མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་ཐད་ཟུར་ཚོགས་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཟུར་ཚོགས་ཤིག་བསྐངས་ཏེ་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་ཐེར་འདོན་བྱས།

Society for Threatened People Hosts Side Event on Transnational Repression During UNHRC 61st Session in Geneva

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༣ ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་སུད་སིའི་ཇི་ནི་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༦༡ འཚོག་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་འཇིག་ཉེན་ཡོད་པའི་མི་རིགས་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་འཚོགས་ཡོད་འདུག སྐབས་དེར་ཡུ་གུར་གྲོས་ཚོགས་འཐུས་མི་ཛུམ་རི་ཏ་ (Zumrita Akrin) ལགས་དང་། རྩ་རླུང་སྒོམ་སྒྲུབ་པའི་སྐུ་ཚབ་ཏུ་ལེ་བྷིན་ (Lebin Ding) ལགས། ཇི་ནི་ཝར་རྟེན་གཞི་བྱས་པའི་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སུད་སི་དང་འཇར་མན་སོགས་རྒྱལ་ཁབ་ ༡༢ ཀྱི་སྐུ་ཚབ་ ༡༢། གཞན་ཡང་། ཚོགས་སྡེ་ཁག་འདྲ་མིན་གྱི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༤༠ ལྷག་མཉམ་ཞུགས་གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་ཟུར་ཚོགས་དེ་གང་འདྲ་བྱུང་ཡོད་མེད་སྐོར་དྲིས་པར་ཁོང་མོས། ད་བར་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར་གཙོས་པའི་རྒྱལ་ཁབ་ཁག་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་མུས་ཡིན་པ་མ་ཟད། བོད་ཕྲུག་ས་ཡ་གཅིག་ཙམ་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་མུས་ཡིན་པ་སོགས་བོད་ཕྱི་ནང་གཉིས་སུ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་གྱི་ཡོད་ལ། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་ནས་ལས་འགུལ་སྤེལ་དུ་མི་འཇུག་པའི་ལས་དོན་སྤེལ་བ་དང་། བོད་མིའི་སྒྲིག་འཛུགས་སོགས་རྩ་མེད་གཏོང་ཐབས་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཕན་ཚུན་འབྲེལ་བ་བྱེད་མི་བཅུག་པ་སོགས་ཀྱི་གནད་དོན་རྣམས་འགྲེལ་བརྗོད་བྱས་ཡོད། ཅེས་དང་། རྒྱ་ནག་གིས་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་བཞིན་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་དང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ལས་དོན་སྤེལ་དགོས་པའི་སྐོར་གླེང་སློང་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཟུར་ཚོགས་སྟེང་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་འོག་མྱོང་བཞིན་པ་རྣམས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་། མ་འོངས་པར་ཐབས་ལམ་འཚོལ་རྒྱུའི་གལ་གནད་ཐོག་གཏམ་བཤད་གནང་བ་མ་ཟད། ད་ལྟའི་ཆར་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལ་འཕྲད་བཞིན་པའི་དཀའ་ངལ་དང་། རྒྱལ་སྤྱིའི་ཁྲིམས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁྲིམས་གཏན་འབེབས་གནང་ཡོད་ཀྱང་། དོན་དངོས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་སྲུང་སྐྱོབ་པ་རྣམས་ལ་སྲུང་སྐྱོབ་ཚད་ལྡན་བྱེད་ཐུབ་ཀྱི་མེད་པ་སོགས་ཐེར་འདོན་དང་། རྒྱ་གཞུང་གིས་བོད་མི་རྣམས་ལ་ལྟ་ཞིབ་དང་སུན་གཙེར་བྱེད་བཞིན་ཡོད་པ་དང་། བཙན་བྱོལ་སྒྲིག་འཛུགས་ཁག་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་གནོད་པའི་ཆེད་དུ་དམིགས་ཏེ་རྒོལ་རྡུང་གི་བྱ་སྤྱོད་ཀྱང་སྤེལ་བཞིན་ཡོད་པ་མ་ཟད། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་བཞིན་པ། དེ་བཞིན་དྲ་ལམ་ནས་སུན་གཙེར་སོགས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མུས་ཡིན་པ་སོགས་འགྲེལ་བརྗོད་གནང་སྟེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གཉིས་ཀར་རྡོག་རོལ་གཏོང་བའི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་དགོས་པའི་འབོད་སྐུལ་དང་། སུད་སི་གཞུང་ནས་བྱ་སྤྱོད་དེ་དག་ལ་ངོས་འཛིན་བྱས་པའི་ཐོག་ནས་གཞུང་འབྲེལ་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པར་བསྔགས་བརྗོད་དང་འབྲེལ། དེ་མཚུངས་རྒྱལ་ཁབ་གཞན་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། གཞུང་ནས་ཁྲིམས་མཐུན་དང་ཁྲིམས་ལུགས་ལག་བསྟར་བྱེད་མཁན་རྣམས་ལ་དེའི་སྐོར་གོ་རྟོགས་སྤེལ་དགོས་སྐོར་ནན་བརྗོད་གནང་ཡོད་འདུག

ཐེངས་འདིའི་ཟུར་ཚོགས་སྟེང་མཉམ་འབྲེལ་རྒྱལ་ཚོགས་ནང་སྙན་ཞུ་འབུལ་མཁན་དང་། གཏམ་བཤད་གནང་མཁན་གྱི་འཐབ་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་དེ་མཚམས་འཇོག་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལ་རང་དབང་གི་ཐོག་ནས་ལས་དོན་སྤེལ་ཐུབ་པར་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དང་། སྲུང་སྐྱོབ། མཉམ་འབྲེལ་གྱིས་འབད་བརྩོན་གནང་དགོས་པ་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་འདུག

ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་འཚོགས་པ་དང་བསྟུན་ཟུར་ཚོགས་འཚོག་གི་ཡོད་པ་ལྟར། ད་ལན་ཟུར་ཚོགས་སྟེང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་འབྲེལ་ནས་གླེང་སློང་བྱས་མེད་པ་དང་། དེ་སྔ་ཕྱི་ལོ་ ༢༠༢༢ ལོར་རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན། ༸སྐུའི་ཡང་སྲིད་ཀྱི་གནས་བབ་ཐོག་ཟུར་ཚོགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་བོད་ནག་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་ཟུར་ཚོགས་གནང་ཡོད་འདུག ཕྱི་ལོ་ ༢༠༢༤ ལོར་རྒྱལ་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་དུས་བཀག་བསྐྱར་ཞིབ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གསལ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་འཚོགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༡ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༧ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese