མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་བསྟུན་མཁས་ཀྱིས་བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་ནས་ཕྱིར་བཏོན་པར་བརྟེན། ད་ལྟ་བལ་ཡུལ་གཞུང་གིས་བལ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས་ཀྱི་གལ་གནད་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་འདུན་འདོན་གྱིན་འདུག

བོད་ཀྱི་དུས་བབ་གསར་ཁང་གིས་བལ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས་སྐོར་ལ་བཅར་འདྲི་ཞུས་པའི་་བརྙན་གྱི་མ་པར།

བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁྲོད་བལ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས་ཐོ་འགོད་བྱས་མེད་པའི་གནད་དོན་གླེང་སློང་བྱུང་བ་དང་འབྲེལ། བལ་ཡུལ་གྱི་བྷག་མཱ་ཏི་  (Bagmati) མངའ་སྡེའི་འཛུགས་སྐྲུན་ཡར་རྒྱས་ལྷན་ཁང་གིས། བལ་ཡུལ་གྱི་ལི་ཙ་བི་རྒྱལ་རྒྱུད་ཀྱི་བཟོ་བཀོད་ལྟར་བལ་བཟའ་ཁྲི་བཙུན་གྱི་འཁྲུངས་ཡུལ་བསྐྱར་བཞེངས་བྱ་རྒྱུ་ཡིན་པ་དང་། འཛུགས་སྐྲུན་ལས་གཞི་དེའི་ཆེད་རྩིས་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ནང་བལ་སྒོ་ས་ཡ་ ༡༠ འགྲོ་གྲོན་གཏན་འབེབས་བྱས་ཡོད་འདུག

བལ་ཡུལ་གཞུང་གིས། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཅིག་གི་སྲིད་ཇུས་ལ་བསྟུན་མཁས་ཀྱིས། རྒྱ་ནག་གི་ལོ་རྒྱུས་ནང་བལ་བཟའ་ཁྲི་བཙུན་སྐོར་གྱི་ལོ་རྒྱུས་གཅིག་ཀྱང་གསལ་མེད་པ་དང་བལ་ཡུལ་གྱི་ལོ་རྒྱུས་ནང་དུའང་བལ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས་ཁ་གསལ་མེད་ཟེར་བ་སོགས་ལ་ཁ་གཡར་ནས། བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་ནས་ཕྱིར་འདོན་བྱས་ཡོད་ཀྱང་། བལ་ཡུལ་གཞུང་གིས་བལ་བཟའ་ཁྲི་བཙུན་གྱི་སྐོར་ལ་ཞིབ་འཇུག་ཡག་པོ་བྱས་མེད་ཁར། བལ་ཡུལ་གྱི་ལོ་རྒྱུས་སྨྲ་བ་དང་རྩོམ་པ་པོ་སོགས་ཀྱིས་བལ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས་རྟོག་བཟོ་བྱས་པའི་གནས་ཚུལ་ཡོད་སྟབས། ད་ལྟ་བལ་ཡུལ་གྱི་ལོ་རྒྱུས་ལས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་འདུག

བལ་ཡུལ་གྱི་ (risingnepaldaily) གསར་ཁང་གི་གནས་ཚུལ་ལྟར་ན། བལ་ཡུལ་གཞུང་གིས་བལ་བཟའ་ཁྲི་བཙུན་རྒྱ་ནག་ལ་མནའ་མའི་ནོར་སྐལ་དུ་བྱིན་པ་བརྒྱུད་བལ་ཡུལ་གྱི་ནང་ཆོས་ཉར་ཚགས་བྱེད་ཐུབ་ཡོད་པར་བརྟེན་ནས། རྒྱ་ནག་གིས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་མ་འཚོགས་ཐུབ་ཡོད་པ་དང་། བལ་ཡུལ་གྱི་འཛམ་གླིང་ནང་པའི་ཚོགས་ཆེན་སྐབས་གསུམ་པ་གོ་སྒྲིག་བྱེད་ཐུབ་ཡོད་སྐོར་བརྗོད་འདུག་ཀྱང་། གསར་ཁང་འདིས་དེ་ནི་བོད་ཀྱི་ལོ་རྒྱུས་རྒྱ་བསྒྱུར་བྱེད་ཐབས་ཤིག་ཡིན་པ་མ་ཟད། བལ་ཡུལ་གཞུང་གིས་བལ་བཟའ་ཁྲི་བཙུན་སྐོར་ལ་ཤེས་རྟོགས་ཡོད་བཞིན་དུ་བལ་ཡུལ་བཟའ་ཁྲི་བཙུན་གྱི་གལ་གནད་ཆེ་བའི་དོན་དངོས་ལོ་རྒྱུས་གླེང་སློང་བྱས་མེད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༡༩༥༥ ལོར་བལ་ཡུལ་གཞུང་གིས། བལ་བཟའ་ཁྲི་བཙུན་ནི་བལ་ཡུལ་གྱི་ནང་པའི་རིག་གཞུང་གི་ཕོ་ཉ་དང་ཞི་བདེའི་མཚོན་རྟགས་སུ་ངོས་འཛིན་གྱིས་རྒྱལ་ཁབ་ཀྱི་ལོ་རྒྱུས་མི་སྣ་ཞིག་ཏུ་གཟེངས་བསྟོད་གནང་། འོན་ཀྱང་། ཕྱི་ལོ་ ༢༠༡༧ ལོར་བལ་ཡུལ་དེ་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་བསྒྱུར་བ་དང་བསྟུན། བལ་བཟའ་ཁྲི་བཙུན་གཙོ་བྱས་པའི་བལ་ཡུལ་གྱི་མི་སྣ་ ༡༧ རྒྱལ་ཁབ་ཀྱི་ལོ་རྒྱུས་མི་སྣའི་ཁོངས་ནས་ཕྱིར་བཏོན་ཡོད་འདུག

འདི་གའི་གསར་འགོད་པ་ཕྱི་ལོ་ ༢༠༡༩ ལོར་ང་ཡི་བཙན་བྱོལ་བའི་ལས་རིམ་ཆེད་བལ་ཡུལ་དུ་སྐོར་སྐྱོད་བྱས་པ་དང་བསྟུན། བལ་བཟའ་ཁྲི་བཙུན་གྱི་ཕོ་བྲང་ལ་ཆེད་དུ་ཕྱིན་ནས་ཞིབ་འཇུག་བྱེད་ཐབས་བྱས་ནའང་། བལ་བཟའ་ཁྲི་བཙུན་གྱི་ཕོ་བྲང་ནང་ལོགས་སུ་པར་ཆས་དང་བརྙན་ལེན་མི་ཆོག་པ་མ་ཟད། ཕོ་བྲང་ནང་ལོགས་སུ་གསང་མིག་པར་ཆས་དང་སྐོར་སྲུང་བ་འགྲེམས་འཇོག་བྱས་ཏེ་ལྟ་རྟོག་ནན་མོ་བྱེད་བཞིན་འདུག་པས། ཕོ་བྲང་གི་ནང་གི་བཟོ་བཀོད་སོགས་ཀྱི་གནས་བབ་སྐོར་ལ་རྒྱུས་ལོན་ཚད་ལྡན་ཞིག་བྱེད་ཐུབ་མེད། འོན་ཀྱང་། གསར་འགོད་པས་ཕོ་བྲང་དངོས་སུ་མཐོང་བའི་མྱོང་ཚོར་ལྟར་ན།   བལ་བཟའ་ཁྲི་བཙུན་གྱི་ཕོ་བྲང་དེ་རྒྱལ་ས་ཀ་ཐི་མན་ཌིའི་ཤར་ཕྱོགས་སུ་ཡོད་པའི་ལྷ་ཁང་གི་གྲོང་ཁྱེར་ཞེས་འབོད་སྲོལ་ལྡན་པའི་ (Bhaktapur) ཞེས་པའི་ས་གནས་སུ་ཆགས་འདུག་ལ། ས་གནས་དེར་ཀ་ཐི་མན་ཌི་ནས་སྤྱི་ལེ་ ༡༣ ལྷག་ཙམ་དང་རླངས་འཁོར་ལ་བསྡད་ནས་སོང་ན་ཆུ་ཚོད་གཅིག་མ་ཟིན་ཙམ་རིང་འགྲོ་དགོས་ཀྱི་འདུག ཕོ་བྲང་ནང་གི་བཟོ་བཀོད་མང་ཆེ་བ་རྙིང་བར་གྱུར་ཏེ། རྩིག་གྱང་སོགས་སུ་ལྡུམ་བུས་ཁེངས་འདུག་ལ། ཕོ་བྲང་ནང་དུ་འཛུལ་བ་དང་ཧིན་རྡུའི་ལྷ་ཁང་ཞིག་ལོས་ཡིན་བསམ་པའི་ཚོར་སྣང་ཞིག་ངང་གིས་སྟེར་ཡོང་ལ། ཕོ་བྲང་གི་དཀྱིལ་དུ་དམར་མཆོད་བྱེད་ཡུལ་ཞིག་དང་རྒྱབ་ལོགས་སུ་བལ་བཟའ་ཁྲི་བཙུན་གྱི་ཁྲུས་རྒྱག་ཡུལ་གྱི་རྫ་བུ་ཞིག་ཀྱང་འདུག

བལ་བཟའ་ཁྲི་བཙུན་ནི་ཕྱི་ལོ་ ༦༠༤ ལོར་འཁྲུངས་པའི་བལ་ཡུལ་གྱི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཡིན་པ་དང་། དུས་རབས་བདུན་པར་པུར་རྒྱལ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་དུ་གཉེན་ལ་བསླངས། བལ་ཡུལ་རྒྱལ་པོས་བལ་བཟའ་ཁྲི་བཙུན་གྱི་སྐུ་སྐལ་དུ་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཡིན་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། ཙན་དན་གྱི་སྒྲོལ་མ། བྱམས་པ་ཆོས་འཁོར་སོགས་བརྫངས་ནས་བོད་དུ་ཕེབས་སྐྱེལ་གནང་། ཇོ་བོ་མི་བསྐྱོད་རྡོ་རྗེ་ད་ལྟའང་བོད་ཀྱི་རྒྱལ་ས་ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་དུ་མཇལ་རྒྱུ་ཡོད་ལ། བོད་ཀྱི་བརྩི་སྲོལ་ལྟར་ན་བལ་བཟའ་ཁྲི་བཙུན་ནི་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་ཡིན་ཞིང་དུས་རབས་བདུན་པའི་ནང་བོད་ཀྱི་བཟོ་བཀོད་རིག་པའི་ཐད་མཛད་རྗེས་བཞག་ཡོད་པར་གྲགས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese