མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུ་ལས་ཁང་གིས་གཞོན་སྐྱེས་རྣམས་ལ་མ་འོངས་བོད་ཀྱི་འཐབ་རྩོད་སྣེ་ཁྲིད་ཀྱི་ལས་འགན་ཡོད་པར་བརྟེན་དངོས་གཞིའི་འོས་བསྡུའི་ནང་ངེས་པར་ཆ་ཤས་བཞེས་དགོས་སྐོར་གསུངས་སོང་།

དབུས་འོས་བསྡུ་ལས་ཁང་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་འཚོག་བཞིན་པ། ༢༠༢༦།༣།༡༨ དུས་བབ་གསར་ཁང་གི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་འཚོགས་སོང་། གསར་འགོད་ལྷན་ཚོགས་སྟེང་། འདི་ལོ་འཛམ་གླིང་རྒྱལ་ཁབ་གྲངས་ ༢༧ ནང་ཕྱི་ལོ་ ༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང༌། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ལེགས་བསྒྲུབས་ཀྱིས་སྔོན་འགྲོའི་འོས་དམིགས་གསལ་བསྒྲགས་ཞུས་ཟིན་པ་བཞིན། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསལ་ས་གནས་སོ་སོར་སྔོན་འགྲོ་འོས་གཞིའི་གསལ་བསྒྲགས་གཏོང་ཚེས་དང་དངོས་གཞིའི་འོས་དམིགས་གསལ་བསྒྲགས་མ་བྱས་བར་སྒྲིག་གསལ་ཉིན་གྲངས་ ༣༠ འཇོག་དགོས་རྒྱུ་དང༌། དུས་ཡུན་དེའི་རིང་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་སུ་འོས་གཞིར་ཞུགས་མཁན་རྣམས་ཀྱི་ལོ་རྒྱུས་དང་། འདྲ་པར་རེ་བསྡུ་ལེན་གྱིས་དབུས་འོས་བསྡུ་ལས་ཁང་དུ་འབུལ་འབྱོར་དང་། འོས་གཞིར་ཞུགས་འདུན་མེད་རིགས་ནས་དགོངས་ཞུ་འབུལ་རྒྱུའི་དུས་ཚོད། དེ་བཞིན་འོས་གཞི་རྣམ་པའི་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱེད་དགོས་ཞེས་གསལ་བ་ལྟར། དེ་རིང་གསར་འགོད་གསལ་བསྒྲགས་འདི་བརྒྱུད་ཐོབ་ཁུངས་སོ་སོའི་དངོས་གཞིའི་འོས་དམིགས་གཏན་འབེབས་གསལ་བསྒྲགས་དང་ལམ་སྟོན་ཁག་ཅིག་ཞུ་རྒྱུ་ནི་ ༡། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསེས་ ༣ པའི་ ཀ༽ ནང་། ”དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་གྲངས་ ༢༠ གོང༌། དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་སྔོན་སོང་ནང་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་དང་། འདྲ་པར། འོས་གཞིའི་མཚོན་རྟགས་བཅས་མཐའ་བསྡོམས་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་”ཞེས་གསལ་བ་བཞིན། ཐོབ་ཁུངས་སོ་སོའི་དངོས་གཞིའི་འོས་དམིགས་སུ་དབུས་གཙང་ཆོལ་ཁའི་ཁོངས་འོས་གཞི་གྲངས་ ༢༠ དང་། མདོ་སྟོད་ཆོལ་ཁའི་ཁོངས་འོས་གཞི་གྲངས་ ༢༠ ཐོག་དང་བླངས་ ༡། མདོ་སྨད་ཆོལ་ཁའི་ཁོངས་འོས་གཞི་གྲངས་ ༢༠། ཆོས་བརྒྱུད་ལྔ་ནས་འོས་གཞི་གྲངས་ ༤ རེ་དང་། ཡུ་རོབ་དང་ཨ་ཧྥི་རི་ཀ་ནས་འོས་གཞི་གྲངས་ ༤ ཐོག་དང་བླངས་ ༡། ལྷོ་བྱང་ཨ་རི་ནས་འོས་གཞི་གྲངས་ ༤ སྟེང་དང་བླངས་ ༡། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སེ་ཀྲེ་ལི་ཤི་ཡའི་ཐོབ་ཁོངས་ནས་འོས་གཞི་ ༢ བཅས་ལ་སྒྲིག་གསལ་ལྟར་གཏན་འབེབས་ཞུས་ཡོད། ༢། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་རྣམས་ཀྱི་མཚན་གཞུང་དང་དོ་བདག་སོ་སོའི་ལོ་རྒྱུས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་འགྲེམས་སྤེལ་ཞུ་རྒྱུ་དང༌། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་གཞུང་འབྲེལ་དྲྭ་རྒྱའི་ནང་ལའང་འཇོག་རྒྱུ་ཡིན་པར། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ནས་ཐུགས་སྣང་ངེས་པར་གནང་དགོས་རྒྱུ། ཞེས་འདུག

ཡང་གསལ་བསྒྲགས་ནང་། ༣། དེ་རིང་ ༢༠༢༦ ཟླ་ ༣ ཚེས་ ༡༨ ཉིན་ནས་གཏན་འབེབས་འོས་མི་སོ་སོ་དང་དེ་དག་གི་རྒྱབ་སྐྱོར་བ་རྣམས་ནས་འོས་སྒྲིག་ལྟར་འོས་བསྡུའི་དྲིལ་བསྒྲགས་གནང་ཆོག་པ་ཡིན། ༤། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ (༧)(ཁ) དགོངས་དོན་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༣ ཕྱི་དྲོ་ཕྱག་ཚོད་ ༥།༠༠ ནས་འོས་བསྡུའི་དྲིལ་བསྒྲགས་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུ། ༥། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་འོས་བསྡུའི་ལས་རིམ་གཏན་འབེབས་ལྟར་བོད་མིའི་འདུ་སྡོད་ས་ཁུལ་ཡོངས་ལ་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པར་སོང་། རྒྱ་ཆེ་མང་ཚོགས་ནས་འོས་བསྡུའི་ནང་ཆ་ཤས་ངེས་པར་དུ་བཞེས་དགོས་པ་ནན་སྐུལ་ཞུ་རྒྱུ། ༦། དངོས་གཞིའི་འོས་འཕེན་སྐབས་འོས་ཤོག་ནང་འོས་འདེམས་སུར་བྱེད་རེའུ་མིག་ནང་གསལ་ཨང་རིམ་སྟེང་འོས་ཐམ་མ་ནོར་བ་རྒྱག་དགོས་པ་ལས། འགྲིག་རྟགས་དང་ནོར་རྟགས་སོགས་རྒྱག་མི་ཆོག ༧། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤(༢) དགོངས་དོན་ལྟར་དངོས་གཞིའི་འོས་འཕེན་སྐབས་འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ། འོས་ཐམ་གང་ཡང་མི་གསལ་བ། གྲངས་ཚད་ལས་བརྒལ་བའི་འོས་ཐམ་རྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་རྒྱབ་པ། འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མ་ཡིན་པའི་དོགས་གནས་ཅན་སོགས་འཐོན་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན་པས་ཐུགས་གཟབ་གནང་གལ། ༨། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༩ ནང་གསེས་ ༡ ནང་གསལ་ལྟར། དངོས་གཞིའི་འོས་བསྡུའི་སྐབས་ལོང་བ་དང༌། ལག་པ་གཉིས་ཀ་མེད་པའི་དབང་པོ་སྐྱོན་ཅན་ཁོ་ནར་འོས་བསྡུའི་སྤྱིལ་བུའི་ནང་རོགས་པ་མཉམ་ཁྲིད་ཆོག་པ་ཡིན། ༩། ད་ལན་སྔོན་འགྲོའི་འོས་བསྡུའི་སྐབས་ས་གནས་རེ་བཟུང་ལ་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་ཁག་ཅིག་ལ་འགལ་འཛོལ་བྱུང་ཡོད་སྐོར་འདི་གར་སྙན་སེང་ཞུ་མཁན་བྱུང་ཡོད་པ་དཔེར་ན། འོས་བསྡུའི་སྒྲིག་གཞི་ ༢༤ (༧)(ཁ) དགོངས་དོན་འོས་བསྡུའི་ཉིན་གཉིས་གོང་འོས་བསྡུའི་དྲིལ་བསྒྲགས་མཚམས་འཇོག་བྱེད་དགོས་པ་དེ་ལྟར་ཡང་། ས་གནས་ཁག་ཅིག་ལ་དེ་ལྟར་མ་བྱུང་བ་མ་ཟད་འོས་བསྡུའི་ཉིན་མོར་ཡང་འོས་གཞིའི་མིང་གཞུང་ཤོག་འཛར་འགྲེམས་སྤེལ་བྱེད་པ་སོགས་བྱུང་འདུག་པ་སྒྲིག་འགལ་ཚབས་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ན། དངོས་གཞིའི་འོས་བསྡུའི་སྐབས་སྒྲིག་འགལ་དེ་རིགས་བྱུང་ཚེ་ཉེས་ཆད་ཡན་པོར་མ་སོང་བ་གཏོང་རྒྱུ་ཡིན་པ་ཐུགས་གཟབ་གནང་དགོས་རྒྱུ། ༡༠། ལྷག་པར་དུ་མཐོ་སློབ་བསྐྱོད་བཞིན་པའི་རང་རེའི་གཞོན་སྐྱེས་མང་དག་ཅིག་ནས་ད་ལམ་སྔོན་འགྲོའི་འོས་བསྡུ་ནང་ཆ་ཤས་བཞེས་ཐུབ་མེད་པ་ནི་བློ་འཚབ་ཀྱི་རང་བཞིན་ལ་སོང་། གཞོན་སྐྱེས་རྣམས་ལ་མ་འོངས་བོད་ཀྱི་འཐབ་རྩོད་སྣེ་ཁྲིད་ཀྱི་ལས་འགན་ཡོད་པར་བརྟེན་དངོས་གཞིའི་འོས་བསྡུའི་ནང་ངེས་པར་ཆ་ཤས་བཞེས་དགོས། ཞེས་གསལ་འདུག

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། དབུས་འོས་བསྡུ་ལས་ཁང་གིས་དཔྱད་ཁྲ་བཏང་བ་དེ་ཇི་མ་ཇི་བཞིན་མང་ཚོགས་ལ་འགྲེལ་བཤད་རྒྱག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། འོས་བསྡུ་ལས་ཁང་གིས་འོས་བསྡུའི་སྒྲིག་གཞིའི་ཐོག་ནས་འོས་བསྡུ་དྲང་པོ་དང་འདྲ་མཉམ། ཚགས་ཚུད་པོ་ཡོང་རྒྱུར་འབད་བརྩོན་ཞུ་ཡི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་འོས་བསྡུའི་སྒྲིག་གཞི་དེ་དག་ལ་མང་ཚོགས་ཀྱིས་སྲུང་སྐྱོབ་དང་བརྩི་སྲུང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར། དེ་སྔ་སྔོན་འགྲོའི་འོས་བསྡུའི་སྐབས་དངོས་སུ་འོས་འཕེན་པའི་གྲངས་འབོར་ཧ་ཅང་ཉུང་ཉུང་རེད་འདུག མང་ཚོགས་ནས་དངོས་སུ་ཆ་ཤས་ལེན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པར་བརྟེན། དངོས་གཞིའི་འོས་བསྡུའི་སྐབས་མང་ཚོགས་ནས་བླངས་ནས་འོས་གང་མང་མང་འཕེན་ཐུབ་དགོས་ཀྱི་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལངས་ཕྱོགས་ཀྱི་ཐོག་ལ་ཞུ་ཡིག་ཅིག་འབུལ་བའི་སྐབས། ཞུ་ཡིག་འདིའི་ནང་ཞུ་ཡིག་འབུལ་མཁན་གྱི་རྒྱབ་ལྗོངས་དང་། ཁ་བྱང་། ཁ་པར་ཨང་གྲངས། འབྲེལ་བ་བྱེད་ཡུལ། དཔང་རྟགས་ཡོད་པ་སོགས་ཀྱི་བརྒྱུད་ནས་ཞུ་ཡིག་འབུལ་དགོས་པ་ལས། ཞུ་ཡིག་ཕུལ་བ་དེ་སྤྱི་ཚོགས་དྲ་རྒྱ་དང་མང་ཚོགས་ནང་ཁྱབ་བསྒྲགས་བྱས་ཟིན་རྗེས་ཡིག་འཁྱམ་ཞིག་ལ་ངོས་འཛིན་གྱི་ཡོད་སྐོར། ད་ལན་གྱི་སྤྱི་འཐུས་འོས་མི་ཁག་ཅིག་ལ་ཛ་དྲག་གི་ཐོག་ནས་ཡི་གེ་བསྐུར་རྒྱུའི་གནས་སྟངས་བྱུང་བ་མ་གཏོགས། མང་ཆེ་བ་ལ་ཁ་པར་བརྒྱུད་ནས་འབྲེལ་བ་ཞུས་ཡོད་པ་དང་། དམིགས་བསལ་གྱིས་གང་ཟག་ལ་དབྱེ་བ་ཕྱེས་ནས་ཡི་གེ་བསྐུར་བ་དང་མ་བསྐུར་བ་དེ་འདྲ་རྩ་བ་ཉིད་ནས་མེད་སྐོར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༧ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༡༢ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese