མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ།  ཇོ་སྲས་པདྨ་ཡིས།

རྩོམ་ཁུངས། བོད་ཀྱི་དུས་བབ།

སྤྱི་བཤད།

ལྒང་བ འཛམ་བུ་གླིང་འདིར། ཡིག་རིགས མང་པོ་ཞིག་ཡོད་པ་ལས། གངས་ཅན་བོད་ཀྱི་ཡིག་རྒྱུན་འདི། དབྱངས་གསལ་སྒྲ་ཚིགས་རིག་པ་(Alfa Syllabary) ཞེས་པའི་ཁོངས་སུ་འདུ་སྟེ། དབྱངས་གསལ ལོགས་སུ་ཕྱེ་བ་ཡོད་པ་མ་ཟད། ཚེག་ཁྱིམ་རེ་རེ་ནས་བཅད་པ སྒྲ་ཚིགས་ཀྱི་ཡི་གེ་རེ་ཡིན་པ་སོགས་ནི ཐུན་མོང་གི ཤེས་བྱ་ཡིན་པ སྨྲ་མ་དགོས། གཞི་རྟེན འདིའི་སྟེང་ནས། བོད་ཀྱི་གཟུགས་བྲིས་རིག་པའི ཕྱག་སྲོལ་ལ། ཚེག་མེད་པས སྒྲ་ཚིགས ངོས་ཟིན་དུ་མེད་པའང བསྙོན་དུ་མེད་པའི དངོས་དོན་ཞིག་ཡིན་ལ། ཚེག་མེད་པས མིང་དང་ཐ་སྙད་གང་རུང དབྱེ་དཀའ་བ་དང འཕུལ་རྟེན་གྱི་ཁྱད་པར་ཙམ་ཡང འབྱེད་དུ་མེད་པ་མ་ཟད། ད་དུང ཚེག་མེད་པས ཡི་གེ་ལ སྦྱོར་ཀློག་བྱེད་ཐབས་བྲལ་བའི་ཚུལ་སོགས་ཀྱང སྤྱིར་བཏང་གི མཐོང་ཐོས་ལགས་ན། འདི་དོན་ལ བསྐྱར་སློག་གིས རྩོད་པ་འདྲ་བྱེད་པའི ངལ་བ་མེད་པ་ཞུ་རྒྱུ།

དགོས་དོན།

ངས་གླེང་བར་འདོད་པའི ཚེག་དང ཚེག་ཚབ་བཅད་སྟོང་གི་ནུས་པ་ནི། བོད་ཡིག་ལ ཚེག་དགོས་མིན་གྱི སྐད་ཆ་མ་ཡིན་པར། ཚེག་གི་དོན་མཚོན་གྱི་ནུས་པ ཉམས་པ་མེད་པ གཞིར་བྱས་ནས། ཚེག་ལ ཚེག་ཚབ་ཀྱི་བར་སྟོང་ཞིག་ཀྱང ཡོད་པར་བྱས་ན། ཀློག་འདོན་དང གཅོད་མཚམས་ཀྱི་སྐབས་སུ། འཕྲད་བཞིན་པའི དཀའ་ངལ་མང་དག་ཅིག སེལ་ཐུབ་པར་ཡིད་ཆེས་ཡོད། དེའི་ཕྱིར བཅད་སྟོང་འདིའི དགོས་མཁོ་དང གལ་ཆེའི་རང་བཞིན་ལ འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་ངེས་བར་དུ དགོངས་པ་བཞེས་རྒྱུ་ནི། ཚེག་གི་བེད་སྤྱོད་དང་ནུས་པས བརྗོད་བྱའི་དོན་ལ འགྱུར་བ མ་འདྲ་བ་ཅི་རིགས་སུ འགྲོ་ཆོག་པའི་གནས་ལུགས་འདི སྣང་མེད་དུ་བཏང་བས། ཚེག དགོས་མིན་སོགས་ཀྱི་ཐད་ལ། བགྲོ་གླེང་དང་ཁ་རྩོད གང་མང་ཞིག སྔོན་དུ་སོང་ཡོད་པ་ནི། མཁས་མང་གི་སྙན་ལ བསླེབས་དང སླེབ་བཞིན་པ་ཞིག་དང་། སྤྱན་གྱིས གཟིགས་མུས་སུ་ཡོད་པ་ཞིག་རེད། འདི་ཡང ཁ་དཔེ་ཞིག་ལ། ངའི་གངས་དཀར་སེམས་ན སྡུག་མེད་ན། མགོ་ལྐོག སྐམ་པོའི་ནང་ནས ཆུ་མི་ཡོང་། ཟེར་བ་བཞིན། བོད་པ་དང བོད་ཡིག་སྦྱོང་མཁན་གྱི མི་བུ་མང་པོས། དཀའ་ངལ་ཆེ་གེ་མོར གདོང་ལེན་བྱས་པ་བརྒྱུད་ནས། གནད་དོན་འདི གླེང་སློང བྱུང་མུས་སུ་ཡོད་པ་མ་གཏོགས། ལག་ལས་ཀ་ཚར་ནས ཁ་ལ་ཐུག་པ་ཁོ་ན ག་ལ་ཡིན། རང་ཅག མཁས་པར་རློམ་པ་མང་པོ་ཡང སྐབས་རེར ཀློག་འདོན་དང གཅོད་མཚམས་ཀྱི་སྐབས་སུ། ཉིས་ཀློག་སུམ་སྡེབ་བྱས་ནས རྨོངས་པར་ལུས་ཡོད་པའང ཡོད་ལས་ཆེ། དེས་ན དཀའ་ངལ་འདི་རིགས སེལ་ཐབས་སུ མནོ་བསམ ཅུང་ཙམ་གཏོང་བ་ལས། བསམ་ཚུལ ཅུང་མ་འདྲ་བ་རེ བྱུང་མ་ཐག རང་མི་རིགས་ཀྱི་ཡི་གེ་ལ ཁྱད་གསོད་བྱས་པར ཁ་གཡར་ནས། ཀླན་ཀ་བབ་ཅོལ་དུ་གཏོང་བ་ནི བོད་པ་མང་དག་ཅིག་གི གཤིས་སུ་ཡོད་ལས་ཆེ། འོན་ཀྱང་། ངན་ལན་བསློག་རྒྱུ་ཁོ་ནར་འབད་ནས རང་གཞན་གཉིས་ཀའི ཆུ་ཚོད་དང་ནུས་རྩོལ ཆུད་ཟས་སུ་གཏོང་བ་ལས། གནད་དོན་འདི་རིགས་ལ མནོ་བསམ་ཕྲན་བུ་རེ་ཡོང་བའི་རེ་བ་ཡོད།

སྙིང་བོ།

བོད་ཡིག་གི་ཚིག་གམ བརྗོད་པ རིང་ཐུང་ཇི་ལྟར་ཡང་། ཚེག་ཁྱིམ་རེ་རེ་ཡིས སྒྲ་ཚིགས་དང མིང་རྐྱང་ལ འདྲེས་ནོར་ཐེབས་མི་སྲིད། འོན་ཀྱང་། མིང་རྐྱང་རེ་རེ་ནི ཡི་གེ་དེའི སྔོན་ནམ་རྗེས་ཀྱི་མིང་རྐྱང་གང་དང་ འབྲེལ་དགོས་པའི གསལ་བྱེད་ཀྱི་བརྡ་རྟགས་ཤིག་མེད་ཕྱིར མིང་ཚིག ཐེར་འདོན་བྱེད དཀའ་བ་དང་། དེའི་རྐྱེན་ལ་བརྟེན་ནས དོན་ནོར་ཐེབས་སླ། དེ་བཞིན མིང་ཚིག་ཅིག དེའི་སྔོན་དང་རྗེས་ཀྱི ཚིག་གི་ཆ་ཤས གང་དང་སྦྱོར་དགོས་པའི གསལ་བྱེད་ཀྱི བརྡ་རྟགས་ཤིག་མེད་ཕྱིར། ཚིག་གི་གཅོད་མཚམས ངོས་མི་ཟིན་ཞིང ཀློག་འདོན་ལ དཀའ་ངལ་འཕྲད་ཀྱིན་ཡོད།

དཔེར་ན། འོད་ཀྱི་ཟེར་མ་རེད། ལྟ་བུར་མཚོན་ན།

འོད ཀྱི་ཟེར མ་རེད། (ཀྱི་ཟེར་ཞེས་པའི་འོད་ཅིག་ཡོད་པ་གསལ་ཐུབ།)

འོད་ཀྱི ཟེར་མ རེད། (འོད་ལ་འཕྲོ་བའི་ཟེར་མ་ཡིན་པ་རྟོགས།)

འོད་ཀྱི་ཟེར་མ རེད། (འོད་ཀྱི་ཟེར་མ་ཞེས་པའི་བུད་མེད་ཞིག་ཡོད་པ་མཚོན་པར་བྱས་ཆོག)

དེའི་ཕྱིར བོད་ཡིག་ལ་ངེས་པར་དུ ཚེག་ཚབ་ཀྱི་བར་སྟོང་འཇོག་རྒྱུའི ཕྱག་སྲོལ་ཞིག་འཇགས་དགོས། ང་ཚོས ཚེག་ཚབ་བར་སྟོང་འདིའི་མིང་ལ ཡོངས་ཁྱབ་ཏུ བཅད་སྟོང་ཟེར་ན འཚམ་པ་འདྲ། བཅད་སྟོང་ངམ ཚེག་ཚབ་བར་སྟོང་གི་སྤྱོད་ལམ་ཡོད་ན། བརྗོད་པ་པོས་དགོས་དབང་དང་བསྟུན་པའི མིང་ངམ ཚིག་གི་ཆ་ཤས་ཀྱི གཅོད་མཚམས་ཅི་དགོས་ལྟར མངོན་འགྱུར་བྱས་ཆོག

འདི་ལ མང་པོ་མ་དགོས་བར། གཤམ་ནས སྒྲུང་ཐུང་ཞིག་དང སྦྱར་ནས གསལ་བཤད་བྱ། ཚེག་དང་བཅད་སྟོང་ཡོད་ན། བརྗོད་པ་པོའི སྒྲུང་གི་བརྗོད་བྱའི་དོན ཕྱིན་ཅི་མ་ལོག་པར གོ་ཐུབ་པ་དང་། དེ་མེད་པས། ཁྱེད་རང ཀློག་འདོན་བྱང་ཆུབ་པ ག་འདྲ་ཞིག་ཡིན་ཡང་། སྒྲུང་ཁ་ཤས་ཀྱི་དོན རྟོགས་མི་སྲིད་པ ཁྱེད་རྣམ་པས བདེན་པའི་དཔང་པོ་མཛད་ཆོག

མ་སྒྲུང་། ​
ང་དང་མ་བྱིས་པ་ཡིན་དུས། རྟ་ནོར་ལུག་རིག་ན་དགའ་ཞིང་། རྩྭ་ཐང་མ་བསྔོག་ནས་ཡོད་དུས། ནས་སྨྱུག་མ་འཐུ་ན་བསམ་སོང་། མར་ཆུ་ར་མགོ་ལ་བཞག་ནས། ཕྱག་སྐོར་བ་མོ་ལ་བརྒྱབ་པ། ངས་སེམས་རྒྱུ་མ་རང་ཡིན་པ། ངས་མར་བཤད་ཡོད་ན་གོ་ཡོང་།

བཅད་སྟོང་གིས་དོན་འགྱུར་བའི་དཔེ་དང་པོ།
ང་དང མ བྱིས་པ ཡིན་དུས། རྟ་ནོར ལུག རིག་ན དགའ་ཞིང་། རྩྭ་ཐང མ་བསྔོག་ནས ཡོད་དུས། ནས་སྨྱུག མ་འཐུ་ན བསམ་མྱོང་། མར་ཆུ ར་མགོ་ལ བཞག་ནས། ཕྱག་སྐོར བ་མོ་ལབརྒྱབ་པ། ངས་སེམས རྒྱུ་མ་རང ཡིན་པ། ངས་མར བཤད་ཡོད་ན གོ་ཡོང་།

བཅད་སྟོང་གིས་དོན་འགྱུར་བའི་དཔེ་གཉིས་པ།

ང དང་མ བྱིས་པ་ཡིན་དུས། རྟ ནོར་ལུག རིག་ན་དགའ་ཞིང་། རྩྭ ཐང་མ བསྔོག་ནས་ཡོད་དུས། ནས སྨྱུག་མ འཐུ་ན་བསམ་སོང་། མར ཆུ་ར མགོ་ལ་བཞག་ནས། ཕྱག སྐོར་བ མོ་ལ་བརྒྱབ་པ། ངས སེམས་རྒྱུ མ་རང་ཡིན་པ། ངས མར་བཤད ཡོད་ན་གོ་ཡོང་།

བཅད་སྟོང་གིས་དོན་འགྱུར་བའི་དཔེ་གསུམ་པ། (དོན་ནོར་དུ་འགྱུར་བའི་ཚུལ)

ང་དང མ་བྱིས པ་ཡིན་དུས། རྟ་ནོར ལུག་རིག ན་དགའ་ཞིང་། རྩྭ་ཐང མ་བསྔོག ནས་ཡོད་དུས། ནས་སྨྱུག མ་འཐུ ན་བསམ་སོང་། མར་ཆུ ར་མགོ ལ་བཞག་ནས། ཕྱག་སྐོར བ་མོ ལ་བརྒྱབ་པ། ངས་སེམས རྒྱུ་མ རང་ཡིན་པ། ངས་མར བཤད་ཡོད ན་གོ་ཡོང་།

སྤྱིའི་ཆ་ནས བརྗོད་པར་འདོད་པའི་མིང་དང མིང་ཚིག་ལ བཅད་སྟོང་མེད་པས། སྒྲུང་གི་ནང་དོན འགྱུར་འགྲོ་བཞིན་ཡོད། དེའི་རྐྱེན་གྱིས ང་ཚོས་སྒྲུང་འདིའི་རིགས བཀླག་མ་ཐག གོ་བ་ཇི་ལྟར་ལེན་མི་ཐུབ། ད་ནི་སྒྲུང་འདི་ཇི་ལྟར་གོ་དགོས་པ་བཤད་པར་བྱ།

གཅིག་ནི། ང་དང་ངའི་ཨ་མ་གཉིས བྱིས་པ་ཡིན་པའི་དུས་སུ འདྲ་ས་ཞིག་ཡོད་པ་ནི། རྟ་དང་ནོར་ནི དུས་ནམ་ཡང ལུག་གི་ཁྱུ་རིག་ན དགའ་ཞིང ཞི་དུལ་དུ་འགྱུར་བ་འདྲ ཚོར་མྱོང་བ་དང་། འབྲོག་པའི་རྩྭ་ཐང་ནི ས་བརྐོ་རྡོ་སློག་གིས་མ་བསྔོག་པར གསར་བ་ཡོད་དུས་སུ རྩི་ཏོག་རིང་པོ་ཡོད་པ་དང མེ་ཏོག་རྣམ་པར་བཀྲ་བ་ནི ད་ལྟའི་ཞིང་ཁར་མཐོང་བའི ནས་སྨྱུག་གི་ཚིང་ཚིང་དང ཀུན་ནས་འདྲ་བས། འབྲོག་པའི་རྩྭ་ཐང་གི མཛེས་སྡུག་འཕྲོག་མཁན་ལྟ་བུའི ནས་སྨྱུག་འདི་དག མ་འཐུ་རོགས་ཞེས གཞན་ལ་སྐུལ་མ་བྱས་ན ཅི་དྲག་བསམ་མྱོང་། ད་དུང་ངའི་ཨ་མ་ཡང བྱིས་པ་ཡིན་དུས། ངས་བྱས་པ་ལྟར སྣོད་དུ་འབྲི་མར་བཙགས་པར བེད་སྤྱོད་བྱས་བའི ཆུ་སྙིགས་ཡོད་པ་དེ། ལུག་འཇུག་སའི ར་མགོ་ལ་བཞག་ནས། མ་འོངས་པར མར་མང་པོ་འབྱུང་བར། ཕྱག་དང་སྐོར་བ ངེད་ཚང་གི འདོད་འཇོ་བ་མོ་ལ་བརྒྱབ་པ་སོགས། ད་ལྟ་བསམ་བློ་བཏང་ན ཨ་མ་དང་ངས་བསམ་པའི་སེམས་དེ་ནི རྒྱུ་མ་ལྟར་རིང་ལ ཁོག་སྟོང་དུ་འདུག་ཀྱང ང་ཚོའི་སེམས་པ་རྣམ་དག རང་ཡིན་པའི་ཚུལ་འདི། ངས་འདི་ལྟར་ཁྱེད་ཅག་ལ མར་བཤད་ཡོད་ན ཁྱེད་ཅག་གིས་དོན་གོ་ཡོང་། ཞེས་པའོ།

ཅིག་ཤོས་ནི། ང་དང་མ(སྔོན་མ) བྱིས་པ་ཡིན་པའི་དུས་སུ། རྟ་དང ནོར་ལུག་རིག་ན དགའ་ཞིང་། ཞིང་བ་རྣམས་ཀྱིས ཞིང་རྩྭའི་ཐང་མ ས་ལ་བརྡལ་བ་དེ ཚེབ་བཟུང་ནས ཡར་མར་བསྔོག་ནས་ཡོད་དུས། ང་ཁོང་ཚོའི་རྗེས་ཤུལ་སྙེགས་ནས ནས་ཀྱི་སྨྱུག་མ་འཐུ་ཐུབ་ན ངའི་ཕྱུགས་ཟོག་ལ་སྤྲད་ཆོག་བསམ་སོང་། ཡང་བྱིས་པའི་དུས་སུ། མར་དང ཆུ་ར་(ཨ་མདོའི་ཡུལ་སྐད་དུ་ཆུར་བ་ལ་ཆུ་ར་ཟེར)སོགས་ཀྱི མཆོད་རྫས་མགོ་ཐོག་ལ་བཞག་ནས། ། དཀོན་མཆོག་གསུམ་ལ ཕྱག་དང་སྐོར་བ ཇི་ལྟར་ཕུལ་ན། ཨ་མའི་བདེ་ཐང་ལ་ཕན་པར མོ་བརྒྱབ་པ་སོགས་ལ བསམ་བློ་བཏང་ན། བྱིས་པ་ཡིན་དུས ངས་སེམས་པས་བསམ་རྒྱུ་ནི བདག་ལ་བརྩེ་བས་བསྐྱངས་པའི ཨ་མ་རང་ཡིན་པ། ངས་མི་གཞན་ལ་བཤད་ན་གོ་བར་མི་འགྱུར་ཡང་། ངས་འདི་ལྟར ཨ་མར་བཤད་ཡོད་ན ཨ་མས་ངའི་སེམས་གཏིང་གི སྐད་ཆའི་དོན་ཆ་ཚང་གོ་ཡོང་། ཞེས་པའོ།

སྒྲུང་འདིའི་ནང་དོན བརྗོད་པ་པོའི འདོད་བློ་དང་ཐག་ཉེ་བར་རྟོགས་དགོས་ན ཚེག་དང་ཚེག་ཚབ་ཀྱི བཅད་སྟོང་གི་ནུས་པ་ལ བསྟེན་རྒྱུ་མ་གཏོགས་ཐབས་མེད། དེའི་ཕྱིར ཚེག་དང་བཅད་སྟོང ཉིས་ལྡན་གྱི་ནུས་པས མིང་རྐྱང་རེ་རེ མིང་གཞན་གང་ལ གཏོགས་དགོས་པ་སྟོན་པ་དང་། བརྗོད་བྱའི་དོན་གྱི་གོ་བ་གསལ་བ། ད་དུང བོད་ཡིག་གི་རྩོམ་རིག་ཅི་རིགས གྱེར་ཀློག་བྱེད་དུས འདི་ལ་དགོས་པ་དམིགས་བསལ་ཞིག མཐོང་ཡོང་སྙམ།

གོང་གི་སྒྲུང་འདི་ནི སྟབས་བསྟུན་གྱི བཅོས་སྒྲུང་ཅིག་ཡིན་ལ། དེ་ནི་ཚིག་སྦྱོར་བདེ་བ་དང ཡིག་འབྲེལ་ཆགས་པ་ཞིག་ཡིན་པའི ངེས་པ་མ་མཆིས་ཀྱང་། སྒྲུང་འདི་དང་བསྟུན་ནས ངའི་བརྗོད་འདོད་ཀྱི གླེང་གཞི་འདིར བསམ་ཤེས་གང་ལེགས་ཡོང་བའི ཡིད་ཆེས་ཡོད།

ཚིང་ཚིང་ཚིག་གི་ནགས་ཀློང་མ་འགྲིམ་པར།།

མངར་མངར་དོན་གྱི་ཤིང་ཏོག་བཅུད་ལྡན་ཅིག།

རང་རང་ཁམས་ཀྱིས་བཏོགས་ཤིང་བཏེགས་པ་འདི།།

དགྱེས་དགྱེས་ཐུགས་ཀྱིས་བཞེས་དང་ཕན་རེ་ཆེ།།

མཆན། རྩོམ་ཡིག་གི་བརྗོད་དོན་ལྟར་བཅད་སྟོང་རང་སོར་བཞག་ཡོད།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༨ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese