མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲ་ལགས་སུ་བསྐྱར་དུ་འདྲི་བརྩད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲ་ལགས་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཁོང་གི་ཁ་པར་བཙན་འཕྲོག་གིས་ཕྱི་ནང་གི་འབྲེལ་ལམ་བཅད་དེ་སྔར་ལས་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་འདུག

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་། འབྲེལ་ཡོད་ནས་པར་མཁོ་སྤྲོད་གནང་། ༢༠༢༦།༢།༩

འདི་ག་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༨ ཉིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་རྗེས། ཁོང་གི་གནས་ཚུལ་དང་པར་ཞིག་བོད་ཀྱི་ཕྱི་ཕྱོགས་སུ་ཁྱབ་པ་དང་འབྲེལ་ནས། ཨ་ཉག་སེང་སྒྲ་ལགས་སུ་བསྐྱར་དུ་འདྲི་བརྩད་བྱས་ཏེ། ཁོང་གི་ཁ་པར་ལ་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་བརྗོད་དེ་བཙན་འཕྲོག་བྱས་ཡོད་པ་མ་ཟད། ད་ལྟ་ཁོང་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་ཡོད་ཀྱང་། འབྲེལ་གཏུགས་བྱེད་ས་གང་ཡང་མེད་པར་བཟོས་ཏེ་འགྲོ་འདུག་སོགས་ཀྱི་རང་དབང་ལ་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་འདུག

དེའི་ཐད་འདི་གའི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ཉེ་ལམ་ཨ་ཉག་སྐོར་གྱི་གནས་ཚུལ་དང་པར་ཞིག་ཕྱིར་ཁྱབ་པ་དང་འབྲེལ་ནས། ཨ་ཉག་སེང་སྒྲ་ལགས་སུ་བསྐྱར་དུ་འདྲི་བརྩད་བྱས་ཏེ་ཁ་པར་ཡང་བཙན་འཕྲོག་བྱས་འདུག ད་ལྟ་ཁོང་ལ་འབྲེལ་བ་བྱེད་ས་གང་ཡང་མེད། ཅེས་དང་། ཉེ་སྔོན་ཁོང་ལ་སྨན་བཅོས་བརྟག་དཔྱད་བྱས་ཡོད་པ་དང་། ད་ལྟ་ངལ་གསོ་བརྒྱབ་སྟེ་ལུས་ཁམས་གསོ་དགོས་ཀྱི་འདུག ཅེས་བརྗོད་བྱུང་ལ། འདི་ལོར་ཁོང་ཀློད་གྲོལ་ཐོབ་སྐབས། ཁོང་གི་མཁལ་མ་ནད་པ་དང་མིག་ཤེས་ཉམས་པ།  དེ་བཞིན་ཁྲག་ཤེད་ན་ཚ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉག་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན་དང་རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་བྱེད་ས་ཞིག་ཏུ་གྱུར་བར་བརྟེན།  ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲས་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་ནས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུང་ཁྲན་ (东川) བཙོན་ཁང་ནས་ཀློད་གྲོལ་བཏང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་སྤྱི་ཚོགས་དཀྲུག་རྐྱེན་བཟོས་པའི་ཉེས་མིང་འོག་ཨ་ཉག་སེང་སྒྲ་ལགས་བསྐྱར་དུ་འཛིན་བཟུང་བྱས། ཕྱི་ལོ་ ༢༠༡༨  ལོའི་ལོ་མཇུག་དང་ ༢༠༡༩ ལོའི་ལོ་མགོར་ཨ་ཉག་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་དང་ཁྲིམས་རྩོད་པ་ལིན་ཆི་ལི་སོགས་ཀྱིས་ཁྲིམས་གཏུག་རིམ་པ་བྱས་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༦ ཉིན་ཨ་ཉག་སེང་སྒྲ་ལགས་སུ་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞིར་གཏོར་བཤིག་བཏང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ལོ་ ༧ བཙོན་འཇུག་ཁྲིམས་ཐག་བཅད། འདས་ལོའི་ཕྱི་ཟླ་ ༩ ནང་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཡོད་ཀྱང་། རྒྱ་ནག་གིས་ཨ་ཉག་སེང་སྒྲས་བཙོན་ཁང་དུ་ཁྲིམས་འགལ་བྱས་ལུགས་ཀྱི་ནག་ཉེས་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༢ པའི་བར་དུ་དུས་ཡུན་ཕར་འགྱངས་བྱས།

ད་ལྟ་རང་ལོ་ ༥༥ ཡིན་པའི་ཨ་ཉག་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པ་དང་། ཁོང་གིས་དམངས་དོན་གླེང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ། ས་གནས་སྲིད་གཞུང་གིས་གོང་རིམ་ནས་མི་མང་ལ་སྤྲད་པའི་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་བྱས་པ་དང་། ཁྲིམས་འགལ་ཐོག་གཏེར་ཁ་སྔོག་འདོན་བྱས་པ། དབྱེ་འབྱེད། ད་དུང་མི་རིགས་ཀྱི་བདེ་སྡུག་ལ་ལྟ་རྟོག་མི་བྱེད་པ་དང་། ལྷག་པར་དུ་ས་གནས་ཀྱི་མི་དམངས་སྐྱོ་བོ་ཚོར་ལྟ་རྟོག་མི་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐེར་འདོན་བྱས་ནས་རྫོང་དང་ཁུལ། ཞིང་ཆེན་རིམ་པར་ཞུ་གཏུག་བྱས་མྱོང་བ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese