མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གཏམ་བཤད་གནང་བར་རྒྱ་ནག་གིས་འགོག་ཐབས་བྱས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་བགྲོ་གླེང་ཐེངས་ ༡༨ པའི་ཐོག་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་རྣམས་སྒོ་རྒྱག་དགོས་སྐོར་གཏམ་བཤད་གནང་སོང་།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། ༢༠༢༥།༡༡།༢༨ པར་ཐད་གཏོང་ནས་་བླངས།

ཕྱི་ཟླ་ ༡༡ ཚེས་ ༢༧ དང་ ༢༨ ཉིན་གྲངས་གཉིས་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་བགྲོ་གླེང་ཐེངས་ ༡༨ པ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནས་བསྟན་འཛིན་སྒྲོལ་དཀར་ལགས། ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་སྤེན་པ་སྒྲོལ་མ་ལགས་དང་ཚེ་ལྷ་ལགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་མཆེད་གྲོགས་ལས་གཞིའི་ནང་མཉམ་ཞུགས་བྱེད་མཁན་བོད་རིགས་སློབ་མ་བྱམས་པ་ལགས། སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྒན་པ་དང་འཐབ་ཇུས་པ་བསྟན་འཛིན་རྡོ་རྗེ་ལགས་མཉམ་ཞུགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་འཛམ་གླིང་གི་རྒྱལ་ཁབ་ ༢༦ གི་སྐུ་ཚབ་དང་གནད་ཡོད་མི་སྣ་འཛོམས་ཡོད་འདུག

ཕྱི་ཚེས་ ༢༨ ཉིན་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་སྣང་མེད་གཏོང་གི་ཡོད་པ་དང་། བོད་མི་རྣམས་གྲངས་ཉུང་མི་རིགས་ཤིག་མིན་ཡང་། རྒྱ་ནག་གཞུང་གིས་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་བསྒྱུར་བ་ཞིག་རེད། ཕྱི་ལོ་ ༢༠༡༢ ནས་བཟུང་རྒྱ་ནག་གཞུང་གིས་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་མི་དང་། ཡུ་གུར་བ། ལྷོ་སོག་སོགས་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། སོ་སོའི་རིག་གཞུང་དང་སྐད་ཡིག ངོ་བོ་སོགས་རྩ་མེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པར་མ་ཟད། བཙན་གྱིས་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད། རྒྱ་ནག་གིས་རྒྱལ་ཁབ་བརྟན་ལྷིང་ཡོང་བར་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་ངེས་པར་དུ་བཟོ་དགོས་ཀྱི་ཡོད་ཚུལ་བསྒྲགས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གཞུང་གིས་ཤར་ཊུར་ཀི་སི་ཐན་ནང་ཡུ་གུར་བ་ས་ཡ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། རྒྱ་ནག་གིས་ལྷོ་སོག་མི་རིགས་རྣམས་ལ་སོ་སོའི་སྐད་ཡིག་བཀོལ་སྤྱོད་བྱེད་པར་བཀག་སྡོམ་བྱས་ཡོད་པར་བརྟེན། ལྷོ་སོག་མི་མང་བརྒྱ་ཆ་ ༣༠ ལྷག་གིས་ཕ་སྐད་བཤད་ཤེས་ཀྱི་མེད་པ་རེད། དེ་བཞིན་བོད་ནང་གི་བོད་ཕྲུག་ས་ཡ་ ༡ ལྷག་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པ་དང་། ས་གནས་ཀྱི་སློབ་གྲྭ་སྒོ་ཕྱེས་ཏེ་བོད་ཕྲུག་རྣམས་ཕ་མ་དང་ཁ་ཐག་ཉེ་རུ་གཏོང་དགོས་པ། གྲངས་ཉུང་མི་རིགས་རྣམས་ལ་སོ་སོའི་སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་དང་ཡར་རྒྱས་གཏོང་བའི་ཐོབ་ཐང་སྤྲོད་དགོས་སྐོར་སོགས་འགྲེལ་བརྗོད་གནང་འདུག

Eighteenth session of the Forum on Minority Issues

ཁོང་གིས་གཏམ་བཤད་གནང་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས། གཏམ་བཤད་པས་བདེན་དཔང་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་དེ་མི་སེར་སྤེལ་ཡུལ་གྱི་ལག་ཆ་ཡིན་ཚུལ་བརྗོད་དེ་རྒྱ་ནག་ལ་མིང་ཆད་ངན་པ་བཟོ་ཡི་འདུག་པས། གཏམ་བཤད་མཚམས་འཇོག་དགོས་པའི་འབོད་སྐུལ་ཐེངས་གཉིས་ཞུས་སོང་། ཡིན་ནའང་། བསྟན་འཛིན་རྡོ་རྗེ་ལགས་ལ་མུ་མཐུད་གཏམ་བཤད་གནང་བའི་གོ་སྐབས་གནང་བ་ལྟར། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ལྷོ་སོག་ནང་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པའི་གནད་དོན་སྐོར་བཤད་པ་དང་། ཚོགས་ཞུགས་པ་རྣམས་ཀྱིས་ཁོང་གི་གཏམ་བཤད་ལ་དགའ་བསུའི་ཕྱག་བརྡབས་སོང་།

ཚོགས་འདུའི་ཉིན་དང་པོར་སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པའི་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་གི་གནས་སྟངས་ཐེར་འདོན་དང་། གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་མཁན་གྱི་གྲྭ་བཙུན་ ༡༠༠༠ ལྷག་ལ་ཉེས་མེད་ཉེས་འཛུགས་བྱས་ཏེ་ཕྱིར་ཕུད་བཏང་བ་མ་ཟད། རྒྱ་ནག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་སྐོར་གསལ་སྟོན་དང་། ཁུལ་དེར་གནས་མཇལ་དུ་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བཀག་སྡོམ་དང་། ཕྱི་ཟླ་ ༨ ཚེས་ ༡༨ ཉིན་དགེ་འདུན་པ་ཤེར་བཟང་རྒྱ་མཚོ་ལགས་རྒྱ་ནག་གཞུང་གི་དམ་དྲག་ལ་མ་བཟོད་པར་རང་སྲོག་བཅད་པའི་སྐོར་ནན་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་པ་དང་འབྲེལ་ནས་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་བཀག་སྡོམ་དགོས་པའི་དོན་ཚན་བཅུ་དྲུག་འདོན་སྤེལ་བྱས་པ་དང་། བོད་སྐད་ཐོག་སློབ་ཁྲིད་བྱ་རྒྱུ་མཚམས་འཇོག་བྱེད་པ་དང་། ཕྲུ་གུ་རྣམས་ལ་སོ་སོའི་སྐད་ཡིག་ཐོག་སློབ་སྦྱོང་བྱེད་པའི་ཐོབ་ཐང་སྤྲད་མེད་པར་བརྟེན། སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་ངོ་བོ་ཉམས་ཆག་འགྲོ་མུས་ཡིན་སྐོར་དང་། ཕྱི་ལོ་ ༢༠༢༤ ཟླ ༥ པའི་ནང་མཁན་པོ་བསྟན་པ་དར་རྒྱས་ལགས་དང་གྲོང་པའི་མི་ ༢༠ ཡིས་སྐད་ཡིག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་བཙུགས་པར་བརྟེན་བཙན་བཟུང་བྱས་ཡོད་པ་དང་། བོད་ནང་གི་རིག་གཞུང་སྲུང་སྐྱོབ་པ་རྣམས་ལ་ཉེན་ཁ་འཕྲད་བཞིན་ཡོད་པ། དེ་བཞིན་རྒྱ་ནག་གི་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོན་པོ་རྣམ་རྒྱལ་ལགས་ཀྱི་གནད་དོན་གསལ་སྟོན་གནང་འདུག

ཁོང་གིས། ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་བཅུག་མེད་པ་དེ་བོད་ནང་ཁྲིམས་ལུགས་ཀྱི་སྒྲིག་གཞི་ལ་དྲང་བདེན་དང་ཁ་གསལ་མེད་པ་གསལ་སྟོན་དང་། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྒྱ་གཞུང་གིས་བཙན་བཟུང་བཀག་ཉར་དང་། བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། ཝི་ཐི་ནམ་དུ་དོགས་གཞི་ཆེན་པོས་འདས་གྲོངས་སུ་གྱུར་བའི་སྐོར་སོགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese