མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་དགག་པ་ཡོད་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་དགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།

དེ་རིང་སྔ་དྲོའི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོའི་དགོན་དུ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་འཚོགས་ཡོད་ཅིང་། སྐབས་དེར་རྒྱལ་མཚན་ནོར་བུས་བཙན་བྱོལ་དུ་ཡོད་པའི་ཆོས་ལུགས་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གི་རྒྱུད་འཛིན་ནི་རྒྱ་ནག་གི་ཁྲིམས་དང་མཐུན་དགོས་པ་དང༌། རྒྱ་ནག་པེ་ཅིང་སྲིད་གཞུང་རང་ནས་རྒྱབ་སྐྱོར་གནང་དགོས་ཞེས་རྒྱལ་མཚན་ནོར་བུ་བེད་སྤྱད་དེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་བཤད་དུ་བཅུག་ཡོད་པ་ནི་ཧ་ཅང་གི་ངོ་ཚ་དང་ཇུས་མེད་ཇུས་འཁྲི་རང་རེད། ཅེས་གསལ་འདུག

བསྒྲགས་གཏམ་ནང་། སྤྱིར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བོད་ཀྱི་སྲོལ་རྒྱུན་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་ཤིག་ཡོད་བཞིན་པ་དང་། ལྷག་པར་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཕྱི་ལོ་ ༡༩༦༩ ཙམ་ནས་རིམ་པར་བཀའ་གནང་ཡོད་པ་དང༌། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་རྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་ཇུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད། ཅེས་བཀའ་གནང་བ་བཞིན་ྋསྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་༸གོང་ས་མཆོག་སྐུ་སྒེར་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་འཛིན་གཅིག་པུར་དབང་ཚད་ཡོད་པ་ལས་གཞན་སུ་ལའང་ཐེ་བྱུས་དང་འགན་དབང་གང་ཡང་མེད་པ་གསལ་པོར་བཀའ་གནང་ཡོད། ཅེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་དང༌། རྒྱལ་མཚན་ནོར་བུར་འགན་དབང་དང་ཐེ་ཇུས་བྱེད་དབང་དེ་བས་ཀྱང་མེད་ཅེས་བསྐྱར་དུ་ནན་བརྗོད་བྱ་རྒྱུ་ཡིན། དེ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་ནས་ཡང་སྲིད་ངོས་འཛིན་གནང་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཉེས་མེད་འཛིན་བཟུང་བཙོན་འཇུག་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པས། བྱིས་པའི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་སྔར་སྲོལ་ལམ་ལུགས་སོགས་ལ་རྩིས་མེད་རྡོག་རོལ་བཏང་སྟེེ། རྒྱ་ནག་གིས་ངོས་འཛིན་དང་དམར་ཤོག་གི་ལྟ་བ་སློབ་ཁྲིད་བྱས་པའི་པཎ་ཆེན་རྫུན་མ་དེར་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཐེ་ཇུས་བྱེད་དུ་བཅུག་པ་ལས་རྒྱ་ནག་གི་མགོ་དཔོན་མའོ་ཙེ་ཏུང་སོགས་ཀྱི་ཡང་སྲིད་བཙལ་འཚོལ་བྱས་ན་འོས་ཤིང་འཚམ་པ་ཞིག་ཡོང་ངེས་རེད། ཅེས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་གང་ཡང་མེད་པ་ནན་བརྗོད་བྱ་རྒྱུ་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བླ་ཆེན་ཁག་གཙོས་ཕྱི་ནང་གི་དད་ལྡན་རྗེས་འཇུག་པ་ཡོངས་དང༌། ལྷག་པར་བོད་མི་སྤྱི་སྒེར་ཡོངས་ནས་རྒྱ་ནག་གཞུང་གིས་ཇུས་མེད་ཇུས་འཁྲི་བྱས་པར་ངོས་ལེན་རྩ་བ་ནས་མེད་པ་དང་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཞེས་གསལ་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱལ་མཚན་ནོར་བུས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་ཁྲིམས་ལྟར་དོ་དམ་དང་། ཆོས་ལུགས་ཀྱི་ཆོ་གར་བརྩི་སྲུང་། ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་བཅས་བྱེད་པའི་རྩ་དོན་གལ་ཆེན་གསུམ་མཐའ་འཁྱོངས་བྱེད་དགོས་ཤིང་། ལྷག་པར་དུ་རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་དགོས་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་གི་ཐེ་ཇུས་མི་ཕོག་པ་བྱེད་དགོས། དེ་འདྲ་བྱུང་ཚེ་གཞི་ནས་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་དབང་གྲགས་མངོན་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཐུབ་ལ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པ་ཞིག་ཡོང་ངེས་རེད། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་ཀྱིས་ནང་བསྟན་མཐུན་ཚོགས་དང་བླ་སྤྲུལ་རྣམས་ཀྱིས་རང་འགན་གང་ལེགས་འཁུར་དགོས་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese