མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཁེ་རི་བྷེ་ཡན་གླིང་ཕྲན་དུ་མཚོ་རླུང་ཚད་རིམ་ ༡༧༥ ཅན་ཞིག་བརྒྱབ་ཡོད་ཀྱང་ད་ལྟའི་ཆར་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་འདུག

This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཉིན་རྒྱབ་ཏུ་ཨ་རིའི་ཁེ་རི་བྷི་ཡན་ (Caribbean) གླིང་ཕྲན་དུ་ཡོད་པའི་ཇ་མ་ཡེ་ཀ་ (Jamaica) རུ་མེ་ལི་སཱ་ (Mellissa) ཞེས་པའི་མཚོ་རླུང་ཚད་རིམ་ ༡༧༥ ཅན་ཞིག་བྱུང་ཡོད་པ་དང་། འདི་ནི་ཕྱི་ལོ་ ༢༠༢༥ ལོའི་འཛམ་གླིང་གི་མཚོ་རླུང་ཤུགས་ཆེ་ཤོས་བྱུང་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༣༠ བར་ཇ་མ་ཡེ་ཀ་ (Jamaica) རྒྱལ་ཁབ་ཏུ་མི་གྲངས་ ༥ དང་། ཧའེ་ཊི་ (Haiti) རྒྱལ་ཁབ་ཏུ་མི་གྲངས་ ༢༩། དེ་བཞིན་ཌོ་མི་ནི་ཁན་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ནས་མི་གཅིག པ་ན་མཱ་ (Panama) རྒྱལ་ཁབ་ནས་མི་ ༣ བཅས་ཁྱོན་མི་གྲངས་ ༣༨ ཙམ་རྐྱེན་འདས་སུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་མི་གྲངས་ཇི་ཙམ་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་དེ་གསལ་ཁ་མི་འདུག

ཨ་རིའི་ཧྥི་ལོ་རི་ཌ་ (Florida) མངའ་སྡེ་རུ་ཡོད་པའི་རྒྱལ་ཡོངས་མཚོ་རླུང་ལྟེ་གནས་ཁང་ (National Hurricane Center) གིས། མཚོ་རླུང་གི་ཤུགས་ཚད་ཇེ་ཆེར་འགྲོ་ཉེན་ཡོད་པས་རང་ཁྱིམ་ནས་ཕྱི་རོལ་དུ་འགྲོ་སྐྱོད་མི་ཆོག་པའི་ལམ་སྟོན་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོར་ཁུ་བྷ་ (Cuba) དང་། ཕྱི་ཚེས་ ༢༩ ཉིན་བྷ་ཧ་མ་སི་ (Bahamas) རྒྱལ་ཁབ་སོགས་ལ་མཚོ་རླུང་འཕྱུར་ཏེ། ཆུ་ལོག་དང་ས་རུད་ཀྱི་གོད་ཆག་བྱུང་ཡོད་འདུག་ལ། ཁུ་བྷ་རུ་གནས་སྡོད་ཡུལ་མི་ ༧༣༥,༠༠༠ ལྷག་ཛ་དྲག་གི་གནས་སྟངས་འོག་ས་གནས་གཞན་དུ་གནས་སྤོས་བྱེད་དགོས་བྱུང་ཡོད་འདུག

དེ་འབྲེལ་ཇ་མ་ཡེ་ཀའི་སྲིད་བློན་ཨེན་ཌི་རི་ཡུ་ (Andrew Holness) ལགས་ཀྱིས། མི་མང་རྣམས་ཀྱིས་མཚོ་རླུང་བྱུང་བའི་སྐབས་རང་ཁྱིམ་དུ་སྡོད་དགོས་པ་དང་། གཞུང་གི་ལམ་སྟོན་ལྟར་ས་གནས་གཞན་དུ་གནས་སྤོར་བྱེད་དགོས་པའི་འབོད་སྐུལ་གནང་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཆེད་མཁས་པ་ཚོས་ད་ལན་གྱི་མཚོ་རླུང་དེས་ཇ་མ་ཡེ་ཀ་རྒྱལ་ཁབ་ནང་ཆུ་ལོག་དང་ས་རུད་ཀྱི་གོད་ཆག་ཆེན་པོ་བྱུང་སྟེ། མི་རྒྱུ་གཉིས་ལ་དོ་ཕོག་ཆེན་པོ་འབྱུང་ཉེན་ཡོད་སྐོར་དང་། མཚོ་རླབས་ཧྥི་ཊི་ ༡༣ འཕར་རྒྱུ་ཡིན་སྐོར། དུས་ཡུན་རིང་པོར་གློག་ཆད་པའི་དཀའ་ངལ་འཕྲད་རྒྱུར་གྲ་སྒྲིག་དགོས་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༦ ཉིན་ཨ་རིའི་ཁེ་རི་བྷི་ཡན་གླིང་ཕྲན་དུ་ཨིར་མཱ་ (Irma) ཞེས་པའི་མཚོ་རླུང་ཚད་རིམ་ ༡༨༥ ཅན་ཞིག་བརྒྱབ་སྟེ། མི་གྲངས་ ༣༧ རྐྱེན་འདས་སུ་གྱུར་ཞིང་། རྒྱལ་ཁབ་དེའི་བྷར་བྷོ་ཌ་ (Barbuda) ཞེས་པའི་གླིང་ཕྲན་ཆུང་ཆུང་ཞིག་མཚོའི་ནང་དུ་ནུབ་ཡོད་འདུག་ལ། མཚོ་རླུང་དེ་ནི་དུས་རབས་གཅིག་གི་རིང་ལ་བྱུང་མ་མྱོང་བའི་ཨེ་ཊི་ལན་ཊིག་ (Atlantic) རྒྱ་མཚོའི་ཤུགས་ཚད་ཆེས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese