མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་༧གོང་ས་མཆོག་གི་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས་ད་ལྟའི་ཆར་བོད་ཀྱི་བུད་མེད་རྣམས་ཀྱིས་འཛིན་སྐྱོང་དང་ཆབ་སྲིད་གཉིས་ཀའི་ནང་དུ་ལས་འགན་འཁུར་མུས་ཡིན་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཟླ་ ༦ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོ་བྱས་པའི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་སོང་།

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་འདི་གའི་གསར་འགོད་པར། སྔོན་མ་ང་རང་ཚོགས་གཞོན་རེད། སྐུ་ངོ་ལགས་ཚོགས་གཞོན་ཚོགས་གཙོ་རེད། གནས་ལུགས་དེའི་ཐོག་ནས་མི་རྟག་པ་ཡིན་པ་དང་། ཚང་མ་རྟག་པ་བརྟན་པོ་མེད་པ་ཚང་མས་ཧ་གོ་དགོས་ཀྱི་འདུག་ལ། སུ་ཞིག་གོ་གནས་གང་ཞིག་ལ་སླེབས་རུང་ལས་ཁུར་བྱས་པའི་རིང་ལ་ཁྲིམས་སྒྲིག་གི་དགོངས་དོན་བཞིན། ལྷག་བསམ་རྣམ་དག་གི་ཐོག་ནས་ཚང་མ་མཉམ་དུ་ཁྲིད་དགོས་པ་ནི་གལ་ཆེ་ཤོས་ཡིན་པའི་ཚོར་སྣང་བྱུང་། མི་མང་པོ་ཞིག་གིས་བུད་མེད་ཀྱི་ཚོགས་གཙོ་ཐོག་མ་ཡིན་མིན་གྱི་ཐོག་ནས་གླེང་སློང་མང་པོ་ཞིག་བྱུང་ཡང་། བོད་ཀྱི་བུད་མེད་ཅིག་གིས་བོད་ནང་ལ་ཆབ་སྲིད་ཀྱི་ཆ་ཤས་ལེན་ཐུབ་ཀྱི་མེད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཙན་བྱོལ་ནང་བོད་ཀྱི་བུད་མེད་ལ་བརྒྱ་ཆ་ལྔ་བཅུ་ཐམ་པའི་ས་མིག་ཅིག་གསོལ་སྩལ་གནང་ཡོད་པའི་བཀའ་དྲིན་གྱི་དབང་གིས། བོད་ཀྱི་བུད་མེད་རྣམས་ལ་སོ་སོའི་ནུས་པ་དང་ལྷག་བསམ། ཆོད་སེམས་ཡོད་པ་ཡིན་ན། ཁྲིམས་ཞིབ་པ་ཆེ་བ་དང་ཚོགས་གཙོའི་ཞབས་སྟེགས་སུ་ཕེབས་རྒྱུ་ཡོད་པ་ནི། དེ་རིང་ཚང་མར་བརྡ་ལན་ཞིག་ཆགས་ཡོད་རེད་བསམ་གྱི་འདུག ལྷག་པར་བོད་ཀྱི་བུད་མེད་རྣམས་ཀྱིས་སྔོན་མ་འཛིན་སྐྱོང་དང་ཆབ་སྲིད་ཀྱི་ནང་ལ་འགན་ཁུར་མ་བཞེས་པའི་སྐབས་ལའང་། སོ་སོའི་ཁྱིམ་ཚང་ཡག་པོ་བཟོ་ཡ་དང་སོ་སོའི་བུ་ཕྲུག་ལ་རང་མི་རིགས་ཀྱི་ཁྱད་ཆོས་དང་། མི་བཟང་པོ་དང་ཡག་པོ་ཞིག་བཟོ་རྒྱུའི་ཐད་ལ་བུད་མེད་རྣམས་ཀྱིས་ལེགས་སྐྱེས་ཕུལ་ཡོད། ད་ལྟའི་ཆར་ལ་འཛིན་སྐྱོང་དང་ཆབ་སྲིད་གཉིས་ཀའི་ནང་ལ་ལས་འགན་འཁུར་མུས་ཡིན་པ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པའི་བཀའ་དྲིན་བསམ་ཤེས་ཤིག་བྱུང་། ཞེས་གསུངས་སོང་།

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།

ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ད་ལྟ་བོད་མི་མང་སྤྱི་འཐུས་སྐབས་བཅོ་བརྒྱད་པའི་ཚོགས་གཞོན་གྱི་དམ་འབུལ་ཞུས་ཟིན་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་ལ་དམངས་གཙོ་གསོལ་རས་གནང་སྟེ་ལོ་ངོ་ ༦༦ ལྷག་འགྲོ་ཡི་ཡོད་པ་རེད། དེར་བརྟེན་དམངས་གཙོ་དེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་གལ་ཆེན་པོར་ངོས་འཛིན་གྱི་ཡོད་ལ། ང་ཚོ་ཤར་ཕྱོགས་ཁུལ་ནས་ལྷོ་ཨེ་ཤ་ཡའི་ནང་ལོགས་ནས་དམངས་གཙོའི་ཐོག་ལ་གོམ་པ་མདུན་སྤོས་བྱ་རྒྱུར་གལ་ཆེན་དུ་འཛིན་གྱི་ཡོད་པ་རེད། ༧གོང་ས་མཆོག་གི་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་གཅིག་དེ་བོད་མིར་དམངས་གཙོ་གསོལ་རས་གནང་ནས་སྐུ་དབང་རྩིས་སྤྲོད་གནང་རྒྱུ་གལ་ཆེན་པོ་ཡིན་ཞེས་པའི་བཀའ་དབང་ཕེབས་པ་གཞིར་བཟུང་། ང་ཚོ་སྤྱི་འཐུས་ལྷན་ཚོགས་དེ་གལ་ཆེན་པོ་ཞེ་དྲགས་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་བལྟས་ན། མཛད་གཙོ་རྣམ་པའི་འབྱུང་ཁུངས་ལྟ་བུ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་འཐུས་ཤོར་ཕྱིན་པ་ཡིན་ན། བོད་མིའི་སྒྲིག་འཛུགས་རང་བཞིན་གྱིས་འཐུས་ཤོར་འགྲོ་ཡི་ཡོད་པ་རེད། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ཧ་ཅང་གི་གལ་ཆེན་པོ་རེད། རྩ་བའི་ང་ཚོ་རྒྱུན་ལྡན་ནང་བཞིན་ལོ་གཅིག་ལ་གྲོས་ཚོགས་ཚར་གཉིས་རིང་འཚོག་རྒྱུ་དང་། དེ་ནས་གྲོས་ཚོགས་ཀྱི་ལས་དོན་དེ་དག་རྒྱུན་འཁྱོངས་གནང་རྒྱུ། ཆབ་སྲིད་ཀྱི་ཆེད་བརྗོད་པ་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དང་། གྲོས་ཚོགས་འཐུས་མི། དེ་བཞིན་ཆེད་ལས་པ་དམིགས་བསལ་སོགས་ལ་འབྲེལ་བ་འཇོག་ཐུབ་རྒྱུ་སོགས་ཕྱི་ནང་གསང་གསུམ་གྱི་ལས་དོན་མང་པོ་ཞིག་ཆགས་ཀྱི་ཡོད་པ་དེ་དག་སྐྱབས་བཅོལ་གྱི་ནང་དུ་ཚགས་ཚུད་པོ་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོ་གལ་ཆེ་བ་གཅིག་དེ་བོད་མིའི་ཆབ་སྲིད་ཀྱི་ཐོབ་ཆ་དེ་ཆབ་སྲིད་རང་གི་རྣམ་པ་ཞིག་མ་རེད། ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༦ ཕྱིན་ཡོད་ཅིང་། བོད་མིའི་རིག་གཞུང་དང་སྐད་ཡིག ཆོས་ལུགས་སོགས་ཀྱི་ཐོག་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་བཅུད། དེ་བཞིན་རྒྱལ་སྤྱིའི་སྟེང་དམིགས་བསལ་གྱིས་རིན་ཐང་ཆེན་པོ་སླེབས་ཐུབ་ཡོད་པས། མུ་མཐུད་དུ་ཉར་ཚགས་དང་། དར་རྒྱས་གོང་འཕེལ་གནང་རྒྱུ། གཞན་ཡང་ཆབ་སྲིད་ཀྱི་ཐོབ་ཆའི་ཐོག་ལ་གོམ་པ་མདུན་སྤོས་བྱ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་གསུངས་སོང་།

སྐབས་བཅོ་བརྒྱད་པ་འི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།

ཡང་ཚོགས་གཞོན་མཆོག་གིས་། བོད་ནང་གི་བོད་མིའི་གནས་སྟངས་དེ་ཉིན་རེ་ནས་ཉིན་རེ་ཛ་དྲག་ཇེ་ཆེར་འགྲོ་ཡི་ཡོད་པ་རེད། ཉེ་ཆར་རྒྱ་ནག་གི་གྲོས་ཚོགས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གྱི་ཁྲིམས་ཡིག་ཟེར་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྦད་དེ་རྩ་མེད་གཏོང་གི་ཡོད་ལ་དེའི་ནང་བོད་ཀྱང་ཚུད་ཡོད་སྟབས། གནད་དོན་དེ་དང་འབྲེལ་ནས་དམིགས་བསལ་གྱིས་རྒྱལ་སྤྱིའི་ནང་དུ་ནུས་པ་བཏོན་ནས་དེའི་ཐོག་ལ་གནོན་ཤུགས་སྤྲོད་ཐུབ་རྒྱུའི་ཐབས་ཤེས་གཏོང་རྒྱུ་དང་། བོད་ནང་གི་བོད་མིའི་ངོ་བོ་དང་རིག་གཞུང་སོགས་ཀྱི་ཐོག་ལ་སེམས་འཁུར་གནང་ནས་རྒྱལ་སྤྱིའི་སྟེང་ཞུ་སྐུལ་བྱེད་དགོས་པ། བོད་ནང་གི་བོད་མི་དེ་ཚོ་སེམས་ཤུགས་འཕར་རྒྱུའི་ཆེད་དུ་དམིགས་བསལ་གྱིས་འགན་འཁུར་ཤུགས་ཆེ་ཙམ་བཞེས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་ནང་གི་གནས་བབ་ཀྱི་ཐོག་ནས་ཡག་པོ་ཞེ་དྲགས་ཆགས་ཡོད་ལ། མུ་མཐུད་ནས་ཚགས་ཚུད་པོ་དང་ཡག་པོ་ཞིག་འགྲོ་ཐུབ་ཚེ། རང་བཞིན་གྱིས་བཙན་བྱོལ་གྱི་བོད་མི་ཙམ་མིན་པར་བོད་ནང་གི་བོད་མི་དང་། རྒྱལ་སྤྱིའི་ནང་གི་ང་ཚོར་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་བློ་ཡིད་འགུགས་ཐུབ་རྒྱུ་དང་། ཡིད་དབང་འཕྲོག་ཐུབ་རྒྱུའི་ནུས་པ་ཏན་ཏན་ཡོད་རེད་བསམ་གྱི་འདུག གྲོས་ཚོགས་དང་འཛིན་སྐྱོང་། སྲི་ཞུའི་ལས་བྱེད་རྣམ་པ། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དེའི་ཐོག་ལ་སེམས་འཁུར་གནང་ཐུབ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་སོགས་གསུངས་སོང་།

ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་སྐབས་ཀྱི་པར། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།

དབུས་གཙང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་མི་ལོ་ ༢༦ དགེ་རྒན་གནང་ཞིང་། ཕྱི་ལོ་ ༢༠༠༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་མི་ལོ་ ༢༥ མ་འོངས་བོད་ཀྱི་སོན་རྩའི་ཤེས་ཡོན་ཐོག་ཞབས་ཕྱི་ཞུས་པའི་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༠༡ ལོར་ཨ་རིར་ Fulbright Scholarship ཐོག་དམིགས་བསལ་དགོས་མཁོ་ཅན་གྱི་ཤེས་ཡོན་ཆེད་ལོ་གཅིག་སློབ་བསྐྱོད་སྐབས་སློབ་སྦྱོང་གི་ཞོར་དུ་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་བོད་དོན་གོ་རྟོགས་སྤེལ་བ་དང་། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་སྐབས་དགུ་པ་དང་བཅུ་པའི་ཚོགས་གཙོ་ལོ་ ༦ དང་སློབ་སྟོན་པ་གནང་། དེ་བཞིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་བཅུ་བཞི། སྐབས་བཅོ་ལྔ་པ་དང་བཅུ་དྲུག་བཅས་ལ་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་མ་ཟད། སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ཀྱི་ཚོགས་ཆུང་མང་པོའི་ནང་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༡ ལོར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་འདེམས་ཐོན་བྱུང་བ་རེད།

མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཆུང་དུས་ཁམས་རེ་ཁེ་སློབ་ཆུང་དུ་སློབ་སྦྱོང་བྱས་རྗེས་རྣ་རི་བཀྲ་ཤིས་ཆོས་གླིང་དུ་ཆོས་སྒོར་ཞུགས།   ཕྱི་ལོ་ ༡༩༩༣ ལོརབཙན་བྱོལ་དུ་ཡོང་ནས་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུའི་སྐལ་བཟང་ཐོབ།  ཕྱི་ལོ་ ༢༠༠༣ ནས་ལོ་ ༣ རིང་རྣམ་གྲོལ་གླིང་གི་ཚོགས་ཆེན་དགེ་བསྐོས་གྱི་འགན་འཁུར་དང་། ཕྱི་ལོ་ ༢༠༡༡ ལོར་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་པོ་ (Doctorate in Buddhist Philosophy)” ཕྱག་འཁྱེར་ཐོབ།  ཕྱི་ལོ་ ༢༠༠༦ ལོར་རྙིང་མའི་ཆོས་བརྒྱུད་ཀྱི་གྲྭ་བཙུན་སྔགས་གསུམ་ནས་རྒྱབ་སྐྱོར་གྱིས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པ་དང་། སྐབས་ ༡༥།༡༦ པ་བཅས་ལ་རྙིང་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་། སྐབས་ ༡༥ པར་སྤྱི་འཐུས་ཚོགས་གཙོ་གཞོན་པ་དང་། སྐབས་ ༡༦  དང་ ༡༧ པར་སྤྱི་འཐུས་ཚོགས་གཙོར་འོས་འདེམས་བྱུང་བ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese