོས་ ༣༠༠ ཕྱིར་རྒྱ་གར་གཞུང་ལ་རྩིས་སྤྲོད་བྱས་ཡོད་འདུག

The jewels comprise nearly 1,800 pearls, rubies, sapphires, and patterned gold sheets. Courtesy: Sotheby’s

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་འཛམ་གླིང་ནང་གྲགས་ཆེ་བའི་རིན་སྡུར་ཚོང་སྒྱུར་ཁང་སོ་ཐའི་བྷ་ (Sotheby) ཡིས། རྒྱ་གར་གཞུང་དང་ནང་པ་མང་པོའི་འབོད་སྐུལ་དང་གནོན་ཤུགས་འོག སངས་རྒྱས་ཀྱི་སྐུ་གདུང་གི་རིག་དངོས་རྩ་ཆེན་ ༣༠༠ ཕྱིར་རྒྱ་གར་གཞུང་ལ་བསློགས་ཡོད་ཅིང་། གནད་དོན་དེའི་ཐད་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། རིག་དངོས་ཕྱིར་སློག་བྱས་པའི་དོན་དག་ནི་དགའ་སྤོབས་སྐྱེས་དགོས་པ་དང་རྒྱ་གར་གྱི་རིག་དངོས་ཤུལ་བཞག་ལ་རྒྱལ་ཁ་ཐོབ་པ་ཆགས་ཀྱི་ཡོད། ཅེས་བརྗོད་འདུག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གདུང་དང་འབྲེལ་བའི་རིག་དངོས་དེ་དག་ནི་ལོ་ངོ་ ༡༢༧ རྗེས་ནས་ཕྱིར་རྒྱ་གར་དུ་འབྱོར་བ་ཞིག་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༥ བར་སོ་ཐའི་བྷ་ཡིས་རིག་དངོས་དེ་དག་ཧོང་ཀོང་ནང་རིན་སྡུར་གྱི་ལམ་ནས་ཚོང་སྒྱུར་བྱེད་རྩིས་བྱས་སྐབས། རྒྱ་གར་གཞུང་གིས་གནད་ཡོད་མི་སྣ་སོགས་མངགས་གཏོང་བྱས་ཏེ་ཁྲིམས་ཐོག་ནས་རིག་དངོས་དེ་དག་རྒྱ་གར་གྱི་ཡིན་ཚུལ་སོགས་ཀྱི་ཉེན་བརྡ་བཏང་བར་བརྟེན། དེ་རིང་སོ་ཐའི་བྷ་རིན་སྡུར་ཚོང་སྒྱུར་ཁང་གིས་རིག་དངོས་དེ་དག་ཕྱིར་རྒྱ་གར་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ད་ལྟ་སངས་རྒྱས་ཀྱི་སྐུ་གདུང་དང་འབྲེལ་བའི་རིག་དངོས་དེ་དག་མོམ་བྷ་རུ་རྟེན་གཞི་བྱས་པའི་གྷོཌ་ར་ཇི་བཟོ་ཚོང་ (Godrej Industries Group)  ཁང་དུ་ཉར་ཚགས་བྱས་ཡོད་འདུག

སོ་ཐའི་བྷ་རིན་སྡུར་ཚོང་སྒྱུར་ཁང་གིས་གནད་དོན་དེའི་ཐད། ང་ཚོས་འདས་པའི་ཟླ་གཉིས་ལྷག་གི་རིང་ཅ་དངོས་ཀྱི་བདག་པོ་དང་ཉོ་ཚོང་མཁན་གསར་པ། རྒྱ་གར་གཞུང་བཅས་དང་ལྷན་དུ་གྲོས་བསྡུར་རིམ་པ་བྱས་པའི་མཐར། རིག་དངོས་དེ་དག་རྒྱ་གར་ལ་རྩིས་སྤྲོད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། ད་ལྟ་རིག་དངོས་དེ་དག་རྒྱ་གར་ལ་རྩིས་སྤྲོད་ཀྱིས་མི་འགྱང་བར་སྤྱི་དམངས་འགྲེམས་སྟོན་བྱེད་ཡུལ་ཞིག་ཏུ་འཇོག་རྒྱུ་རེད། ཅེས་བརྗོད་འདུག

རིག་དངོས་གསར་དུ་ཉོ་མཁན་རྒྱ་གར་གྱི་གྷོཌ་ར་ཇི་བཟོ་ཚོང་ཁང་གིས། ང་ཚོར་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རིག་དངོས་འདི་དག་རྩིས་སྤྲོད་ཀྱི་གོ་རིམ་ཁྲོད་རོགས་འདེགས་བྱེད་པའི་གོ་སྐབས་བྱུང་བར་དགའ་སྤོབས་བྱུང་། སངས་རྒྱས་ཀྱི་སྐུ་གདུང་དང་འབྲེལ་བའི་རིག་དངོས་འདི་དག་གིས་རིག་དངོས་ཁོ་ན་ཙམ་མིན་པར། འདི་དག་གིས་སྐལ་བ་མ་སྟོང་བར་དུ་སྙིང་རྗེ་དང་ཞི་བདེ། འགྲོ་བ་མིའི་རིགས་ཐུན་མོང་གི་རིག་དངོས་ཤུལ་བཞག་མཚོན་གྱི་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༡༨༩༨ ལོར་དབྱིན་ཇིའི་ས་ཚོང་བདག་ཉར་མཁན་ཝི་ལིམ་པའེ་པུ་ (William Claxton Peppé) ལ་སངས་རྒྱས་ཀྱི་སྐུ་གདུང་དང་འབྲེལ་བའི་རིག་དངོས་དེ་དག་གནས་མཆོག་ལིམ་བུ་ནིའི་ཉེ་འཁྲིས་ས་འོག་ཅིག་ནས་ཐོག་མར་རྙེད་སོན་བྱུང་ཡོད་ཅིང་། སྐབས་དེར་སངས་རྒྱས་ཀྱི་རིང་བསྲིལ་གཙོ་བྱས་པའི་མུ་ཏིག་དང་གཡུ། རྡོ་རྗེ་ཕ་ལམ་དང་གསེར་ཤོག བུམ་པ་སོགས་ཤུལ་བཞག་རིག་དངོས་ཁྱོན་ ༡༨༠༠ ཙམ་རྙེད་ཡོད། དེའི་ཁྲོད་ཀྱི་སངས་རྒྱས་ཀྱི་རིང་བསྲིལ་དང་རིག་དངོས་མང་ཆེ་བ་སྐབས་དེའི་དབྱིན་ཇིའི་རྒྱ་གར་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱིས་སུ་སངས་རྒྱས་ཀྱི་རིང་བསྲིལ་ཚང་མ་ཐའེ་ལན་ཌི་དང་སེངྒ་ལ། འབར་མ་བཅས་སུ་བགོ་འགྲེམས་བྱས་ཡོད་པ་ལོ་རྒྱུས་སྨྲ་བས་འགྲེལ་བརྗོད་བྱས་འདུག

ཕྱི་ལོ་ ༢༠༡༩ ཙམ་ནས་ཝི་ལིམ་པའེ་པུ་ (William Claxton Peppé) ཡི་ཁྱིམ་ཚང་གིས་རིག་དངོས་ ༣༠༠ དྲ་ལམ་དུ་ཚོང་འགྲེམས་གསལ་བརྡ་བཏང་བ་ནས་རྒྱལ་སྤྱིའི་ཚོང་སྒྱུར་གྱི་སྡིངས་ཆ་མང་པོའི་སྟེང་འགྲེམས་སྟོན་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ནས་ ༥ བར་སོ་ཐའེ་བྷ་རིན་སྡུར་ཚོང་སྒྱུར་ཁང་གི་དྲ་ལམ་དུ་ཚོང་སྒྱུར་གྱི་གསལ་བསྒྲགས་སྤེལ་ཏེ། མཇུག་མཐར་ཧོང་ཀོང་ནང་ཚོང་སྒྱུར་བྱེད་གཏན་ཁེལ་བའི་གནས་ཚུལ་ཐོན་མ་ཐག རྒྱ་གར་གཙོ་བྱས་པའི་འཛམ་གླིང་ཡུལ་གྲུ་གང་སར་ནས་ནང་པའི་རིག་དངོས་ཞིབ་འཇུག་པ་དང་ནང་བསྟན་མཁས་དབང་། ནང་པའི་དབུ་འཁྲིད་སོགས་ཀྱིས་སངས་རྒྱས་ཀྱི་སྐུ་གདུང་དང་འབྲེལ་བའི་རིག་དངོས་དེ་དག་ནི་དད་ལྡན་ཁྲི་ཕྲག་མང་པོའི་གསོལ་འདེབས་བྱེད་ཡུལ་ཆགས་བསྡད་ཡོད་པས། རིག་དངོས་དེ་དག་ཚོང་སྒྱུར་བྱེད་མི་རུང་བའི་ཁར། རིག་དངོས་ཀྱི་བདག་དབང་རྒྱ་གར་ལ་ཡོད་པའི་བསམ་ཚུལ་དང་སྐྱོན་བརྗོད་མང་པོ་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese