མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

དུས་ཆེན་གཉིས་འཛོམས་དང་བསྟུན་ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་སོང་།

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་དཔལ་དུས་ཀྱི་འཁོར་ལོ་རྗེས་སུ་བཟུང་བའི་དུས་ཆེན་དང་ཚེས་པ་བཅོ་ལྔར་བསྟུན། ཞོགས་པའི་ཆུ་ཚོད་ ༨ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དུས་འཁོར་སྒྲུབ་མཆོད་ཀྱི་དངོས་གཞིའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སོང་། དེ་བཞིན་དེ་རིང་ཕྱི་ཚེས་ ༡ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ་དང་། ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་སོང་། སྐབས་དེར་ཇོ་ནང་གི་དགོན་པ་གསུམ་དང་། མི་མང་བཅས་ཁྱོན་མི་གྲངས་ ༡༤༠ ལྷག་ལ་མཇལ་ཁ་གནང་སོང་ལ། ཇོ་ནང་གི་དགེ་འདུན་པ་རྣམས་ཀྱིས་དུས་འཁོར་རྒྱུད་ཀྱི་སྙིང་པོའི་ཀློག་རྒྱུགས་ཕུལ་སོང་།

ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས་འདི་གའི་གསར་འགོད་པར། དེ་རིང་དཔལ་རྒྱལ་བ་ཇོ་ནང་པའི་བོད་གཞིས་བྱེས་གཉིས་ཀྱི་ཆོས་རྒྱུད་འཛིན་པ་ཡོངས་ཀྱི་ཚབ་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་དང་གཟེངས་རྟགས་ཤིག་ཕུལ་ཡོད། དེའི་ཐོག་མའི་བྱུང་རིམ་ནི་འདས་པའི་ལོ་གཅིག་གི་སྔོན་དུ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཁ་ཤས་ཤིག་འཚོགས་པའི་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་དབུལ་དགོས་པའི་གྲོས་མཐུན་བྱུང་བ་དང་། གཟེངས་རྟགས་དེའི་མིང་ལ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་ཞེས་གཏན་འབེབས་བྱུང་བ་རེད། ཁ་སང་ང་ཚོས་སྒྲུབ་བཤགས་འཚོགས་ཏེ། ཀུན་མཁྱེན་ཡབ་སྲས་བཅོ་ལྔ་ཡི་ཆོ་གའི་སྒོ་ནས་བརྟན་བཞུགས་དངོས་སུ་ཕུལ་བ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་༧རྒྱལ་བ་ཇོ་ནང་པར་མ་དགོན་སོགས་གནང་ནས་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་བཀའ་དྲིན་ཆེན་པོ་ཡིན།  ད་ལན་དགོན་སྡེ་གསུམ་གྱི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་པ། སྦྱིན་བདག་སོགས་མི་གྲངས་བརྒྱ་དང་བཞི་བཅུ་ལྷག་ཅིག་འཛོམས་ནས། སྐུའི་དྲུང་དུ་བཅར་ནས་སྐུ་གསུང་ཐུགས་རྟེན་དང་། མནྜལ། གཟེངས་རྟགས་དང་བཅས་ཕུལ་ཟིན་པ་ཡིན། ཞེས་གསུངས་བྱུང་།

ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་ཀྱི་མཚོན་དོན་ནི། ༧མགོན་པོ་གང་ཉིད་ཚེ་ཡི་ལྷ་ཚོགས་ཀྱིས་རྗེས་སུ་བཟུང་ནས་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་པ་མཚོན་ཆེད་དུ་ཚེ་བུམ་གྱི་དབྱིབས་དང་ལྡན་པ།  ལྷ་གཅིག་འཕགས་མཆོག་ཕྱག་ན་པད་མོའི་སྐུའི་རྣམ་པར་རོལ་བ་མཚོན་ཆེད་དུ་པད་མ་དཀར་པོ་འདབ་མ་བརྒྱད་པ།  དེའི་སྟེང་དུ་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་སྒྲེང་བའི་བསྟན་པའི་བདག་པོ་མཚོན་ཆེད་དུ་གསེར་དངུལ་གྱིས་གྲུབ་པའི་ཆོས་ཀྱི་འཁོར་ལོ་གསུམ། དེའི་སྟེང་དུ་ཐབས་དང་ཤེས་རབ་གཉིས་ཏེ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་བཟང་གསལ་བར་མཛད་པ་མཚོན་བྱེད་ཉི་ཟླའི་གདན།  དེའི་སྟེང་དུ་རྒྱུད་སྡེ་བཞི་ཡི་དགོངས་དོན་དང་ལྷག་པར་དུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་ལ་མངའ་བརྙེས་པ་མཚོན་ཆེད། ཕྱི་འཇིག་རྟེན་གྱི་རྣམ་བཞག་དང་།  ནང་རྡོ་རྗེ་ལུས་ཀྱི་གནས་ཚུལ།  གསང་བ་བསྐྱེད་རྫོགས་གཉིས་ཀྱི་ངོ་བོ། ཡང་གསང་འབྲས་བུ་སངས་རྒྱས་ཀྱི་རང་བཞིན་མཚོན་པའི་ཇོ་ནང་པའི་ལུགས་ཀྱི་རྣམ་བཅུ་དབང་ལྡན་བཅས་གདུལ་བྱ་འདུལ་བྱེད་སོགས་ཀྱི་རྟེན་འབྲེལ་གྱི་གནད་དུ་མ་ཉེ་བར་མཚོན་པའི་རིན་པོ་ཆེའི་མཚོན་བྱེད་གསེར་དངུལ་ལས་བཞེངས་པ་ཞིག་ཡིན་འདུག

༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་ཚོར་སྣང་ཇི་བྱུང་དང་འབྲེལ་ནས་མཁན་སྤྲུལ་ཀུན་དགའ་ཆོས་འཕེལ་ལགས་ཀྱིས། ད་ལན་ང་ཚོ་དཔལ་རྒྱལ་བ་ཇོ་ནང་པའི་གཞིས་བྱེས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༩༠ ལ་ཕེབས་པ་དང་། དེ་རིང་དམིགས་བསལ་གྱིས་དཔལ་དུས་ཀྱི་འཁོར་ལོ་རྗེས་སུ་བཟུང་བའི་དུས་ཆེན་ཁྱད་པར་ཅན་ལ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་ཕུལ་ཐུབ་པ་དེ་ཧ་ཅང་གི་སྐལ་བ་བཟང་པོ་དང་། མི་ཚེའི་ནང་གི་རྡོ་རིང་ཆེན་པོ་ཞིག་དང་། དྲན་རྟེན་ཆེན་པོ་ཞིག་ཆགས་སོང་བསམ་པའི་ཚོར་སྣང་དང་དགའ་སྤོབས་ཆེན་པོ་བྱུང་། ད་ལན་གྱི་འདི་ལ་བརྟེན་ནས་༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་། བོད་གཞིས་བྱེས་ཡོངས་མཚོན་པའི་འཛམ་གླིང་ཞི་བདེ་ཡོང་རྒྱུའི་སྨོན་ལམ་རྒྱག་གི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

དགའ་ལྡན་ཕོ་བྲང་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ཧི་མ་ལ་ཡ་ནང་པའི་རིག་གཞུང་མཐུན་ཚོགས་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༦ སྔོན་ལ།
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

ཆུ་ཚོད་ ༧ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese