མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བ་དང་༸སྐུའི་གོ་སྟོན་སྲུང་གཙིའི་དུས་ཆེན་མཉམ་འཛོམས་ཀྱི་མཛད་སྒོ་འཚོགས་སོང་།

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བ་དང་༸སྐུའི་གོ་སྟོན་སྲུང་གཙིའི་དུས་ཆེན་མཉམ་འཛོམས་ཀྱི་མཛད་སྒོ་འཚོགས། བོད་ཀྱི་དུས་བབ་ཀྱི་པར། ༡༥།༥།༢༠༢༦

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་ལོ་མང་རིང་ལྟེ་གནས་ཁང་ལ་དཔལ་འབྱོར་གྱི་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་འཇར་མན་གྱི་ (Heinrich-Böll-Stiftung) ཞེས་པའི་རྒྱ་གར་ཁུལ་གྱི་འགན་འཛིན་རྗོ་ཆེན་ (Jochen Lucksheiter) ལགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པ་དང་དཔལ་འབྱོར་དྲུང་ཆེ་ཀྱང་གསར་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། དེ་བཞིན་རྒྱ་གར་ཡུལ་མིའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ཤེས་ཡོན་པ་སོགས་ཁྱོན་མི་གྲངས་ ༨༠ ལྷག་མཉམ་ཞུགས་གནང་འདུག

མཛད་སྒོ་དེ་འཚོགས་པའི་གལ་གནད་དང་འབྲེལ་ནས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། དེ་རིང་གི་ཉིན་མོ་དེ་ང་ཚོའི་ལྟེ་གནས་ཁང་གི་དུས་ཁྱད་པར་ཅན་ཞིག་རེད། དམིགས་བསལ་མ་སྒྲིག་བསམ་པ་ལྷུན་འགྲུབ་ཀྱིས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་དང་སྟབས་བསྟུན་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙིའི་དུས་ཆེན་གཉིས་མཉམ་འཛོམས་བྱུང་བ་དེ་བསོད་ནམས་ཆེན་པོ་ཞིག་དང་གལ་ཆེན་པོ་ཞེ་དྲགས་བརྩི་ཡི་ཡོད། དེ་རིང་ང་ཚོས་མཛད་སྒོ་འདི་འཚོགས་ཐུབ་པ་དེའང་རྟེན་འབྲེལ་ཡག་པོ་བྱུང་སོང་བསམ་པ་དང་། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་རྩོད་རྙོག་ཟེར་བ་དེ་རང་བཞིན་གྱིས་ཡོང་བསྡད་པ་ཞིག་རེད། དེར་བརྟེན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་ལོ་ ༩༠ རིང་ལ་ཞི་བདེ་དང་དམངས་གཙོ། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་དང་འབྲེལ་བའི་ལམ་སྟོན་དང་བཀའ་སློབ་བསྩལ་གནང་མཛད་ཡོད་པ་མ་ཟད། ང་ཚོས་བྱེད་མི་ཐུབ་པ་ཞིག་མེད་ཀྱང་ལྟེ་གནས་ཁང་གི་ངོས་ནས་ལོ་ ༢༥ རིང་ལ་སོ་སོའི་མི་ཚེའི་ནང་ཉིན་རེ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་ཐུབ་རྒྱུའི་ཐོག་ལ་ཞབས་འདེགས་ཞུས་ཏེ་ལོ་ ༢༥ འཁོར་གྱི་ཡོད་པས་དགའ་བ་སྒོམ་དགོས་པ་ཞིག་ཆགས་ཀྱི་འདུག དེས་ན་དེ་རིང་ང་ཚོའི་མཛད་སྒོ་འདི་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཕྱིན་པའི་རེ་བ་རྒྱག་གི་ཡོད། དེ་བཞིན་སྐུ་མགྲོན་རྣམ་པས་བཀའ་སློབ་གནང་བ་དང་། དེ་རིང་གལ་ཆེ་བ་ཞིག་ལ་དམིགས་བསལ་གྱིས་ལྟེ་གནས་ཁང་གི་བརྒྱུད་རིམ་ནང་ཟབ་སྦྱོང་དང་། ང་ཚོ་དང་མཉམ་དུ་ཕྱག་ལས་གནང་མྱོང་མཁན་གྱི་ཚོགས་སྡེ་ཁག་མང་པོ་ཞིག་ཡོད་ལ། ཁོང་རྣམ་པའི་ངོས་ནས་ཤུགས་རྐྱེན་གང་འདྲ་བྱུང་ཡོད་པ་དེའི་ཐོག་ལ་དང་བླངས་ཀྱི་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད། དེ་བཞིན་ང་ཚོ་བོད་པ་དང་རྒྱ་གར་ཡུལ་མི་མཉམ་དུ་གཅིག་ཕན་གཅིག་གྲོགས་དང་། ཕན་ཚུན་གུས་བརྩི་ཡོད་པ། རིག་གཞུང་མི་འདྲ་བའི་མཉམ་དུ་གནས་ཐུབ་པའི་ཐོག་ནས་འབད་བརྩོན་ཞུ་ཡི་ཡོད་པར་སོང་། དེ་རིང་འདིར་རྟེན་འབྲེལ་གྱི་ཚུལ་དུ་ང་ཚོ་བོད་པའི་གཞས་པ་གྲགས་ཅན་ནས་གཞས་གཏོང་བ་དང་། རྒྱ་གར་གྱི་དྷ་སའི་ཁུལ་གྱི་གཞས་སོགས་གྲ་སྒྲིག་བྱས་ཡོད།

ལྟེ་གནས་ཁང་གི་ངོ་སྤྲོད་དང་འབྲེལ་ནས་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་། དེ་ལ་བརྟེན་ནས་ཌན་མག་ (Denmark) རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་བརྒྱུད་རྩོད་རྙོག་གི་རིག་གནས་དེ་རླབས་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱུང་སྟེ། ཕྱི་ལོ་ ༢༠༠༡ ལོར་ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་ཁྱབ་ཁོངས་ནས་ཐོག་མར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གསར་འཛུགས་གནང་བ་རེད། དང་ཐོག་ལྟེ་གནས་ཁང་དུ་ནང་སྲིད་ཀྱི་ཁང་པ་སྟོང་པ་ཞིག་དང་རྐུབ་བཀྱག་གསུམ་ཡོད་པའི་ཐོག་ནས་ལས་བྱེད་གསུམ་གྱིས་ལས་དོན་བྱེད་མགོ་འཛུགས་བྱས་པ་རེད། འོན་ཀྱང་། སྐབས་དེ་དུས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ང་ཚོས་དམིགས་ཡུལ་ངེས་ཅན་དང་འཆར་སྣང་བརྟན་པོ་ཞིག་བཟུང་ནས་རྩོད་རྙོག་དེ་བཟང་པོའི་ཕྱོགས་སུ་འགྱུར་ཐུབ་པར་ཐབས་ལམ་གང་ཡོད་ཐོག་སྦྱོང་བརྡར་བྱས་ཡོད་ཅིང་། ཐོག་མར་ཚོགས་པ་ཆུང་ཆུང་ཞིག་མགོ་བཙུགས་པ་དང་། ད་ལྟའི་ཆར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དེ་རྒྱ་གར་རྒྱལ་ཡོངས་སུ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་ཤེས་ཡོན་གྱི་ལྟེ་གནས་གལ་ཆེན་པོ་ཞིག་ཆགས་པ་དང་། ལྷག་པར་དུ་རྩོད་རྙོག་འདུམ་སྒྲིག་དང་སྦྱོང་བརྡར། བར་འདུམ། ལམ་སྟོན། དེ་བཞིན་ནུས་སྟོབས་གོང་སྤེལ་ (Empowerment) དང་། ནུས་པ་སྐྱེད་སྲིང་ (Capacity Building) སོགས་ཆེད་ལས་ཀྱི་ངོ་བོ་ཡོད་པའི་ལྟེ་གནས་ཁང་གལ་ཆེན་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།

འདས་པའི་ལོ་ངོ་ ༢༥ རིང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་ཆེས་བརྗེད་བཀའ་བ་དང་དྲན་སླ་བའི་ལས་དོན་ག་རེ་རེད་བསམ་གྱི་འདུག་གམ་ཞེས་དྲི་བ་དྲིས་པར་ཁོང་གིས། དེ་འདྲ་བའི་དཔེ་མཚོན་མང་པོ་ཡོད་ཀྱང་། གཅིག་ཞུས་པ་ཡིན་ན། མི་མང་པོ་ཞིག་གིས་ང་ཚོའི་ཟབ་སྦྱོང་གི་རྗེས་སུ་དེ་སྔ་བྱས་པའི་ལས་དོན་སྒྲུབ་ཕྱོགས་ལ་འགྱུར་བ་ཕྱིན་ཏེ་མི་ཚེའི་ནང་ཕན་ཐོགས་ཞེ་དྲགས་བྱུང་སོང་གསུང་གི་ཡོད། དཔེར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུ་རྩོད་རྙོག་དང་འབྲེལ་བའི་ཟབ་སྦྱོང་ཉིན་བཞིའི་རིང་ཕུལ་བ་རེད། སྐབས་དེར་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་ནང་པའི་ལྟ་གྲུབ་དང་རིགས་གནས་ལ་སློབ་གཉེར་གནང་སྟེ་མཐར་ཕྱིན་པའི་དགེ་བཤེས་མང་པོ་ཕེབས་ཡོད། ཟབ་སྦྱོང་གི་རྗེས་སུ། ཁོང་ཚོས་ངས་མི་ཚེ་ཕྱེད་ཀ་ལྷག་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ནས་གོ་དོན་སོགས་ཀྱི་ཐད་དཀའ་ངལ་གང་ཡང་མེད། འོན་ཀྱང་། ངས་ལོ་ངོ་སུམ་ཅུར་སློབ་སྦྱོང་བྱས་པའི་ཡོན་ཏན་དེ་མིའི་མི་ཚེ་དང་འཚོ་བའི་ནང་བེད་སྤྱོད་བྱེད་པའི་ངེས་པ་དེ་ཉིན་གྲངས་བཞིའི་རིང་གི་ཟབ་སྦྱོང་བརྒྱུད་ནས་ཐོབ་བྱུང་།  འདི་འདྲ་བའི་ཟབ་སྦྱོང་ལ་ང་ཚོའི་སྤྱི་ཚོགས་འདི་སྤྱི་ཚོགས་གཞན་དང་མི་འདྲ་བ་བཟོ་ཐུབ་པའི་ནུས་པ་ལྡན་སྐོར་གསུངས་སོང་། དེ་བཞིན། དགེ་རྒན་ཁག་ཅིག་སློབ་ཕྲུག་ལ་ཉེས་རྡུང་བཏང་ན་མ་གཏོགས་ཐབས་ལམ་མེད་པའི་གནས་སྟངས་འོག་ལྷུང་ཞིང་། དགེ་རྒན་གྱི་ལས་གནས་ནས་རྩ་དགོངས་ཞུ་རྩིས་ཡིན་ཡང་། རྩོད་རྙོག་འདུམ་སྒྲིག་ཁང་གི་ཟབ་སྦྱོང་ཐོབ་རྗེས་སློབ་འཁྲིད་ཀྱི་ཐབས་ལམ་གསར་པ་རག་སྟེ་སློབ་འཁྲིད་མུ་མཐུད་བྱེད་པའི་སེམས་ཤུགས་དང་ལམ་ཁ་རྙེད་པ་སོགས་བྱུང་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༦ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese