མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཇམ་བོད་ཀྱི་གཞོན་སྐྱེས་འབྲེལ་མཐུད་འདུ་འཛོམས་ཐེངས་གཉིས་པ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཇམ་བོད་ཀྱི་གཞོན་སྐྱེས་འདུ་འཛོམས་དེ་བཙན་བྱོལ་དུ་གནས་པའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་མིའི་བདེན་དོན་ལ་འགན་འཁུར་བ་དང་མཐུན་སྒྲིལ་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུར་དམིགས་པ་ཞིག་ཡིན་འདུག

བོད་རིགས་གཞོན་སྐྱེས་འདུ་འཛོམས་ཐེངས་གཉིས་པ་ཚོགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉེ་ལམ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག སྦེལ་ཇམ་བོད་ཀྱི་གཞོན་སྐྱེས་འབྲེལ་མཐུད་འདུ་འཛོམས་ཐེངས་གཉིས་པ་ཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། སྦེལ་ཇམ་སྐུ་ཚབ་དོན་ཁང་གི་ཡོ་རོབ་བོད་དོན་ཞུ་གཏུག་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས། སྦེལ་ཇམ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་ཟུར་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་ བསོད་ནམས་རབ་བརྟན་ལགས། དེ་བཞིན་སྦེལ་ཇམ་ས་གནས་ཀྱི་བོད་རིགས་གཞོན་སྐྱེས་གྲངས་ ༢༦ བཅས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་སྦེལ་ཇམ་སྐུ་ཚབ་དོན་གཅོད་བདེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ཐེངས་འདིའི་འདུ་འཛོམས་ཀྱི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་ནང་གི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པ་དང་། མཐུན་སྒྲིལ་གྱི་འདུ་ཤེས་གོང་འཕེལ་གཏོང་བ། བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་འགན་འཁུར་བའི་ནུས་པ་གོང་སྤེལ་གཏོང་རྒྱུ་བཅས་ཡིན་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ནས་བོད་དོན་ལ་དོ་སྣང་བྱ་རྒྱུ་དང་། བོད་ཀྱི་འཐབ་རྩོད་རྒྱུན་གནས་ཆེད་བོད་རིགས་གཞོན་སྐྱེས་རྣམས་ཀྱི་འོས་འགན། དེ་བཞིན་བོད་དོན་ཞུ་གཏུག་ཐོག་བོད་ཀྱི་གཞོན་སྐྱེས་རྣམས་མཉམ་ཞུགས་གནང་དགོས་པའི་གལ་གནད་སྐོར་འགྲེལ་བརྗོད་གནང་འདུག

སྦེལ་ཇམ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་འདི་ལོ་འཛམ་གླིང་ཡོངས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་སྲུང་གཙི་བྱེད་བཞིན་ཡོད་པ་དང་བསྟུན། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཁྲོད་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། ༧གོང་ས་མཆོག་གི་དགོངས་གཞི་སོགས་ངོ་སྤྲོད་བྱེད་བཞིན་ཡོད་པས། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་དུས་དང་མཐུན་པའི་ཐོག་རྒྱལ་སྤྱིའི་སྡིངས་ཆའི་གོ་སྐབས་བཟུང་སྟེ། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ལས་གཞི་སྤེལ་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་སུ་གོ་རྟོགས་སྤེལ་བར་མཉམ་ཞུགས་གང་མང་གནང་སྟེ་འབད་བརྩོན་བྱ་དགོས་སྐོར་བརྗོད་འདུག

དེ་བཞིན་སྦེལ་ཇམ་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་ཟུར་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་བསོད་ནམས་རབ་བརྟན་ལགས་ཀྱིས། སྦེལ་ཇམ་བོད་རིགས་གཞོན་སྐྱེས་འདུ་འཛོམས་ཐེངས་གཉིས་པའི་ཐོག་ས་གནས་གཞོན་སྐྱེས་མང་པོ་མཉམ་ཞུགས་གནང་བར་དགའ་བསུ་ཞུས་ཡོད་པ་མ་ཟད། སྐབས་དེར་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་རྒྱལ་སྤྱི་དང་ས་གནས་རྒྱལ་ཁབ་ནང་དུ་བོད་དོན་ཞུ་གཏུགས་ཀྱི་གནས་སྟངས་དང་གལ་ཆེན་རང་བཞིན་སྐོར་ངོ་སྤྲོད་ཞུས་ཏེ། མ་འོངས་བར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་དང་ཚགས་ཚུད་ཡོང་ཐབས་སྐོར་ལ་བགྲོ་གླེང་གནང་ཡོད་འདུག སྐབས་དེར་༧གོང་ས་མཆོག་ནས་དམངས་གཙོ་གནང་བའི་ལེགས་སྐྱེས་ཞེས་པའི་དངོས་བཤུས་གློག་བརྙན་ཞིག་གཟིགས་འབུལ་ཞུས་ཡོད་པ་དང་། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་གློག་བརྙན་དེ་དང་འབྲེལ་ནས་ཚོགས་བཅར་བ་རྣམས་ཀྱིས་དྲི་བར་ལན་འདེབས་གནང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་སྦེལ་ཇམ་སྦྲག་ཁང་ལ་འབྲེལ་ལམ་གྱིས་༧གོང་ས་མཆོག་གི་༧སྐུའི་གོ་སྟོན་བྱམས་བརྩེའི་ལོ་སྲུང་བརྩིའི་སླད་དྲན་རྟེན་སྦྲག་ཐམ་ཁག་ཅིག་འདོན་སྤེལ་ཞུས་ཡོད་འདུག འདི་ལོ་ཕྱི་ཟླ་ ༩ ཚེས་༢༡ ཉིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྣེ་ཁྲིད་འོག་སྦེལ་ཇམ་༸རྒྱལ་བའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་སྦར་སིལ་གྲོང་ཁྱེར་ནང་བྱམས་བརྩེ་དང་ཞི་བདེ། བདེ་ཐང་བཅས་ཀྱི་ཁ་བྱང་འོག་བོད་མི་ ༧༠ ལྷག་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཏེ་༸རྒྱལ་བའི་གོ་སྟོན་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༢ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༤ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese