མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་རྗེས་འབྱོར་བོད་མི་སོགས་ལ་ས་ཁང་གི་དཀའ་ངལ་སེལ་སླད་བོད་མི་དུད་ཚང་ ༨༥༠ ལ་ས་ཁང་བགོ་འགྲེམས་བྱས་ཡོད་འདུག

སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༨ ཉིན་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་གཉིས་པའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་སྐབས། ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་གནས་བབ་དང་། རྗེས་འབྱོར་དང་ཁ་འཐོར་བོད་མི་རྣམས་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི། གཞིས་ཆགས་ཁག་གི་མཉམ་འབྲེལ་ལས་ཁུངས། ས་གནས་གཞིས་ཆགས་དང་ཡུལ་མི་བར་གྱི་འབྲེལ་ལམ། སོ་ནམ་ལས་གཞི། ས་གནས་རྒན་གསོ་ཁང་། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་སོགས་ཀྱི་ཐད་ལ་གླེང་སློང་གནང་སོང་།

ནང་སྲིད་བཀའ་བློན་མཆོག་གིས། རྗེས་འབྱོར་བོད་མི་དང་ཁ་འཐོར་བོད་མི་རྣམས་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས། གཞིས་ཆགས་ཁག་ཏུ་རྗེས་འབྱོར་དང་ཁ་འཐོར་བོད་མི་གཞིས་སྤོར་ལས་གཞིའི་ནང་། ཕྱི་ལོ་ ༢༠༢༦ ཟླ་ ༢ བར་ས་ཁང་ཐོ་འགོད་བྱེད་མཁན་དུང་ཚང་ ༡༧༦༨ ཁོངས། བོད་ནས་རྗེས་འབྱོར་བ་དུད་ཚང་ ༩༧༩ དང་ཁ་འཐོར་གྲངས་ ༧༨༩ བྱུང་ཡོད་པའི་ཁྲོད། དུད་ཚང་ ༩༣༦ གཞིས་ཆགས་ཁག་ཏུ་འགྲོ་འདོད་ཡོད་པའི་ཁོངས་རྗེས་འབྱོར་དུད་ཚང་ ༥༧༦ བྱུང་འདུག་ལ། དེ་བཞིན་ལ་དྭགས་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མི་རྣམས་ལ་ས་ཁང་སོགས་སྦྱོར་སྤྲོད་བྱས་མཐར། བཀའ་ཤག་སྐབས་བཅུ་དྲུག་པས་ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་དང་། ཁ་འཐོར། དེ་བཞིན་རྗེས་འབྱོར་བོད་མི་བཅས་ཁྱོན་དུད་ཚང་ ༨༥༠ ལ་ས་ཁང་བགོ་འགྲེམས་ཟིན་ཡོད་སྐོར་དང་། དེ་བཞིན་ཉེ་ལམ་དཔལ་རབ་གླིང་གཞིས་ཆགས་ཀྱི་བོད་མི་རྣམས་ཀྱིས་ཆུ་ལོག་སོགས་ཀྱི་འཇིག་པའི་དབང་གིས། ས་གནས་གཞན་དུ་གནས་སྤོར་བྱ་དགོས་པའི་རེ་སྐུལ་དང་། ས་གནས་མགོ་ཁྲིད་རྣམས་སྲིད་སྐྱོང་ལ་མཇལ་དུ་ཡོང་ཡང་། ད་ལྟ་ས་གནས་དེ་གང་དུ་གནས་སྤོར་བྱ་དགོས་མིན་ཐད་འཛིན་སྐྱོང་བཀའ་ཤག་ནང་གྲོས་བསྡུར་གང་ཡང་བྱུང་མེད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་ཁག་ཅིག་གིས་འདས་ལོར་ཆར་དུས་ཀྱི་དབང་གིས་བཞུགས་སྒར་དྷ་སའི་ཁུལ་གྱི་གཞུང་ལམ་ཁག་ཅིག་བརྡིབས་སྐྱོན་བྱུང་བ། དེ་བཞིན་གསང་སྤྱོད་ཀྱི་ཆུ་ལམ་བརྡོལ་ནས་གཞུང་ལམ་སོགས་སུ་བརྩོག་ཆུ་བཞུར་བ་སོགས་ཀྱི་དཀའ་ངལ་ཞིག་འབྱུང་མུས་ཡིན་པའི་ཐད་གླེང་སློང་དང་། ས་གནས་སྲིད་གཞུང་དང་ས་གནས་ཀྱི་དཔོན་རིགས་རྣམས་ལ་བཞུགས་སྒར་དྷ་སའི་གཞུང་ལམ་བསྐྱར་གསོ་བྱ་དགོས་པའི་ཐད་གླེང་སློང་གནང་བ་དང་འབྲེལ། ནང་སྲིད་བཀའ་བློན་མཆོག་གིས། ས་གནས་མགོ་འཛིན་ལས་ཁུངས་ལ་ཆེད་དུ་བཀོད་མངགས་བྱས་ནས་ས་གནས་མགོ་འཛིན་གྱིས་དཔོན་རིགས་རྣམས་ལ་འབྲེལ་མཐུད་བགྱིས་ནས་ལས་དོན་གཉེར་མུས་ཡིན་ཡང་། ད་ལྟ་ཧི་མ་ཅལ་མངའ་སྡེ་ལ་རོགས་དངུལ་གྱི་དཀའ་ངལ་ཡོད་སྟབས། དབུས་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་རོགས་དངུལ་གནང་རྒྱུ་ཡིན་སྐོར་ཞུས་ཀྱང་། ས་གནས་ཀྱི་གཞུང་ལམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་པ་འཆང་ཐབས་བྲལ་བས། ས་གནས་སྲིད་གཞུང་དང་གཞུང་ལམ་གསར་རྒྱག་གི་ལས་གཞི་གཉེར་མཁན་གྱི་ཚོགས་སྡེ་ཁག་གིས་ལས་དོན་ཅི་བྱེད་ལ་བལྟས་ནས། ལས་དོན་གང་མགྱོགས་ལེགས་གྲུབ་ཡོང་རྒྱུར་རེ་བ་རྒྱག་པ་ལས། ནང་སྲིད་ལས་ཁུངས་ཀྱིས་ས་གནས་མགོ་འཛིན་ལས་ཁུངས་བརྒྱུད་ནས་ས་གནས་སྲིད་གཞུང་སོགས་སུ་ཡང་དང་བསྐྱར་དུ་ཡར་ཞུ་རིམ་པ་བྱེད་མུས་ཡིན་སྐོར་སོགས་གསུངས་སོང་།

སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཉེར་མུས་ཡིན་པའི་ས་གནས་མཉམ་ལས་ཁག་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀར་བཀོད་འདོམས་འོག་ཏུ་མེད་ཀྱང་ཁྱབ་ཁོངས་ཆགས་ཡོད་སྟབས། དེའི་ཐད་ནང་སྲིད་བཀའ་བློན་མཆོག་གིས།  ས་གནས་མཉམ་ལས་ཁག་གིས་ཀྱང་ས་གནས་མགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ལས་དོན་གཉེར་དགོས་པའི་མུར། དེ་སྔ་ས་གནས་མགོ་འཛིན་དེ་མཉམ་ལས་ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་དགོས་པའི་རེ་སྐུལ་མང་དག་ཅིག་བྱུང་ཡང་། ས་གནས་མགོ་འཛིན་མང་ཆེ་བ་ས་གནས་གཞན་དང་གཞན་ནས་ཡོང་བ་ཡིན་སྟབས། རྒྱ་གར་དབུས་གཞུང་གི་ཁྲིམས་སྒྲིག་བཞིན་མ་གཤེར་མེད་པས་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་ཐབས་བྲལ་བ་དང་། དེ་སྔ་ས་གནས་ཁག་གི་མཉམ་ལས་དང་འབྲེལ་ནས་དངུལ་རྩིས་རིགས་ཏག་ཏག་ཡོང་གི་མེད་པའི་གནས་ཚུལ་རེ་གཉིས་ཤིག་བྱུང་བས། ནང་སྲིད་ལས་ཁུངས་ཀྱིས་ས་གནས་མཉམ་ལས་ཀྱི་ལས་དོན་ཚགས་ཚུད་དང་གཙང་མ། དེ་བཞིན་མཉམ་ལས་ཁག་གིས་ཀྱང་ས་གནས་མགོ་འཛིན་ལས་ཁུངས་མཉམ་དུ་ལས་དོན་གཉེར་ཐུབ་པའི་རེ་སྐུལ་དང་ལམ་སྟོན། དེ་བཞིན་བྷན་དྷ་ར་ས་དང་ཏེ་ཛུ་ས་གནས་མཉམ་འབྲེལ་གྱི་རྩིས་ཞིབ་ཀྱི་དཀའ་ངལ་སོགས་ཀྱི་ཐད་ལའང་གསལ་བཤད་གནང་སོང་།

བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་གྱི་ཐག་གཅོད་བཞིན། བཙན་བྱོལ་བོད་མིའི་ས་གནས་བཅུ་གཉིས་ལྷག་གི་ནང་འདས་པའི་ལོ་ཤས་ནང་སོ་ནམ་འདེབས་ལས་ཀྱི་ལས་དོན་གཉེར་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཀྱང་ས་གནས་སོ་སོའི་སོ་ནམ་ལས་གཞིའི་ཐད་རོགས་འདེགས་མི་ཉུང་བ་ཞིག་གནང་མུས་ཡིན་ཡང་། ད་ལྟ་ས་གནས་ཁག་ཅིག་ཏུ་སོ་ནམ་འདེབས་ལས་ཀྱི་ལས་དོན་འཕྲོ་སྐྱོང་མ་ཐུབ་པར་ལྷག་ཡོད་ཅིང་། ཁག་ཅིག་གི་ཐོན་འབྲས་རྣམས་ཁྲོམ་རར་ཚོང་འགྲེམས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འབྱུང་མུས་ཡིན་པའི་མུར། ཡང་ས་གནས་ཁག་ཅིག་ཏུ་ཆེད་ལས་རང་བཞིན་གྱི་ཐོག་ནས་ཐོན་འབྲས་བདག་གཅེས་བྱེད་སྟངས་མི་ཤེས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་མུས་ཡིན་པའི་ཐད་གླེང་སློང་གནང་སྟབས། ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། སོ་ནམ་འདེབས་ལས་གཉེར་མཁན་རྣམས་ཀྱིས་སོ་སོས་འགན་ཁུར་དགོས་པ་ལས། ཚང་མ་ནང་སྲིད་ལས་ཁུངས་སམ་དབུས་བོད་མིའི་སྒྲིག་འཛུགས་ལ་ཁ་གཡར་བ་དང་ཁག་འཇོག་ས་མི་འཚོལ་བར། གཞུང་གི་མཐུན་རྐྱེན་གྱི་ཐོག་མི་སྒེར་རང་གིས་ཀྱང་དཀའ་ལས་བརྒྱག་དགོས་པའི་ཁར། སོ་ནམ་འདེབས་ལས་སྐབས་བོད་མི་རྣམས་ཀྱིས་གནས་སྐབས་ཀྱི་ཁེ་ཚོང་སླད་རྫས་ལུད་མང་པོ་འདེབས་མི་ཉན་ཞིང་། དེས་མ་འོངས་པར་ཞིང་ས་འཕྲོ་བརླག་དང་། ཆུ་དང་ལྷག་པར་འཐུང་ཆུའི་དཀའ་ངལ་འཕྲད་ཉེན་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༣༦ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese