མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༩ ནས་ ༡༠ བར་ཉིན་གྲངས་གཉིས་ཀྱི་རིང་ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) སྟེང་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་དབུ་འཛུགས་གནང་སོང་།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། འཇར་མན་གྱི་མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་ (Michael Brand)། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་པ་ཝལ་ (Pavel Fischer)ལགས།  སུད་སིའི་རྒྱལ་ཡོངས་ལྷན་ཚོགས་ (National Council) ཀྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལོ་རན་སི་ (Lawrence Fehlmann Rielle) ལགས། ཇི་ནི་ཝའི་གྲོས་ཚོགས་ཀྱི་ཚོགས་གཞོན་དྷི་ལ་ར་ (Dilara Bayrak) ལགས། མེག་སི་ཁོའི་གྲོས་ཚོགས་འཐུས་མི་པ་ལོ་མ་ (Paloma Dominguez Ugarte)། ཇི་ནི་ཝའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་གནང་འདུག

གླེང་སྟེགས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་དེབ་མཐུག་པོ་ཞིག་འཁྱེར་ཡོད་པ་ཁྱེད་ཚོ་ཡ་མཚན་སྐྱེས་ཀྱི་ཡོད་ངེས་རེད། འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་དེབ་རེད། དེ་རིང་འདིར་སུད་སི་དང་མེ་སི་ཁོ་སོགས་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་སོགས་མང་པོ་ཞིག་ཕེབས་པར་དགའ་བསུ་ཞུ་ཡི་ཡོད། ཐའེ་ཝན་གྲོས་ཚོགས་འཐུས་མིར་ཐེངས་དང་པོ་ཐུག་པ་ཡིན། ཁྱེད་རྣམ་པ་འདིར་ཕེབས་པ་ནི་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བ་ཙམ་མ་ཡིན་པར་འཛམ་གླིང་མི་མང་གི་ཆེད་དུ་ཚོགས་འདུའི་ཐོག་ཕེབས་ཡོད་པ་མཚོན་གྱི་ཡོད། དེ་བས་ད་ལན་གྱི་ཚོགས་འདུའི་བརྗོད་གཞི་ནི་གཏོར་བཤིག་དང་དྲག་གནོན་ཡིན་པས། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་དེབ་འདི་འཁྱེར་ཡོད། ཇི་ནི་ཝའི་གླེང་སྟེགས་ཐོག་བོད་མིས་མཚོན་པའི་ཡུ་གུར་བ་དང་། ཧོང་ཀོང་བ་སོགས་ཀྱི་མི་མང་ལ་སྐད་ཆ་བཤད་པའི་གོ་སྐབས་ཤིག་བསྐྲུན་ཡོད་པ་རེད། རྒྱུ་མཚན་ནི་ང་ཚོའི་འབོད་སྐད་གོ་ཐུབ་ཀྱི་མེད། ཐེངས་སྔོན་མར་ང་འདིར་ཡོང་སྐབས། ངས་མཉམ་འབྲེལ་རྒྱལ་ཚོགས་ལ་དོགས་པ་ཡོད་ཅེས་དང་། ད་དུང་མཉམ་འབྲེལ་རྒྱལ་ཚོགས་དམངས་གཙོ་མེད་པའི་སྒྲིག་འཛུགས་ཤིག་རེད་ཅེས་བཤད་ཡོད། དེ་བཞིན་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ནང་དམངས་གཙོ་མེད་སྐོར་བཤད་ཡོད། དེ་རིང་འདིར་བཞུགས་པའི་གྲོས་ཚོགས་འཐུས་མི་རྣམ་པའི་མཉམ་འཛོམས་ལ་བརྟེན་ནས་གནས་ཚུལ་ལ་འགྱུར་བ་ཐེབས་ཏེ་འབོད་སྒྲ་རྣམས་གོ་སྲིད་པ་ཞིག་རེད། མི་ཚང་མར་རང་ཉིད་ཀྱི་རྒྱལ་ཁབ་དང་མི་མང་ཆེད་དུ་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་པ་རེད། ངས་ཀྱང་རྟག་ཏུ་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་བཤད་ཀྱི་ཡོད། ཡིན་ནའང་།༌དེང་སྐབས་བོད་ནི་བཙན་འོག་ཏུ་ཡོད་པའི་ལུང་པ་ཞིག་ཆགས་ཡོད། རྒྱ་ནག་གིས་བོད་ཙམ་མ་ཡིན་པར་ཤར་ཊུར་ཀི་སི་ཐན་དང་། ལྷོ་སོག། ཧོང་ཀོང། ཐའེ་ཝན་བཅས་གཅིག་མཚུངས་ཀྱིས་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཇི་ནི་ཝའི་ཕྱི་ལོ་ ༢༠༢༦ ལོའི་གླེང་སྟེགས་ཐོག་བོད་དོན་གསུང་བཤད་གནང་བ། ༢༠༢༦།༢།༠ ཐད་གཏོང་གི་པར་བཤུས།

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་སྐྱོད་བྱེད་བཞིན་ཡོད། ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབ་གནང་ཡོད་ཅིང་། དེའི་ནང་བོད་རྒྱའི་དཀའ་རྙོག་སེལ་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱེད་བཞིན་པར་གདོང་ལེན་བྱེད་དགོས་པ། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐད་ཨ་རིའི་གཞུང་འབྲེལ་སྲིད་བྱུས་གཏན་འབེབ་གནང་སྟེ། ༧གོང་ས་མཆོག་གི་ཡང་སྲིད་ནི་ནང་པའི་རྗེས་འབྲང་པ་དང་༸གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་འོག་ནས་འགྲོ་དགོས་པ་ལས་སྲིད་གཞུང་གང་གིས་ཀྱང་ཐེ་གཏོགས་བྱ་མི་ཆོག་པ་དང་། མ་འོངས་པའི་༸གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་མཁན་རྒྱ་ནག་གི་མགོ་ཁྲིད་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་སོགས་གསལ་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ནས་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོང་ཚོས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་དམ་ལྡན་ལྷ་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་ཅེས་གསུངས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས། དབྱིན་ཡུལ་དང་། འཇར་མན། ཧྥ་རན་སི། ཧོ་ལན་ཌི། ཨ་སི་ལན་ཌི། ཨི་སི་ཊོ་ནི་ཡ་སོགས་ཀྱིས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ། ༸གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་གཏོགས་བྱེད་མི་ཆོག་པའི་གསལ་བསྒྲགས་གནང་ཡོད་པ་རེད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཧ་ཝལ་ (Václav Havel) མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་གདན་ཞུས་གནང་ཡོད་པ་དང་། འདས་ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པི་ཊར་ (Petr Pavel) མཆོག་ལ་དྭགས་སུ་ཕེབས་ཏེ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད། ད་དུང་སྲིད་འཛིན་པི་ཊར་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་མནའ་འབྲེལ་ཆོས་དད་རང་དབང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ (Alliance 18th Conference of Religious Freedom) གོ་སྒྲིག་ཞུས་ཡོད་ལ། ཚོགས་ཆེན་ཐོག་དངོས་སུ་ཕེབས་ཏེ་གསུང་བཤད་གནང་ཡོད་སྐོར་དང་། བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་སོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༥ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese