མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་རྫོང་དཔོན་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་གི་རྗོང་དཔོན་འཆི་མེད་གཡང་འཛོམས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའ་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

དྲ་ལམ་གྱི་པར།

རྒྱ་ནག་གཞུང་གིས་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནས།  ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ལྟར། ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་འཕྱོངས་རྒྱས་རྫོང་དམར་ཚོགས་ཚོགས་པའི་དྲུང་ཡིག་གཞོན་པ་དང་རྫོང་དཔོན་འཆི་མེད་གཡང་འཛོམས་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྷན་ཁང་དང་ལྟ་ཞིབ་ལྷན་ཁང་ཟེར་བ་གཉིས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་ཚུལ་བསྒྲགས་འདུག

འཆི་མེད་གཡང་འཛོམས་ནི་བོད་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༠༣ ལོར་འཕྱོངས་རྒྱས་རྫོང་གི་རྫོང་དཔོན་གཞོན་པར་བསྐོས། ཕྱི་ལོ་ ༢༠༡༧ ལོར་འཕྱོངས་རྒྱས་རྫོང་དམར་ཤོག་ཚོགས་པའི་དྲུང་ཡིག་བྱས། ཕྱི་ལོ་ ༢༠༡༩ ་ལོར་འཕྱོངས་རྒྱས་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཁང་གི་འགན་འཛིན་གྱི་ལས་འགན་ཁུར། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༥ པར་འཕྱོངས་རྒྱས་རྫོང་གི་རྫོང་དཔོན་འོས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་རྒྱུན་ལས་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་དང་རྫོང་དཔོན་གྱི་ལས་འགན་ཁུར། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༡ པར་འཕྱོངས་རྒྱས་རྫོང་སྐབས་བཅུ་བཞི་པའི་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལས་གནས་ནས་དགོངས་པ་ཞུས་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༡༢ པ་ནས་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་མུས་ཡིན་འདུག

འདས་པའི་མི་ལོ་གཉིས་ལྷག་གི་རིང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༢༠  ཙམ་ཞིབ་བཤེར་གྱིས་གནས་དབྱུང་བྱས་ཡོད་པའི་ཁྲོད། ཉེ་ལམ་བོད་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཚན་པའི་ལས་མི་དང་འགན་འཛིན་གཞོན་པ་ཟུར་པ་བསྟན་འཛིན་ཞེས་པ་ཞིག་གིས་ཏང་གཤིས་དང་ཐོག་མའི་ཕུགས་འདུན་མི་ལེགས་པར་རྨོངས་དད་ངང་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཉེས་མིང་འོག་ལས་གནས་ནས་ཕུད་འདུག འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཟུར་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་ཁྲིད་ཟུར་བ་ཆེ་དགྲ་ལྷས་དམར་ཤོག་གི་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་པའི་དོགས་གཞིའི་འོག་ཞིབ་བཤེར་ཁང་ལ་རྩིས་སྤྲོད་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་ལོ་ ༤༤ ཙམ་རིང་མགོ་ཁྲིད་སོགས་ཀྱི་ལས་ཀ་བྱས་མྱོང་བའི་ཝུའུ་ཡེན་ཅེ་ཡིས་རྒྱ་སྒོར་ས་ཡ་ ༣༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་ ༢ དང་བྱེ་བ་ ༧ ། ས་ཡ་ ༡ ལྷག་བླངས་བའི་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་ཡོད་ཀྱང་ལོ་གཉིས་རིང་ཕྱིར་འགྱངས་བྱས་ཡོད་འདུག  དེ་བཞིན་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཟུར་བ་བོད་མི་བྱང་ཆུབ་དང་། ཁུལ་དཔོན་གཞོན་པ་ཟུར་བ་ཆི་ཅིན་ཞིན་(Qi Jianxin) གཉིས་ཀྱིས་ཁྲིམས་འགལ་ཁེ་ཕན་བླངས་པ་དང་། རྒྱ་ནག་དམར་ཤོག་རིང་ལུགས་ལ་རྒྱབ་འགལ་དང་ཡིད་ཆེས་མེད་པ་སོགས། ཁྲིམས་སྒྲིག་ལ་གཏོར་བརླག་ཚབས་ཆེན་བཏང་བའི་ཉེས་མིང་འོག རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་བོད་སྐྱེ་རྒུ་མདོ་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་ཤེས་རབ་རྒྱ་མཚོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་བློ་མི་དཀར་བ་དང་ཏང་གཤིས་རྩ་དོན་ཤོར་བའི་ཉེས་མིང་འོག་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་འདུག

འདས་ལོའི་ཕྱི་ཟླ་དང་པོའི་ནང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་ཁྲིད་གཞོན་པ་ཀྲང་ཧོང་ཙི་དང་། འདས་ལོའི་ཕྱི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་དམངས་ཆེན་གྱི་རྒྱུན་ལས་མགོ་ཁྲིད་གཞོན་པ་ཇི་གོ་ཀང་།  འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་རྒྱུན་ལས་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཅང་ཅེ། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེ་བཅས་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱས། དེ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་དམར་ཤོག་ཚོགས་པའི་ཁོངས་མི་དང་དྲུང་ཡིག་ཆེན་མོ། གཞུང་དོན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཡིག་ཀྲུའུ་ཆང་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་ཞིབ་བཤེར་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༡ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese