དེ་རིང་ཕྱི་ཟླ་ ༢ ཚེས་གཅིག་ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལ་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༢༧ ནང་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༢༥ ཉིན་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདི་འཛམ་གླིང་རྒྱལ་ཁབ་ ༢༧ གྱི་ས་གནས་འོས་བསྡུ་ལས་ཁང་ ༨༧ འོག འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་གྲངས་ ༣༠༩ དང་། ཚོགས་ཆུང་དང་ལས་བྱེད་ཁྱོན་ ༡༧༣༧། སུད་ཚོང་ས་གནས་ཁག་ ༣༡ བཅས་ནས་འོས་བླུག་བཞིན་ཡོད་པ་རེད།
འདི་ལོའི་ཕྱི་ལོ་ ༤ ཚེས་ ༣ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་སྟེ། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་བླུགས་རྒྱུ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་གཏན་འཁེལ་ཡོད་པ་རེད།














