མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་དོན་གཅོད་ནས་འཁྱུར་གྱི་ཡོད་ཀྱང་བོད་མི་རིགས་ལ་རྒྱབ་སྐྱོར་དང་བོད་དོན་ཞུ་གཏུག་གནང་རྒྱུ་ནམ་ཡང་མཇུག་སྒྲིལ་མི་སྲིད་སྐོར་གསུངས་འདུག

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྐུ་སྒེར་གྱི་སྤྱི་ཚོགས་དྲ་ལམ་སྟེང་། དེ་རིང་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༡༡ ཉིན་ནི་ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ལས་འགན་འཁྱེར་བའི་ཉིན་མཐའ་མ་དེ་ཡིན་ཞེས་གསུངས་འདུག་ལ། རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ པའི་ནང་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོས་གཞག་གནང་ཡོད་འདུག

རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༢ པའི་སྐུ་ཚབ་ཀྱི་ཐུགས་འགན་བཞེས་སྐབས། མ་འོངས་པའི་ལས་དོན་གྱི་བགྲོད་ལམ་དུ་བཞུགས་པ་ནི་བསམ་ཡུལ་དུ་འཆར་དཀའ་བའི་གནད་དོན་ཞིག་ཏུ་གྱུར། འདས་པའི་མི་ལོ་བཅུ་གཅིག་ལྷག་གི་རིང་ལ་ཞབས་ཕྱི་ཞུ་རྒྱུ་བྱུང་བ་ནི་རང་ཉིད་ཀྱི་མི་ཚེའི་ནང་གི་གཟི་བརྗིད་ཆེ་ཤོས་དེ་ཡིན་པར་འདོད། བོད་མི་མ་ཡིན་པ་ཞིག་གིས་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ཁུར་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རྣམས་ལ་ཞབས་འདེགས་ཞུ་རྒྱུ་བྱུང་ནི་མི་ཚེའི་བྱིན་རླབས་དང་གཟི་བརྗོད་ཅིག་ཏུ་སེམས་ཀྱིན་ཡོད། ཅེས་གསུངས་འདུག 

ཡང་རིན་པོ་ཆེ་མཆོག་གིས། ངའི་ལས་འགན་དངོས་སུ་མཇུག་བསྒྲིལ་ཟིན་ནའང་། ངའི་ལྷག་བསམ་ནི་མཇུག་སྒྲིལ་མེད། ངས་མུ་མཐུད་དུ་བོད་མི་རིགས་ལ་རྒྱབ་སྐྱོར་དང་། བོད་དོན་ཞུ་གཏུག བོད་མི་རིགས་དང་མཉམ་དུ་འགྲེང་རྒྱུ་ཡིན། དེ་ནི་དུས་རྟག་ཏུ་མཇུག་སྒྲིལ་མི་སྲིད་པའི་ལམ་བུ་ཞིག་རེད། ཅེས་གསུངས་འདུག

ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༤ ཉིན་སྐབས་དེའི་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཞིང་ནོར་ངག་དབང་རབ་རྒྱས་ལགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་བྱུང་བ་དང་། ཁོང་གི་ཚབ་ཏུ་སྐབས་དེའི་སོག་ཡུལ་ནང་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་མཚན་གནས་ཐོག་རུ་སོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཏེ། འདས་པའི་མི་ལོ་བཅུ་གཅིག་ལྷག་གི་རིང་ཏེ་ལོ་རིན་པོ་ཆེ་མཆོག་གིས་རུ་སོག་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ལོ་ནས་ཨུ་རུ་སུའི་དཀའ་རྙོག་བྱུང་བའི་སྐབས་སུ་ཁོང་ཕྱི་རྒྱལ་དུ་ཕེབས་དགོས་བྱུང་ཡོད་པ་རེད།

ཏེ་ལོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནི། ཨ་རིར་འཁྲུངས་ཤིང་༸གོང་ས་མཆོག་ནས་ཏེ་ལོ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་རྗེས་དགུང་ལོ་བདུན་ལ་སོན་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཆོས་བཞུགས་གནང་སྟེ། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་གནང། ཁོང་གིས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་གྱི་འགན་བཞེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

སྐར་མ ༢༨ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese