མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས་བར་ཨོ་གླིང་སྐུ་ཚབ་དོན་གཅོད་ཁང་ནས་གདུང་སེམས་མཉམ་སྐྱེད་ཞུས་འདུག

འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

ཁ་སང་ཕྱི་ཚེས་ ༡༤ ཉིན་ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) བྷོན་ཌི་མཚོ་ཁ་ (Bondi Beach) རུ་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་པར་བརྟེན། རྒྱལ་ས་ཁེན་བྷེ་རར་ཡོད་པའི་ཨོ་གླིང་སྐུ་ཚབ་དོན་གཅོད་ཁང་གིས་དེ་འབྲེལ་གདུང་སེམས་མཉམ་སྐྱེད་གནང་བའི་ནང་།  བྷོན་ཌིའི་མཚོ་ཁ་རུ་ཤི་རྨས་ཀྱི་དོན་རྐྱེན་བྱུང་བ་དེ་ཧང་སངས་དགོས་པ་ཞིག་དང་བློ་ཕམ་བྱུང་། དོན་རྐྱེན་དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་དེ་དག་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡོད། ཅེས་དོན་ཁང་གི་ངོ་དེབ་ཏུ་བཀོད་འདུག་ལ། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཨོ་གླིང་སྐུ་ཚབ་དོན་ཁང་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨོ་གླིང་མི་མང་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། ཨོ་གླིང་མི་མང་དང་མཉམ་དུ་ཡོད། ཅེས་བརྗོད་འདུག

ཁ་སང་ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནིའི་ (Sydney) བྷོན་ཌི་མཚོ་ཁ་ (Bondi Beach) རུ་འཇིའུ་ཆོས་ལུགས་ཀྱི་འོད་སྣང་དུས་ཆེན་སྲུང་གཙི་བྱེད་བཞིན་པའི་སྐབས། རང་ལོ་ ༥༠ ཡིན་པའི་ས་ཇི་ཏི་ (Sajid Akram) དང་། ཁོའི་བུ་རང་ལོ་ ༢༤ ཡིན་པ་ན་ཝི་ཌི་ (Naveed Akram) གཉིས་ཀྱིས། ཉེ་འགྲམ་གྱི་ཟམ་པ་ཞིག་གི་ཐོག་ནས་མེ་མདའ་གང་བྱུང་འཕངས་ཏེ། མཚོ་འགྲམ་གྱི་མི་ ༡༥ བསད་པ་དང་། ཉེན་རྟོག་པ་ ༢ ཚུད་པའི་མི་གྲངས་ ༤༠ ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་འདུག

དེ་རིང་ཉེན་རྟོག་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེན་རྟོག་པས་ཁོ་གཉིས་ལ་མེ་མདའ་བརྒྱབ་སྟེ་ཕ་རྒན་བསད་ཡོད་པ་དང་། ཛ་དྲག་ངང་བུ་དེར་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་ལ། ཕྱི་ལོ་ ༢༠༡༥ ནས་བཟུང་ཕ་རྒན་དེ་ལ་མེ་མདའ་ཉར་ཆོག་པའི་ཆོག་མཆན་རག་ཡོད་པ་དང་། ཐོ་འགོད་བྱས་པའི་མཚོན་ཆ་ ༦ ཡོད་སྐོར་བརྗོད་འདུག

An aerial view of emergency personnel working at the scene of a shooting incident at Bondi Beach in Sydney, Australia on December 14, 2025. (Nine Network/Seven Network/AUSTR/Reuters)

ཨོ་གླིང་གི་སྲིད་བློན་ཨེན་ཐོ་ནི་ཨལ་བྷེ་ནི་སི་ (Anthony Albanese) མཆོག་གིས། ཨོ་གླིང་གཞུང་གིས་མཚོན་ཆའི་ཆོག་མཆན་དུས་ཡུན་ལ་ཚད་བཀག་བཟོ་རྒྱུ་དང་། ཆོག་མཆན་ཡོད་པའི་མཚོན་ཆའི་གྲངས་འབོར་ཉུང་དུ་གཏོང་བ་སོགས་མེ་མདའི་ཁྲིམས་ལུགས་དམ་དུ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག

རང་ལོ་ ༤༣ ཡིན་པའི་ཨེ་མ་ཌི་ (Ahmed el Ahmed) ཞེས་པའི་ཤིང་ཏོག་བཙོང་མཁན་གྱི་སྐྱེས་པ་ཞིག་གིས་མེ་མདའ་རྒྱག་མཁན་གྱི་ལག་ནས་མེ་མདའ་འཕྲོག་པ་དང་། ཁོང་གི་དཔུང་པའི་སྟེང་མེ་མདའ་ཐེངས་ ༥ ཙམ་ཕོག་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཀྱང་། མི་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་ཐུབ་འདུག དེ་འབྲེལ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཁོང་གིས་མི་མང་པོའི་ཚེ་སྲོག་བསྐྱབས་ཡོད་པ་དང་། རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ལྟ་སྨན་ཁང་དུ་ཡོད་པའི་མི་དེ་བློ་ཁོག་ཆེན་པོ་ཡོད་པ་དང་། ཁོང་ལ་གུས་བཀུར་ཆེན་པོ་ཡོད། ཅེས་གསུངས་འདུག་ལ། རྒྱལ་སྤྱིའི་ཐོག་ནས་བསྟོད་བསྔགས་བྱེད་བཞིན་འདུག ད་དུང་ཨི་ཛི་རེལ་གྱི་སྲིད་བློན་བྷེན་ཇ་མིན་ (Benjamin Netanyahu) གྱིས། བྷོན་ཌི་མཚོ་ཁ་རུ་འཇིའུ་ཆོས་ལུགས་པ་ཞིག་གིས་མེ་མདའ་རྒྱག་མཁན་གྱི་ལག་ནས་མེ་མདའ་འཕྲོག་སྟེ། མི་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་ཡོད་པ་རེད། ཅེས་བརྗོད་འདུག

དེ་བཞིན་ཨ་རིའི་ཕྱུག་བདག་ཨེག་མན་ (Bill Ackman) ལགས་ཀྱིས་ཨེ་མ་ཌི་ལགས་ལ་དྲ་ཐོག་ནས་དངུལ་བསྡུ་རུབ་བྱས་པའི་ནང་ཨ་སྒོར་འབུམ་ ༡ ཞལ་འདེབས་གནང་ཡོད་འདུག་ལ། འདས་པའི་ཆུ་ཚོད་ ༡༢ ནང་ཨེ་མ་ཌི་ལགས་ལ་དྲ་ཐོག་ནས་དངུལ་བསྡུ་རུབ་བྱས་ཏེ་ཨ་སྒོར་ ༥༥༠,༠༠༠ རོགས་སྐྱོར་ཐོབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese