མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༧ ནས་ ༩ བར་གངས་ཅན་སྐྱིད་གཤོངས་སུ་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་འཚོག་གིན་འདུག

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༧

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་ཞུས་སོང་བ་དང་། མཛད་སྒོའི་ཐོག་འཛམ་གླིང་རྒྱལ་ཁབ་ ༣༢ ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༠༠ ལྷག་འཛོམས་འདུག་ལ། ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོ་གྲོལ་བ་དང་ལྷན་དུ། ཚོགས་ཆེན་གྱི་བསྒྲགས་གཏམ་ཞིག་སྤྱི་མོས་ཐོག་ཡོངས་བསྒྲགས་གནང་སོང་།

ད་ལན་གྱི་ཚོགས་འདུ་དེ་ནི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་ཡོད་པ་ལྟར། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁན་འགྲོ་ཁེར་མེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྔོན་འགྲོའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འཛུགས་གནང་བའི་བརྒྱུད་རིམ་དང་ད་ལྟའི་ཆར་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༣༠ ཡོད་སྐོར་དང་། ཐེངས་འདིར་དྷ་རམ་ས་ལར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་མིའི་རང་དབང་སླར་གསོ་མ་ཐུབ་ཀྱི་བར་དུ་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་དང་དེར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་ཞུས་སོང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལམ་དབུ་མ་ཡིན་པ་ལྟར་འཐབ་ཇུས་ལ་འགྱུར་བ་བཏང་སྟེ། རྒྱལ་སྤྱིའི་སྟེང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་རྒྱབ་སྐྱོར་ཐོབ་ཐབས་གནང་བཞིན་ཡོད་སྐོར་དང་། དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ནང་གལ་གནད་ཆེ་བའི་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་ཡིན་སྐོར། དེ་བཞིན་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐུགས་ཐག་བཅད་པའི་གནད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་དང་ཐོབ་བཞིན་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ངོས་ནས་མུ་མཐུད་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་ཡིན་སྐོར། ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་སྟེང་དུ་ཕེབས་པའི་སྐུ་མགྲོན་རྣམས་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་རྒྱུ་ཡིན་པ་དེས་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཐོག་ནས་གནད་འགོག་ཆེན་པོ་མཚོན་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

བསྒྲགས་གཏམ་དེའི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་འདི་ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་སྲུང་གཙིའི་ལས་རིམ་བྱམས་བརྩེའི་ལོ་སྲུང་གཙི་ཞུ་བཞིན་པར་༸མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་དང་འབྲེལ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན་༸གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་མུ་མཐུད་གནས་ངེས་ཡིན་པ་དང་ཡང་སྲིད་མུ་མཐུད་ཕེབས་རྒྱུའི་ཞལ་བཞེས་བསྩལ་བར་བཀའ་དྲིན་ཆེ་ཞུས་དང་འབྲེལ། ༸གོང་ས་མཆོག་གི་ཐུགས་ཐག་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ནས་སྤྱི་མོས་རྒྱབ་སྐྱོར་དང་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་གི་བསྒྲགས་གཏམ་དེ་ཉིད་མཐར་ཐུག་གི་དབང་ཚད་ཡིན་པར་ངོས་འཛིན་ཞུས་ཡོད། རྒྱ་ནག་གཞུང་གིས་གལ་གནད་ཆེ་བའི་བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེར་ཐེ་བྱུས་བྱས་ཚེ། དེ་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞི་རྩའི་ཐོབ་ཐང་ལ་ཚབས་ཆེ་བའི་རྩིས་མེད་རྡོག་རོལ་བཏང་བར་ངོས་འཛིན་བྱས་ཏེ། ཐེ་བྱུས་དེའི་རིགས་ལ་ངོ་རྒོལ་དང་གདོང་ལེན་བྱ་རྒྱུ་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་ཁོ་ན་དེ་ཡིན་པར་ངོས་འཛིན་ཞུས་པའི་ཐོག་རྒྱབ་སྐྱོར་བྱ་རྒྱུ་དང་། དེ་མཚུངས་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་། སྤྱི་དམངས་ཚོགས་སྡེ་ཁག་ནས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ལ་བཙན་བྱོལ་བོད་གཞུང་ཞིག་ཏུ་ངོས་འཛིན་གྱིས་འབྲེལ་མཐུད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་བགྲོ་གླེང་ཞིབ་ཚགས་བྱེད་དགོས་པ་དང་། བོད་དོན་འཐབ་རྩོད་དང་བོད་རྒྱའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐབས་ལ་གཡོ་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་བ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་ཀྱི་དབུ་ཁྲིད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་བསྐྱར་འཛུགས་དགོས་པའི་འབོད་སྐུལ་ཞུས་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱལ་སྤྱིའི་སྟེང་བོད་དོན་ལ་དོ་སྣང་ཡོང་ཐབས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཞིན་པའི་གནས་སྟངས་ཡིག་ཚགས་སུ་ཉར་རྒྱུ་དང་། ལྷག་པར་བོད་ཀྱི་བདེན་མཐའ་མ་གསལ་གྱི་བར་དུ་འཛམ་གླིང་ནང་བོད་དོན་ཞུ་གཏུགས་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༣ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

༢༠༢༦/༠༤/༣༠
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese