མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་མོན་གྱི་གཞོན་སྐྱེས་བར་ཤེས་ཡོན་བརྗེ་ལེན་གྱི་ཚོགས་ཆེན་ཐོག་མ་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

མོན་གྱི་གཞོན་སྐྱེས་ཤེས་ཡོན་ཚོགས་ཆེན་ཐོག་༧སྐུའི་གོ་སྟོན་སྲུང་གཙི་འབྲེལ་ནས་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་བོད་དང་མོན་བར་གྱི་ལོ་རྒྱུས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་གི་ཡོད་འདུག

བོད་དང་མོན་གྱི་གཞོན་སྐྱེས་བར་ཤེས་ཡོན་བརྗེ་ལེན་གྱི་ཚོགས་ཆེན་ཐོག་མ་འཚོག་གིན་འདུག པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་། ༢༠༢༥།༡༠།༣

ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་མོན་རྟ་དབང་གི་སྤྱི་པའི་ཚོགས་ཁང་ཀ་ལ་དབང་པོའི་ནང་དུ། མོན་གྱི་གཞོན་སྐྱེས་ཤེས་ཡོན་ལྷན་ཚོགས་དང་རྒྱལ་སྤྱིའི་བོད་ཀྱི་མཐོ་རིམ་སློབ་མའི་ལྷན་ཚོགས་ཟུང་འབྲེལ་གྱི་གོ་སྒྲིག་འོག མོན་གྱི་གཞོན་སྐྱེས་ཤེས་ཡོན་ཚོགས་ཆེན་དང་པོ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་དང་། སློབ་དཔོན་རིགས་སྐྱ་ལྷ་འོད་རིན་པོ་ཆེ་མཆོག བོད་ཀྱི་མཐོ་རིམ་སློབ་མ་ ༣༥ ། དེ་བཞིན་མོན་རྟ་དབང་གི་མཐོ་སློབ་དང་དགོན་སྡེ་ཁག་ནས་གཞོན་སྐྱེས་ ༣༠༠ ལྷག་མཉམ་ཞུགས་གནང་འདུག

ཐེངས་འདིའི་ཚོགས་ཆེན་སྐོར་ལ་མོན་གྱི་གཞོན་སྐྱེས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དབང་ཆེན་མགོན་པོ་ལགས་ཀྱིས་འདི་གའི་གསར་འགོད་པར། ཚོགས་འདུའི་དམིགས་ཡུལ་གཙོ་བོ་དེང་སང་མོན་གྱི་གཞོན་སྐྱེས་རྣམས་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་གཉེར་ཡག་པོ་ཐོན་བཞིན་ཡོད་ཀྱང་། སོ་སོའི་མི་རིགས་ཀྱི་ཆོས་དང་། རིག་གཞུང་། ལོ་རྒྱུས། ལེགས་བྱང་། ལྷག་པར་དུ་དམངས་སྲོལ་གྱི་རིག་གནས་དྲན་པ་བརྗེད་ཀྱི་ཡོད་པ་མ་ཟད། རིག་གནས་དེ་དག་ཡོད་མེད་ཀྱང་ཤེས་ཀྱི་མེད་མཁན་མང་པོ་ཡོད་པར་བརྟེན། མོན་གྱི་གཞོན་སྐྱེས་རྣམས་ལ་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་གཞི་རྩ་ཞིག་ཆགས་ཡོད། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱང་གདན་འདྲེན་ཞུས་ཏེ། ང་ཚོ་ཟུང་འབྲེལ་གྱི་ཐོག་ནས་ཚོགས་འདུ་འཚོག་བཞིན་ཡོད་ལ། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་སྲུང་གཙི་བྱས་ཡོད། སྤྱིར་བཏང་མོན་ནང་༧གོ་སྟོན་གྱི་མཛད་སྒོ་འདྲ་མིན་འཚོགས་འདུག ཡིན་ནའང་། ༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ཤེས་རིག་གི་ལམ་ནས་སྲུང་གཙི་ཞུས་པ་ཞེ་དྲགས་མཐོང་མ་སོང་པས། ང་ཚོ་ཟུང་འབྲེལ་གྱི་ཐོག་ནས་༧སྐུའི་གོ་སྟོན་སྲུང་གཙི་ཞུ་རྒྱུ་བྱས་པ་རེད། འདི་ནི་བོད་དང་ཧི་མ་ལ་ཡ་གཉིས་ཕ་མེས་ཡང་མེས་ནས་ཆོས་དང་རིག་གཞུང་སོགས་ཀྱི་རྒྱུད་གཅིག་པ་ཡིན་དུས། ང་ཚོའི་འབྲེལ་ལམ་སྔར་ལས་དམ་ཟབ་གཏོང་སླད་ཡིན། དེ་བཞིན་གཞོན་སྐྱེས་ནང་ཁུལ་དུ་ཚོགས་འདུ་ཚོགས་ཏེ་བསམ་ཚུལ་བརྗེ་རེས་བྱེད་པ་ཧ་ཅང་ཉུང་ཉུང་མཐོང་གི་འདུག  ད་ལན་མོན་པའི་ངོས་ནས་རྒྱལ་སྤྱིའི་བོད་ཀྱི་མཐོ་རིམ་སློབ་མ་རྣམས་དང་ལྷན་ཏུ་ཤེས་ཡོན་བརྗེ་ལེན་དང་༧གོ་སྟོན་སྲུང་གཙིའི་ཐོག་ནས་འཚོག་གི་ཡོད།  ཚོགས་ཆེན་ནང་མོན་སྐད་དང་བོད་སྐད་ཀྱི་ཐོག་ནས་ཚོགས་འདུ་ཁ་ཁ་འཚོག་གི་ཡོད། དེ་ནི་མོན་ནང་དུ་མཚོན་ན་ཚོགས་འདུ་དམིགས་བསལ་ཞིག་ཆགས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས་ཐེངས་འདིའི་ཚོགས་ཆེན་གྱི་གལ་གནད་སྐོར་ལ།  བོད་དང་མོན་གཉིས་ཀྱི་གནའ་བོའི་ལོ་རྒྱུས་གཅིག་པ་ཡིན་པ་དང་། ཆོས་དང་རིག་གཞུང་། དེ་བཞིན་བླ་མ་གཅིག་གི་སློབ་མ་སོགས་གཅིག་པ་ཡིན་ཡང་།  ནམ་རྒྱུན་བོད་པ་དང་མོན་པ་ཞེས་ཁ་ཁར་བསྡད་ཡོད་པས། ང་ཚོའི་གཞོན་སྐྱེས་རྣམས་ཀྱིས་ནང་ཁུལ་གྱི་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་དང་། ལྷག་པར་དུ་ང་ཚོ་ཚང་མ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སློབ་མ་གཅིག་པ་ཡིན་དུས། ང་ཚོ་ཟུང་འབྲེལ་གྱི་ཐོག་ནས་འདི་འདྲའི་སྡིངས་ཆ་ཞིག་དགོས་ཀྱི་འདུག ད་ལྟ་བར་དུ་འདི་འདྲ་བྱུང་མི་འདུག རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ཚོགས་ཆེན་ཚོགས་སྟངས་དང་གཅིག་པ་ཡིན་དུས། ང་ཚོ་ཟུང་འབྲེལ་གྱིས་ཚོགས་འདུ་འཚོགས་པ་དམིགས་བསལ་གལ་ཆེན་རེད། དེ་ཡང་ལོ་རྒྱུས་དང་། ཆོས་ཕྱོགས། སྤྱི་ཚོགས་ཀྱི་ཐོག་ནས་བལྟས་ན་འདི་ཧ་ཅང་གལ་ཆེན་པོ་རེད། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ཚོགས་ཆེན་ཐེངས་བཅུ་བདུན་འཚོགས་ཟིན་པ་རེད། ང་ཚོས་བོད་ཀྱི་མཐོ་རིམ་སློབ་མ་རྣམས་ལ་དཔེ་བལྟ་བའི་ཆེད་དུ། དེ་རིང་གི་༧སྐུའི་གོ་སྟོན་མཛད་སྒོ་ཞིག་བོད་ཀྱི་མཐོ་རིམ་སློབ་མའི་ལྷན་ཚོགས་ལ་གཙོ་སྐྱོང་བྱེད་དུ་བཅུག་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཚོགས་ཆེན་ཐོག་ཨ་རུ་ན་ཅལ་དང་བོད་བར་གྱི་གནས་སྤོ་དང་ཚོང་ལམ་ངོ་སྤྲོད། དགའ་ལྡན་ཕོ་བྲང་གི་སྲིད་དབང་དར་ནས་ཕྱི་ལོ་ ༡༩༥༩ བར་གྱི་བོད་དང་ཧི་མ་ལ་ཡའི་མི་རིགས་སྤྱི་དང་ཡང་སྒོས་མོན་པའི་བར་གྱི་ཆབ་སྲིད་འབྲེལ་ལམ་སྐོར།  མོན་བོད་བར་གྱི་སྒྱུ་རྩལ་འབྲེལ་ལམ་སྐོར། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ཟེར་བ་དེས་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་ཤུགས་རྐྱེན་ཇི་ཡོད། མོན་ཡུལ་དུ་བྷོ་ཊའི་གལ་གནད་དང་རྒྱ་གར་རྩ་ཁྲིམས་དོན་ཚན་དྲུག་པར་ཚུད་དགོས་པའི་དགོས་དམིགས། གནའ་སྔ་མོའི་དུས་ཀྱི་མོན་ཞེས་པའི་ཐ་སྙད་ཀྱི་ཁྱབ་ཁོངས་དང་མིང་ཐོགས་ཚུལ། མོན་གྱི་ཆང་ས་དང་གཉེན་སྒྲིག་གི་རིག་གནས། དཱ་ཧུང་མཐོ་སློབ་དེ་མོན་གྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་གལ་ཆེ་ཚུལ། དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་ནང་ཆོས་ཉམས་ལེན་བྱེད་ཚུལ།   མོན་གྱི་གནའ་བོའི་གཞས་ཚིག་དང་རོལ་དབྱངས་སོགས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese