མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བསྟི་གནས་ཁང་གིས། ཁེ་ན་ཌའི་སྲིད་བློན་མག་ཁཱར་ནེ་ལགས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་དང་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་སོགས་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

Prime Minister Mark Carney shakes hands with Chinese President Xi Jinping at the start of a meeting in Gyeongju on Oct. 31, 2025.

དེ་རིང་ཕྱི་ཚེས་ ༡༣ ནས་ ༡༧ བར་ཁེ་ན་ཌའི་སྲིད་བློན་མག་ཁཱར་ནེ་ལགས་རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་གནང་གི་ཡོད་པ་དང་བསྟུན། སྲིད་བློན་མག་ཁཱར་ནེ་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་བཙན་དབང་གིས་ཁྱིམ་ཚང་དང་སྐད་ཡིག དེ་བཞིན་རིག་གཞུང་སོགས་ལས་ཁ་བྲལ་གཏོང་གི་ཡོད་པའི་གནད་དོན་གླེང་སློང་བྱས་ཏེ་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་གཏན་སྒོ་རྒྱག་པར་སྐུལ་མ་བྱེད་པའི་འབོད་སྐུལ་ཞུས་འདུག

དེ་འབྲེལ་བོད་དོན་ལས་འགུལ་བསྟི་གནས་ཁང་གིས། སྲིད་བློན་མག་ཁཱར་ནེ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐད་ཀར་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་སྐོར་ལ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས། ཁེ་ན་ཌར་བྱིས་པ་རྣམས་རང་གི་ཁྱིམ་ཚང་དང་སྐད་ཡིག རིག་གཞུང་སོགས་ལས་བཙན་གྱིས་ཁ་བྲལ་བཏང་ན་གནོད་སྐྱོན་ག་འདྲ་ཡོང་གི་ཡོད་པའི་ཉམས་མྱོང་ཡོད། ཁ་ན་ཌ་ནི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ཀྱིས་ཤུགས་རྐྱེན་ཐེབས་ནས་ད་ལྟའང་གདོང་ལེན་བྱེད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། དེ་འདྲ་བའི་བྱ་སྤྱོད་གང་དུ་བྱུང་ཡང་ངོ་རྒོལ་བྱ་རྒྱུའི་བཟང་སྤྱོད་ཀྱི་འགན་འཁྲི་ཡོད། ཅེས་བརྗོད་འདུག

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྲིད་བློན་མག་ཁཱར་ནེ་ལགས་སུ་འབོད་སྐུལ་དོན་ཚན་གསུམ་ཞུས་ཡོད་པའི་ཁྲོད། གཅིག་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེ་ཐད་ཀར་ཞི་ཅིན་ཕིན་ལ་གླེང་སློང་བྱེད་དགོས། ཡོངས་གྲགས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མེད་པ་བཟོ་དགོས་པའི་འབོད་སྐུལ་བྱེད་དགོས་པ་དང་གཉིས། གསུམ་རྒྱ་ནག་ལ་བོད་ས་ཁུལ་ཡོངས་སུ་རྒྱལ་སྤྱིའི་ལྟ་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོར་ཆ་རྐྱེན་མེད་པར་རང་དབང་ཞིབ་འཇུག་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་བཅས་རེད་འདུག

ཁེ་ན་ཌའི་སྲིད་བློན་མག་ཁཱར་ནེ་ལགས་ཀྱི་ཉིན་ལྔའི་རིང་གི་སྐོར་སྐྱོད་ཀྱི་ཁྲོད་དུ། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གཙོ་བོ་ཚོང་འབྲེལ་དང་། ནུས་ཤུགས། ཞིང་ལས་དང་རྒྱལ་སྤྱིའི་བདེ་འཇགས་སོགས་ཀྱི་ཐད་ནས་གླེང་སློང་བྱ་རྒྱུ་ཡིན་ཞིང་། དམིགས་བསལ་ད་ལྟའི་ཆར་ཨ་རིའི་སྲིད་འཛིན་ཊོམ་ཕུའི་མགོ་ཁྲིད་ཀྱི་གནས་སྟངས་འོག བྱང་ཨ་མི་རི་ཁའི་རྒྱལ་ཁབ་ཁག་ཏུ་ཚོང་འབྲེལ་གྱི་ཁ་ཕྱོགས་ལ་བརྟན་ཆ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས། ད་ལན་རྒྱ་ནག་ཏུ་བསྐྱོད་དེ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་གོང་འཕེལ་དུ་གཏོང་བར་དམིགས་ཡོད་འདུག

སྤྱིར་ཁེ་ན་ཌ་དང་རྒྱ་ནག་བར་གྱི་འབྲེལ་ལམ་དེ་ཕྱི་ལོ་ ༡༩༤༢ ལོར་རྒྱ་ནག་ཏུ་ཁེ་ན་ཌས་གཞུང་ཚབ་བསྐོ་གཞག་བྱས་པ་ནས་མགོ་བརྩམས་ཤིང་། ཕྱི་ལོ་ ༡༩༧༠ ལོར་ཁེ་ན་ཌས་རྒྱ་ནག་མི་དམངས་སྤྱི་འཐུས་རྒྱལ་ཁབ་ལ་ངོས་འཛིན་བྱས། ཕྱི་ལོ་ ༢༠༠༦ ལོར་ཁེ་ན་ཌའི་སྲིད་བློན་ཇཱོ་སི་ཧྥི་ཧར་པར་ (Stephen Joseph Harper) ལགས་ཀྱིས། ཁེ་ན་ཌའི་ཕྱི་སྲིད་དེ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གཙིགས་སུ་བཟུང་བའི་ཁ་ཕྱོགས་གཙོ་འདོན་བྱས་ཏེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁེ་ན་ཌའི་མི་སེར་གྱི་ཆེ་བསྟོད་ཕུལ་བ་དང་། ཐའེ་ཝན་ལ་འབྲེལ་ལམ་བཟུང་སྟེ་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་མཉམ་ཞུགས་བྱས་མེད་པ་སོགས་བྱུང་ཡོད།

ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་འབོད་སྐུལ་འོག་ཁེ་ན་ཌས་རྒྱ་ནག་གི་ཧཱ་ཝེ་འཕྲུལ་རིགས་བཟོ་ཚོང་ཁང་གི་ནོར་སྲིད་དོ་དམ་པ་མེན་ཝན་ཀྲོ་འཛིན་བཟུང་བྱས་པ་དང་རྒྱ་ནག་གིས་ཁེ་ན་ཌའི་མི་སེར་མེ་ཁེལ་དང་ཀོལ་རེགྷ་གཉིས་འཛིན་བཟུང་བྱས་ཏེ། ཡུལ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན། ཡང་ཚོང་འབྲེལ་གྱི་ཐད་ནས་ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་ནི་ཁེ་ན་ཌའི་ནང་འདྲེན་དང་ཕྱིར་ཚོང་གི་ཚོང་ཤག་ཆེ་ཤོས་ཨང་གཉིས་པ་ཡིན་ཡང་། ལོ་དེའི་ཕྱི་ཟླ་ ༡༠ ནང་རྒྱལ་ཁབ་གཉིས་བར་ཕན་ཚུན་གྱི་དངོས་ཟོག་ཐོག་ཁྲལ་འགེལ་རེས་བྱས་ཏེ་ད་བར་འབྲེལ་ལམ་འགོག་ནས་བསྡད་ཡོད་པ་དང་། ཁེ་ན་ཌའི་སྲིད་བློན་མག་ཁཱར་ནེ་ལགས་ཀྱིས་རྒྱ་ནག་ལ་རྒྱལ་ཁབ་གཉིས་བར་འབྲེལ་ལམ་བསྐྱར་འགྲིག་གིས་མདུན་སྐྱོད་བྱེད་པའི་འདུན་པ་ཡོད་སྐོར་བརྗོད་འདུག་ལ། དབྱེ་ཞིབ་པ་ཚོས་ཀྱང་། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་ཀྱིས་ཐུན་མོང་ཁེ་བཟང་ལྡན་པའི་ཚོང་འབྲེལ་སྔར་ལྷག་བྱེད་པར་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༣ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese