མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ་གྲངས་ཉུང་མི་རིགས་རྣམས་ལ་བཙན་གྱིས་བྲན་གཡོག་བཞིན་ངལ་རྩོལ་བྱེད་དུ་འཇུག་གིན་པར་སྐྱོན་བརྗོད་གནང་འདུག

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཀར་ཛཱག་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ། གྲངས་ཉུང་མི་རིགས་རྣམས་ལ་བྲན་གཡོག་བཞིན་ངལ་རྩོལ་བཙན་གྱིས་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་རྣམས་ཀྱིས་རྒྱ་ནག་གཞུང་གིས་མི་ཆོས་ལས་འདས་པའི་བྱ་སྤྱོད་ཐད་སེམས་འཚབ་དང་། རྒྱ་ནག་གཞུང་གྱིས་བཙན་འཛུལ་བྱས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་བཅུག་པའི་གནས་ཚུལ་རྒྱུན་མཐུད་ནས་འབྱུང་བཞིན་ཡོད་པ་དང་། དེ་ནི་ཞིང་ཆེན་མང་པོའི་ནང་གི་མི་རིགས་གྲངས་ཉུང་བ་ཚོར་ཁྱབ་ཡོད། གནས་ཚུལ་མང་པོའི་ནང་དུ་བཙན་གྱིས་འགྲོ་བ་མིའི་རིགས་ལ་གདུག་རྩུབ་གཏོང་མུས་ཡིན་པ་རེད། ཅེས་བརྗོད་འདུག

རྒྱལ་ཚོགས་ཀྱི་ཆེད་མཁས་པས་བཏོན་པའི་སྙན་ཐོ་ལྟར་ན། ངལ་རྩོལ་བསྒྱུར་བཀོད་ཁང་ནི་རྒྱ་ནག་གཞུང་གིས་དབུལ་ཕོངས་སེལ་ཐབས་སུ་ངལ་རྩོལ་གནས་སྤོར་(poverty alleviation through labour transfe) གྱི་ལས་གཞི་བརྒྱུད་ནས་བྱུང་བ་ཡིན་ཞིང་། དེས་ཤར་ཏུར་ཀི་སི་ཐན་དང་། ས་ཁུལ་གཞན་དག་ཏུ་ལས་ཀར་བཙན་སྐུལ་བྱས་ཡོད་པ་མ་ཟད། ཁྲིམས་སྒྲིག་རང་བཞིན་གྱི་ཐོག་ནས་ལྟ་ཞིབ་དང་། ལྟ་རྟོག བཙན་གནོན་བཅས་བྱས་ཡོད་པ་དང་། འཇིགས་སྐུལ་དང་དབང་ཡོད་ཀྱིས་བཀག་ཉར་བྱས་ཏེ་ལས་ཀ་དེ་དག་ལ་ངོས་ལེན་དང་བརྗེ་སྒྱུར་བྱ་རྒྱུའི་གདམ་ག་མེད། ཤར་ཏུར་ཀི་སི་ཐན་ནང་ལོ་ལྔའི་འཆར་གཞི་ (༢༠༢༡ ནས་ ༢༠༢༥ བར་) ཡིས་ངལ་རྩོལ་གནས་སྤོར་བ་ས་ཡ་ ༡༣། ༧༥ ལྷག་ཙམ་འཆར་འགོད་བྱས་ཡོད་ཅིང་། དོན་དངོས་སུ་དེ་ལས་མང་བ་ཡོད། ཅེས་གསལ་འདུག

ཡང་སྙན་ཐོའི་ནང་། བོད་མི་རྣམས་ཀྱང་སྦྱོང་བརྡར་དང་ངལ་རྩོལ་གནས་སྤོར་ལས་གཞི་( Training and Labour Transfer Action Plan) ལྟ་བུའི་ལས་གཞི་འདྲ་མཚུངས་བརྒྱུད་ནས་བཙན་བཀོལ་ངལ་རྩོལ་གྱི་ལས་ལ་ཞུགས་འཇུག་གི་ཡོད་ཅིང་། དེའི་ནང་དུ་སྦྱོང་བརྡར་དང་གྲོང་གསེབ་ཀྱི་ངལ་རྩོལ་བ་(rural surplus labourers) རྣམས་བཙན་གྱིས་གནས་སྤོར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དམག་དོན་རང་བཞིན་གྱི་ལས་རིགས་སྦྱོང་བརྡར་ལྟ་བུའི་བཙན་དབང་གི་སྲིད་ཇུས་འོག་ནས་བོད་མི་རྣམས་ངལ་རྩོལ་ལ་ཞུགས་འཇུག་གི་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོར་ངལ་རྩོལ་གནས་སྤོར་གྱི་ལས་གཞིའི་ཁོངས་བོད་མི་འབུམ་དྲུག་དང་ཁྲི་ལྔ་ལྷག་ཚུད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ཅེས་དང་། བོད་མི་རྣམས་གྲོང་ཚོ་ཡོངས་རྫོགས་གནས་སྤོ་(whole-village relocation) ལས་གཞི་བརྒྱུད་ནས་ཀྱང་གནས་སྤོ་བྱེད་འཇུག་གི་ཡོད་པའི་ཁྲོད། ཁྱིམ་ཚང་ཁག་ཅིག་ལ་ཡང་ཡང་ཕྱིན་ཏེ་ཉེས་ཆད་བཅད་པ་དང་། སྐྱོན་བརྗོད་བྱ་མི་ཆོག་ལུགས་ཀྱི་བཙན་བཀའ་བཏང་བ་དང་།  ཁྱིམ་ཚང་ཁག་ལ་སྤྲོད་མུས་ཡིན་པའི་རོགས་སྐྱོབ་ཟེར་བ་ཡང་གཅད་རྒྱུ་ཡིན་ལུགས་ཀྱི་འཇིགས་སྐུལ་བྱེད་ཀྱི་ཡོད། ཅེས་གསལ་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༠ ནས་༢༠༢༥ བར་དུ་བོད་ཀྱི་འབྲོག་པ་མི་གྲངས་ས་ཡ་༣།༣༦ ཙམ་ལ་བཙན་གྱིས་གནས་སྤོར་དང་། སྡོད་ཁང་གསར་སྐྲུན་དགོས་ལུགས་བཤད་ནས་གནས་སྤོར།  བཙན་གྱིས་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་ནས་ཡོང་བའི་རྩྭ་ཐང་བཞག་ནས་ས་གནས་གཞན་དང་གཞན་དུ་བཙན་གྱིས་འགྲོ་བཅུག་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ངལ་རྩོལ་ཁང་སོགས་སུ་བོད་མི་དང་ཡུ་གུར་བ་རྣམས་ཀྱིས་རང་རང་གི་སྐད་ཡིག་བཀོལ་སྤྱོད་དང་། ཆོས་ལུགས་དད་མོས་ཀྱི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་མུས་ཡིན་པའི་ཁར། གཞི་རྩའི་ཐོབ་ཐང་ལའང་བརྩི་འཇོག་བྱེད་ཀྱིན་མེད་སྟབས།  རྒྱལ་སྤྱིའི་ཚོང་རྫས་ཁྲོད་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་ནས་བཟོ་བསྐྲུན་བྱས་པའི་ཅ་དངོས་རྣམས་ཚོང་འགྲེམས་མཚམས་འཇོག་དགོས་པའི་རེ་སྐུལ་ཡང་ཞུས་འདུག

རྒྱ་ནག་གཞུང་གིས་ཡུ་གུར་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ། གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༡ ནང་ཨ་རིས་རྒྱ་ནག་གཞུང་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིའི་འོག་ནས་ཕྱིར་ཚོང་བྱས་པའི་ལྡུམ་སྒོང་དམར་པོ་ (tomato) དང་ཤིན་ཅང་ནས་བཟོ་སྐྲུན་བྱས་པའི་སྲིན་བལ་ ( cotton )གྱི་ཐོན་རྫས་ཉོ་མཚམས་བཞག་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཀྲོ་མོ་ཡ་( Tomoya  Obakaata ) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཀར་ཛཱག་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ། གྲངས་ཉུང་མི་རིགས་རྣམས་ལ་བྲན་གཡོག་བཞིན་ངལ་རྩོལ་བཙན་གྱིས་བྱེད་དུ་འཇུག་གི་ཡོད་སྐོར་ཤོག་ངོས་ ༢༠ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཀྱི་རོང་འབྲོག་མང་ཚོགས་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་སྟེ། ལག་རྩལ་སོགས་ཞན་པའི་རོང་འབྲོག་མང་ཚོགས་ལ་གླ་ཆ་ཉུང་ཉུང་རེ་སྤྲད་དེ། ངལ་རྩོལ་ཁང་དུ་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱས་ཏེ་བྲན་གཡོག་བཞིན་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པར་སྐྱོན་བརྗོད་བྱས་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༡ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese