མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་འོས་མིར་ལངས་མཁན་གསུམ་གྱིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་འོས་མི་ཁག་ཅིག་ནས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱ་རྒྱུའི་གསལ་འགོད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༢༥།༡༢།༣ བོད་ཀྱི་དུས་བབ་གསར་ཁང་གི་པར།

ཐོག་མར་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་དབུས་གཙང་གི་སྤྱི་འཐུས་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་གྱི་ཡོད། སྤྱི་འཐུས་ནང་ཆ་ཤས་ལེན་དགོས་པའི་རྒྱུ་མཚན་ནི་ད་ལྟའི་ཆར་མི་ཐོགས་གསར་པས་འགན་འཁུར་གྱི་རྣམ་པའི་ཐོག་ནས་ཆ་ཤས་ལེན་གྱི་ཡོད། འདས་པའི་ལོ་བཅུའི་ནང་སྤྱི་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་རྣམ་པ་མང་པོ་ཐོན་གྱི་ཡོད་པར་བརྟེན། གཞོན་སྐྱེས་མང་པོ་ཞིག་བོད་པའི་སྤྱི་ཚོགས་དང་བོད་པའི་འཐབ་རྩོད་དང་སེམས་ཐག་རིང་དུ་འགྲོ་བ་སོགས་གནོད་སྐྱོན་ཡོང་གི་ཡོད་པར་སེམས་འཚབ་བྱུང་གི་འདུག ད་ལྟའི་ཆར་བཙན་བྱོལ་ནང་བོད་དོན་ལས་འགུལ་སྤེལ་མཁན་དང་། བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་བྱེད་མཁན་ཉུང་དུ་འགྲོ་ཡི་འདུག དེར་བརྟེན་གོ་སྐབས་འབྱུང་ན་སོ་སོའི་ངོས་ནས་བྱེད་ཀྱི་ཡིན་ཞེས་བརྗོད་དེ་སྤྱི་འཐུས་སུ་ལངས་པ་ཡིན། ཞེས་བརྗོད་བྱུང་།

ནོར་གླིང་མཐོ་སློབ་ཀྱི་རྒྱ་ཡིག་དགེ་རྒན་རྒྱལ་མཚན་ཆོས་སྐྱིད་ལགས་ཀྱིས། བོད་ཀྱི་སྐད་ཡིག་དར་སྤེལ་དང་རྒྱུན་འཛིན་བྱེད་ཐུབ་པ་དང་། རྒྱ་ནག་གི་ཆབ་སྲིད་ལ་དབྱེ་ཞིབ་ཀྱི་ནུས་པ་འདོན་ཐུབ་པ། བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་བྱེད་ཐུབ་པ་བཅས་དོན་ཚན་གསུམ་ལ་དམིགས་ཏེ་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་ལངས་ཀྱི་ཡོད། དེ་ཡང་ང་ཚོ་བོད་མི་རིགས་གནས་དང་མ་གནས་ཀྱི་གཙོ་བོ་དེ་སྐད་ཡིག་ལ་ཐུག་ཡོད། ལོ་མང་པོའི་རིང་སོ་སོའི་སྐད་ཡིག་ཐོག་སློབ་སྦྱོང་བྱས་པར་བརྟེན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་འོས་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ནང་གི་ན་གཞོན་མང་པོ་ཞིག་ལ་མི་རིགས་ཀྱི་ལ་རྒྱ་དང་། སྐད་ཡིག་ལ་ཞེན་པ། རྒྱལ་ཞེན་གྱི་བསམ་བློ་གོང་མཐོར་གཏོང་ཐུབ་པ་བྱ་རྒྱུའི་དམ་བཅའ་ཡོད། བོད་དོན་འཐབ་རྩོད་བྱེད་པར་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དང་། ཆབ་སྲིད་ཀྱི་འགྱུར་འགྲོས་ཐོག་དབྱེ་ཞིབ་བྱེད་ཐུབ་པ་དགོས་ཀྱི་ཡོད་པ་རེད། ངས་རྒྱ་ཡིག་ཤེས་ཀྱི་ཡོད་པར་བརྟེན་རྒྱ་སྐད་ཐོག་དབྱེ་ཞིབ་བྱེད་པའི་ནུས་པ་དམིགས་བསལ་ཞིག་ཡོད་བསམ་གྱི་འདུག བོད་མིའི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་དགོས་གལ་ཆེན་པོ་འདུག་ལ། ང་རང་བོད་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པའི་ཆ་ནས་བོད་ནང་་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་དང་། བོད་ནང་གི་བོད་མིའི་འཚོ་བ་དང་སེམས་ཚོར། བོད་ནང་གི་གནས་སྟངས་སོགས་ལ་རྒྱུས་མངའ་ཡོད་པར་བརྟེན། རྒྱལ་སྤྱིའི་སྟེང་བོད་ནང་གི་གནས་སྟངས་གླེང་སློང་བྱ་རྒྱུའི་འོས་འགན་ཡོད་པ་དང་བྱེད་འོས་པ་ཞིག་ཡིན། ཞེས་བརྗོད་བྱུང་།

ཚེ་རིང་མཐར་ཕྱིན་ལགས་ཀྱིས། ང་སྐབས་ ༡༨ པའི་བོད་མི་མང་གི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མིར་ལངས་ཀྱི་ཡོད། མི་རབས་གཞོན་པའི་བོད་ཀྱི་དམངས་གཙོར་བདག་པོ་རྒྱག་རྒྱུ་གལ་ཆེན་ཡིན། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེ་ཚ་ཚ་འུར་འུར་དང་བགྲོ་གླེང་སོགས་གང་མང་དགོས་གལ་ཆེ་བ་སོགས་ལ་བརྟེན་ནས་ལངས་པ་ཡིན། ཕྱི་ལོ་ ༢༠༢༡ ལོར་སྤྱི་འཐུས་ཀྱི་དམ་འབུལ་ཞུ་ཐུབ་མེད་པ་དང་། སྤྱི་འཐུས་རྣམས་ཕྱོགས་གཉིས་ལ་ཆགས་པ་དང་། རྒྱལ་ཞེན་དང་ཆོལ་ཞེན་གཉིས་འཁྲུག་སྟེ་དུམ་བུ་གཉིས་ལ་གྱུར་བ་སོགས་སེམས་འཚབ་ཤུགས་ཆེན་བྱུང་། དེར་བརྟེན་ད་ལན་གྱི་འོས་བསྡུའི་ནང་སོ་སོ་མི་རབས་གསར་པ་ཞིག་ཡིན་པའི་ཆ་ནས་ཆོལ་ཁ་དང་ཆོས་ལུགས། ལྟ་བ། ལངས་ཕྱོགས་སོགས་མི་འདྲ་བ་ཡོད་ཀྱང་། འཐེན་འཁྱེར་མེད་པའི་ཐོག་ནས་ཕན་ཚུན་གུས་བརྩི་ཡོང་དགོས་གལ་ཆེ་བ། འཐེན་འཁྱེར་མེད་པ་དང་རྒྱལ་ཁབ་ལ་བསམ་བློ་གཏོང་མཁན་གྱི་འོས་མི་ཞིག་ཡོང་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག ང་ཚོ་བཙན་བྱོལ་བོད་མི་དང་འཐབ་རྩོད་ཀྱི་མི་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་ཐོག་ནུས་པ་འདོན་རྒྱུའི་ཆོད་སེམས་བརྟན་པོ་ཡོད། གལ་ཏེ་ང་རང་སྤྱི་འཐུས་ཆགས་ཚེ་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ཚུད་པའི་ཐོག་ནས་རྒྱ་ནག་གི་གནས་སྟངས་ཐོག་ཞིབ་འཇུག་བྱ་རྒྱུ་དང་། བོད་དོན་དང་འབྲེལ་བའི་འཆར་གཞི་སྒྲིག་རྒྱུ་དང་ལས་དོན་སྤེལ་ཐུབ་རྒྱུའི་དམིགས་ཡུལ་ཡོད། ད་ལན་གྱི་འོས་བསྡུ་དང་འབྲེལ་ནས་ས་གནས་ཁག་ལ་སྐོར་སྐྱོད་དུ་ཕྱིན་ཏེ་འོས་བསྡུའི་དྲིལ་བསྒྲགས་བྱ་རྒྱུ་དང་མི་མང་དང་ལྷན་དུ་གླེང་སློང་བྱེད་ཀྱི་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese