མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེས་ལོ་རྒྱུས་དང་རིག་ཚན་གང་གི་ཐད་ནས་ཀྱང་རིགས་གཅིག་རྐང་འཛིན་དེ་གལ་ཆེན་པོ་ཆགས་བསྡད་ཡོད་ཅེས་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༣

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ སྟེང་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༣ དང་ ༤ ཉིན་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་ལོ་རྒྱུས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས། དེ་བཞིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་། ས་རཱ་མཐོ་སློབ་སོགས་ནས་ཕེབས་པའི་ཚོགས་བཅར་བ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་བཅས་འཛོམས་པའི་ཐོག ཡང་སྟེང་རིན་པོ་ཆེ་དང་ཀརྨ་ཆོས་དབྱིངས་རྣམ་གཉིས་ཀྱིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་སོང་ལ། ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བགྲོ་གླེང་གི་ཚོགས་ཐུན་དང་པོའི་སྟེང་གསུང་བཤད་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་འདྲ་མིན་ཞིག་ལག་བསྟར་བྱེད་བཞིན་པ་དང་ལྷག་པར་དུ་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས་འགྲོ་བཞིན་ཡོད། ད་ལྟ་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་ལ་འཁྱོག་བཤད་ལུང་པ་གང་བྱས་ནས་བསྡད་ཡོད་པའི་ཐད་ཞིབ་འཇུག་བྱས་ཏེ་གདོང་ལེན་གནང་རྒྱུ་གལ་ཆེན་ཡིན། བོད་པའི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ལ་རྩོམ་ཡིག་འབྲི་བ་དང་སྐད་ཆ་བཤད་པ། ཡིག་ཆ་འགྲེམས་སྤེལ་སོགས་བྱ་རྒྱུ་ནི་ང་ཚོའི་འགན་ཆགས་བསྡད་ཡོད། ང་ཚོ་བོད་པའི་ཉམས་ཞིབ་པ་ཡིན་ཟེར་བཞིན་རྒྱལ་སྤྱིའི་ཆབ་སྲིད་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱ་རྒྱུ་གལ་ཆེན་ཡིན་ཡང་བོད་དང་བོད་རྒྱའི་བཀའ་རྙོག་སོགས་ལ་འབྲེལ་བ་མ་བཏགས་ཚེ་དགེ་མཚན་གང་ཡང་མཐོང་གི་མི་འདུག ང་ཚོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བོད་པའི་ཚོགས་སྡེ་ཁག དེ་བཞིན། བོད་མི་སྒེར་བ་སོགས་སུ་ཡིན་ཡང་ཚང་མས་བོད་ཀྱི་རྩ་དོན་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་གཙོ་བོ་ཆགས་བསྡད་ཡོད་ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེས། དེ་རིང་ཉམས་ཞིབ་པའི་ཁྲོད་ལོ་རྒྱུས་དང་བརྡ་སྤྲོད། ཆབ་སྲིད། ནང་ཆོས་ལ་ཉམས་ཞིབ་གནང་མཁན་ཡང་འདུག རྣམ་པ་ཚོས་ང་ཚོ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། བརྡ་སྤྲོད། ནང་དོན་རིག་པའི་སྡེ་ཚན་བྱེ་བྲག་པར་ཞིབ་འཇུག་བྱས་ཏེ། ཆེད་མཁས་པ་དང་རིགས་གཅིག་རྐང་འཛིན་གནང་བཞིན་པར་ཧ་ཅང་དགའ་བོ་བྱུང་། གལ་ཆེན་པོ་རེད། འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་གོང་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་གཅིག་རྐང་འཛིན་པ་དགོས་ཀྱི་འདུག་ཅེས་ཡང་ཡང་གསུངས་ཡོད། ལོ་རྒྱུས་ལ་སོགས་དཔེར་ན་ནང་དོན་རིག་པར་ཆ་མཚོན་ན་དབུ་མ་རིགས་གཅིག་རྐང་འཛིན་པ་དང་ཕར་ཕྱིན་རིགས་གཅིག་རྐང་འཛིན་པ་དགོས་ཀྱི་འདུག རིགས་གཅིག་རྐང་འཛིན་བྱས་པ་ཡིན་ན། ཕར་ཕྱིན་དང་འབྲེལ་བའི་རིགས་གཅིག་རྐང་འཛིན་པས་ཕར་ཕྱིན་དང་འབྲེལ་བའི་གཞུང་ལུགས་ཆ་ཚང་ལ་བལྟས་ཏེ། གཙང་མ་དང་ཆ་ཚང་བ། ཁུངས་བརྟན་པོ་ཡག་པོ་ཞིག་ཡོང་ཐུབ་ཀྱི་ཡོད། དེར་བརྟེན། གཞུང་ཆེན་པོ་སོ་སོར་རིགས་གཅིག་རྐང་འཛིན་པ་དགོས་ཀྱི་འདུག་ཅེས་བཀའ་སློབ་གནང་ཡོད། དངོས་ཡོད་གནས་ཚུལ་ལའང་དགོས་ཀྱི་ཡོད། རིགས་གཅིག་རྐང་འཛིན་བྱས་པ་ཡིན་ན། གོང་དུ་ཞུས་པ་བཞིན་གཞུང་སོ་སོའི་དགོངས་པ་དང་དོན་ཆ་ཚང་མཁྱེན་རྟོགས་ཐུབ་པའི་རིགས་གཅིག་རྐང་འཛིན་པ་ཡོང་ཐུབ་ཀྱི་ཡོད། དེ་མིན་ང་ཚོས་ཐོས་བསམ་བྱེད་བཞིན་པའི་སྐབས་མི་གཅིག་གིས་གཞུང་ཚང་མར་གཟིགས་ཀྱི་ཡོད་པ་དང་གཞུང་འཁྲིད་པའི་སྐབས་སུ་དགེ་ལགས་གཅིག་གིས་གཞུང་ལུགས་ཚང་མ་འཁྲིད་ཀྱི་ཡོད་ལ། མི་ཚེ་ཧྲིལ་པོའི་དེའི་སྟེང་དུ་བཏང་བ་ཡིན་ན་དེར་དམིགས་བསལ་གྱི་ནུས་པ་ཞིག་ཡོད་ཀྱང་། རིགས་གཅིག་རྐང་འཛིན་བྱས་པ་ཡིན་ན། དེ་ལས་ལྷག་གིས་ཞིབ་ཚགས་དང་ཚགས་ཚུད་པོ་ཡོང་གི་རེད་བསམས་ནས་རྒྱུན་དུ་སེམས་ནང་འཁོར་བསྡད་ཡོད། བོད་ལ་གང་ཟག་གཅིག་གིས་གཞུང་བཀའ་པོད་ཆ་ཚང་ལ་སློབ་གཉེར་བྱས་པ་དང་གཞུང་ལུགས་བྲིས་པ་སོགས་བྱས་ཚེ་གཞུང་ལུགས་རང་སྐྱ་ལ་མཁས་པ་ཟེར་ནས་མཁས་པའི་ཚུལ་ཆོས་ལོན་པ་ཏན་ཏན་ཡོང་གི་ཡོད་རྒྱུ་རེད། ཁག་ཅིག་ལ་མཚན་ཉིད་ཆ་ཚང་བ་ཞིག་ཡོང་གི་ཡོད་པ་དང་མང་པོ་ཞིག་ལ་མཚན་ཉིད་ཆ་ཚང་བ་ཞིག་ཡོང་གི་ཡོད་མེད་ཧ་གོ་མ་སོང་། གང་ལྟར་ང་ཚོས་རྒྱ་གར་ལ་བལྟས་པ་ཡིན་ན། དབུ་མའི་བསྟན་བཅོས་རྩོམ་མཁན་གྱི་མཁས་པ་ཞིག་ཡིན་ན་དབུ་མ་རང་མ་གཏོགས་ཕར་ཕྱིན་སོགས་ཀྱི་དགོངས་འགྲེལ་མཛད་པ་ཞེ་དྲགས་མཐོང་རྒྱུ་མི་འདུག དེར་བརྟེན། ལོ་རྒྱུས་དང་རིག་ཚན་གང་གི་ཐད་ནས་ཀྱང་རིགས་གཅིག་རྐང་འཛིན་དེ་གལ་ཆེན་པོ་ཆགས་བསྡད་ཡོད། ཅེས་གསུངས་སོང་།

ཐེངས་འདིའི་ཚོགས་འདུའི་ཐོག་བོད་པའི་མཐོ་སློབ་ཁག་ཏུ་འབུམ་རམས་པ་དང་འབུམ་རམས་སློབ་མ། གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་བཞིན་པ་སོགས་ཁྱོན་ཚོགས་བཅར་བ་ ༢༦ གིས་མཉམ་ཞུགས་བྱས་ཏེ། དེང་རབས་ལོ་རྒྱུས་དང་ཆབ་སྲིད། བརྡ་སྤྲོད། བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས། བོད་ཀྱི་ལོ་རྒྱུས། གནའ་དེང་རྩོམ་རིག་གི་སྐོར། གནའ་རབས་ཆོས་ལུགས་དང་ལོ་རྒྱུས། ཡིག་ཚགས་ཀྱི་སྐོར། བོད་ཀྱི་བརྩམས་སྒྲུང་དང་ལེགས་བཤད་སོགས་ཀྱི་སྐོར་ལ་རྩོམ་ཡིག་སྒྲོག་སྦྱངས་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༣ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese