མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་སྐབས། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པས། དབུས་འོས་བསྡུ་ལས་ཁང་གིས་ས་གནས་སུ་ཚོགས་ཆུང་དམིགས་བསལ་ཞིག་བཙུགས་ཡོད་ཅེས་བཀའ་མོལ་གསུངས་ཡོད་ཀྱང་། ས་གནས་སུ་དངོས་སུ་ཕྱིན་ནས་ཞིབ་འཇུག་བྱས་པ་བརྒྱུད་ས་གནས་དང་རང་བདེན་ཚོགས་ཆུང་སོགས་ལ་དེའི་ཐོག་བཀའ་མོལ་གཅིག་ཀྱང་བྱུང་མེད་པའི་གསལ་འདེབས་གནང་སོང་།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཟླ་ ༦ ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཤྲཱི་སེང་གེ་བྲག་ངེས་དོན་བདེ་ཆེན་འོད་གསལ་གླིང་དགོན་པ་དང་ཤྲཱི་སེངྒེ་བྲག་ཤར་སྦག་ཁང་དོན་གྲུབ་ལྡིང་དགོན་པ་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས་སོང་བ་དང་། སྐབས་དེར་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་བདེ་སྙན་གྲྭ་སེང་གེ་ཤེས་རབ་ཀྱི་ངོ་ཚབ་གནང་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་མདུན་ནས་བདེ་སྙན་གྱི་གནད་དོན་ཐོག་གསལ་བཤད་དང་ལན་འདེབས་གནང་སོང་། ད་ལྟའི་ཆར་ཁྲིམས་ཞིབ་ཁང་ནས་བདེ་སྙན་གྱི་གནད་དོན་དང་འབྲེལ་ནས་ལན་འདེབས་དང་ཐག་གཅོད་གང་ཡང་གནང་མེད།

སྔོན་འགྲོའི་ཉན་ཞིབ་གྲུབ་མཚམས་སུ་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ཁ་སང་དགོན་སྡེ་ཁག་གཉིས་ཀྱི་བདེ་སྙན་ཕུལ་བ་རེད། བདེ་སྙན་ (Writ Petition) ཕུལ་བའི་སྔོན་འགྲོའི་ཉན་ཞིབ་དེ་རིང་འཚོགས་པ་རེད། དེ་རིང་ང་ཚོས་ཞུ་དགོས་པ་གཙོ་བོ་དེ་ང་ཚོའི་ཞུ་སྦྱོར་བའི་ཁ་མཆུའི་ནང་གཙོ་བོ་གཞི་རྩའི་ཐོབ་ཐང་འཕྲོག་ཡོད་མེད་དང་འབྲེལ་ནས་འགྲེལ་བརྗོད་རྒྱས་ཤིང་རྒྱས་པ་བྱས་པ་རེད། ཉན་ཞིབ་དེ་ངོས་ལེན་བྱེད་མིན་ཁྲིམས་ཞིབ་ཁང་ནས་ལན་འབྱོར་གྱི་རེད་བསམ་གྱི་འདུག ད་ལྟ་ཁ་མཆུ་ཨང་ ༢༢ དེ་ངོས་ལེན་བྱས་པ་རེད། བདེ་སྙན་དང་ཁ་མཆུ་ཨང་ ༢༢ གཉིས་པོ་དེ་འབྲེལ་བ་ཆགས་ཀྱི་མེད། སྤྱིར་བཏང་གཞི་རྩའི་ཆ་ནས་མཚོན་པ་ཡིན་ན། དགོན་སྡེ་ཁག་གཉིས་མཆོད་འཇོར་ཁོངས་སུ་སླེབས་ཀྱི་ཡོད་པ་རེད། འོན་ཀྱང་། ད་ལྟ་ཁ་མཆུ་ཨང་ ༢༢ ནང་མི་མང་ཁག་ཅིག་དང་དགོན་སྡེ་ཁག་དྲུག་ལབ་པ་དེའི་ནང་ལ་ཚུད་ཀྱི་མེད་པ་རེད།

དེ་རིང་ཉན་ཞིབ་འཚོགས་པའི་དགོས་དམིགས་གཙོ་བོ་དང་། ཁ་མཆུ་ཨང་ ༢༢ དང་བདེ་སྙན་བར་གྱི་ཁྱད་པར་གཙོ་བོ་ནི། ཁ་མཆུ་ཨང་ ༢༢ དེ་སྤྱིར་བཏང་གི་ཁ་མཆུ་འགྲོ་སྟངས་ཤིག་རེད་ལ་དེ་གཞིར་བཟུང་བྱས་ནས་འགྲོ་ཡི་ཡོད་རེད། ད་ལྟ་བདེ་སྙན་དེ་སྤྱི་མང་གཏུག་གཤེར་གྱི་དོན་ཚན་དྲུག་ཅུ་རེ་དགུའི་ནང་། གཞི་རྩའི་ཐོབ་ཐང་ལག་བསྟར་ཡོང་བའི་བདེ་སྙན། གལ་སྲིད་དོ་བདག་མི་གཅིག་དང། སྡེ་ཚན་གཅིག་ཡིན་རུང་དེའི་ནང་གི་གཞི་རྩའི་ཐོབ་ཐང་འཕྲོག་པ་ཡིན་ན། བདེ་སྙན་ཕུལ་དགོས་ཡོད། རྒྱ་གར་གྱི་ཁྲིམས་གཞིར་བཟུང་བྱས་པ་ཡིན་ན། (Writ Petition) ལབ་ཀྱི་ཡོད་པ་རེད། ཅེས་དང་། བལ་ཡུལ་གྱི་སྔོན་འགྲོའི་འོས་བསྡུ་བྱས་པ་དེ་ཚགས་ཚུད་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་བཏོན་པའི་དོན་ཚན་བརྒྱད་ལ་ང་རང་ཚོས་ངོས་ལེན་མེད། དེ་རིང་གི་ཉན་ཞིབ་ནང་གནད་དོན་གཙོ་བོ་དོན་ཚན་བརྒྱད་ལ་ངོས་ལེན་མེད་པ་དེ་རེད། ང་ཚོས་དཔང་རྟགས་ (Evidence) མང་པོ་ཞིག་ཕུལ་ཡོད། དཔང་རྟགས་དེའི་ནང་ནས་གལ་ཆེ་ཤོས་དེ་དབུས་འོས་བསྡུ་ལས་ཁང་གིས་གསུངས་པའི་དོན་ཚན་ཁག་ཁ་ཤས་ཡོད་པ་དང་། ས་གནས་སུ་ཚོགས་ཆུང་དམིགས་བསལ་ཞིག་བཙུགས་ཡོད་ཅེས་བཀའ་མོལ་གསུངས་ཡོད་ཀྱང་། ང་ཚོས་ས་གནས་སུ་དངོས་སུ་ཕྱིན་ནས་ཞིབ་འཇུག་བྱས་པ་བརྒྱུད་ས་གནས་དང་རང་བདེན་ཚོགས་ཆུང་དེ་ཚོ་ལ་དེའི་ཐོག་ལ་བཀའ་མོལ་གཅིག་ཀྱང་བྱུང་མེད་པ་གསལ་པོ་རེད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ད་ལན་གྱི་ཉན་ཞིབ་ཐོག་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་བཏོན་པའི་སྐྱོན་གནད་དོན་ཚན་བརྒྱད་ལ་ངོས་ལེན་མེད་པ་མ་ཟད། ཕྱི་ཟླ་ ༥ ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསར་འགོད་པར་ལན་འདེབས་གསལ་བཤད་གནང་བའི་སྐབས། ས་གནས་སུ་ཚོགས་ཆུང་དམིགས་བསལ་ཞིག་བཙུགས་ཡོད་ཅེས་བཀའ་མོལ་གསུངས་ཡོད་ཀྱང་། དོན་དངོས་སུ་ང་ཚོས་ས་གནས་སུ་ཞིབ་འཇུག་དང་འདྲི་བརྩད་བྱེད་པར་ཕྱིན་ཏེ། ས་གནས་ས་ཐོག་ཏུ་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་དེ་ཚོ་ལ་གནད་དོན་དེའི་ཐོག་བཀའ་མོལ་གཅིག་ཀྱང་བྱུང་མེད་པ་ཁ་གསལ་རེད་འདུག་ལ། བརྒྱུད་རིམ་དེ་དག་ལ་བལྟས་པ་ཡིན་ན། སྔོན་འགྲོའི་འོས་བསྡུའི་སྐབས་ལ་བྱུང་བའི་གནས་བབ་ཅིག་དངོས་གཞིའི་འོས་བསྡུ་ལ་དོ་ཕོག་མི་བྱུང་བའི་སྔོན་འགོག་བྱས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་གིས་དགོན་སྡེ་ཁག་གཉིས་ཀྱི་གྲྭ་བཙུན་རྣམས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། གནས་ཡུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་འགལ་ཡོད་པས། ཁྲིམས་ཞིབ་པ་རྣམ་པས་བདེ་སྙན་པའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་ངེས་ཅན་གྱི་བཀོད་འདོམས་གནང་རྒྱུའི་ཞུ་སྐུལ་གནང་སོང་། གཞན་ཡང་། ད་ལན་གྱི་དབུས་འོས་བསྡུ་ལས་ཁང་གི་ཐག་གཅོད་དང་གསལ་འདེབས་སོགས་དང་འབྲེལ་ནས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་། ཁྲིམས་མཐུན་རང་བཞིན་ Legitimacy གྱི་གནས་སྟངས་ག་རེ་ཆགས་ཀྱི་ཡོད་པའི་ཐོག་དོགས་གཞི་ཡོད་སྐོར་དང་། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་གྱི་ཐག་གཅོད་དེ་ཁྲིམས་འགལ་ཡིན་ན། དེའི་རྗེས་ཀྱི་ཐག་གཅོད་རྣམས་ཁྲིམས་འགལ་ཆགས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༡ ཉིན་དབུས་འོས་བསྡུ་ལས་ཁང་ནས་མཆོད་འཇོར་ས་གནས་མི་མང་ལ་འོས་བླུགས་ཆོག་པའི་ཐོབ་ཐང་སྤྲད་པ་དེས་གོང་གི་སྐྱོན་གནད་དོན་ཚན་བརྒྱད་པོ་དེ་རང་བཞིན་གྱིས་ནུས་མེད་ཆགས་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་བྱ་རིམ་རྣམས་ཁྲིམས་ཀྱི་འགལ་འཛོལ་ཤོར་བ་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

འདི་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་གྱི་འོས་བསྡུ་ཚགས་ཚུད་མ་བྱུང་བའི་ལབ་གླེང་ཞུ་གཏུག་བྱུང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་འབྲེལ་ཡོད་ལ་འདྲི་བརྩད་དང་འོས་ཤོག་ལ་ཞིབ་འཇུག་གནང་བ་བརྒྱུད། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་སྟེ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་བཀོད་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་ཕྱི་ཟླ་ ༥ ཙེས་ ༥ ཉིན་གྱི་ཉིན་རྒྱབ་ཏུ་བལ་ཡུལ་ནས་ཕེབས་པའི་བློ་བཟང་ཚེ་རིང་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བརྒྱུད་བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས། ཕྱི་ཚེས་ ༧ ཉིན་ཁྲིམས་གཏུགས་ངོས་བཞེས་ཀྱིས་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་དེབ་འགོད་གནང་། ཕྱི་ཚེས་ ༨ ཉིན་ཞུ་སྦྱོར་བས་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག་ཀྱང་ངོས་བཞེས་གནང་མེད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་དབུས་འོས་བསྡུ་ལས་ཁང་གིས་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་བའི་ནང་དུ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་ད་ལན་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་དང་། ས་གནས་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བའི་གནད་དོན་གསལ་འདོན་གནང་བའི་ནང་། ༡། སྤྱིར་བཅའ་སྒྲིག་དགོངས་དོན་ལྟར་བོད་མི་འོས་འཕེན་པ་ཞིག་ལ་སོ་སོའི་ཐོབ་ཁུངས་ནས་འོས་གཅིག་གི་ཐོབ་ཐང་ལས་མེད་ནའང་། བལ་ཡུལ་མཆོད་འཇོར་ས་གནས་སུ་འོས་འཕེན་པ་གཅིག་གིས་འོས་ཤོག་གཅིག་ལས་མང་བ་འཕེན་པའམ། ཡིག་གཟུགས་གཅིག་གིས་འོས་ཤོག་མང་པོར་བྲིས་པ་མང་དག་ཅིག་མངོན་གསལ་འདུག་པ་འོས་སྒྲིག་འགལ་འཛོལ་ཚབས་ཆེ་བྱུང་བ་དཔེར་ན། འོས་འཕེན་པ་ཁག་ཅིག་ནས་འོས་ཤོག་ ༡༠ དང་། ༢༠། ༤༠། ༧༠། ༡༠༠ ཡན་བརྒལ་བ་འབྲི་མཁན་མང་དག་ཅིག་བྱུང་འདུག

 ༢། འོས་མིའི་ཨང་རིམ་དང་མིང་གཞུང་གཅིག་གྱུར་ལེབ་བཤུས་བརྒྱབ་པའི་ཡིག་གཟུགས་གཅིག་པའི་འོས་ཤོག་མང་དག་ཁ་གསལ་མཐོང་རྒྱུ་འདུག་པ་ནི་ཚབས་ཆེའི་སྒྲིག་འགལ་ཆགས་ཡོད། ༣། འོས་བསྡུའི་དུས་ཡུན་ཉིན་གཅིག་དེ་རང་ལ་ཟིན་དགོས་ཀྱང་། དེ་ནས་ཁྱིམ་ཚང་སོ་སོ་དང་ཚོགས་སྡེ་ཁག་ལ་འོས་ཤོག་འགྲེམས་སྤེལ་བྱས་པའི་ཐོག འོས་ཤོག་ཕྱིར་བསྡུ་ཉིན་འགྱངས་ཀྱིས་བསྡུ་ལེན་བྱས་པའི་སྒྲིག་འགལ་བྱུང་འདུག ༤། དེ་གའི་ས་གནས་ཁག་ཅིག་ལ་ཚོགས་ཆུང་གི་ཚོགས་མི་གཅིག་རང་བརྒྱུད་འགྱིག་ཤོག་འཁྱེར་ཏེ་འོས་ཤོག་བགོས་འགྲེམས་དང་བསྡུ་ལེན་བྱས་རིགས་བྱུང་ཡོད་ཚོད་འདུག  ༥། འོས་ཤོག་ཁག་ཅིག་སྟེང་འོས་མིའི་མིང་ཙམ་ལས་གཞན་འབྲུ་དོན་ཆ་ཚང་བཀོད་མེད་པར་འོས་མི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་པ་དང༌། འོས་མིའི་མིང་དང་ལོ་རྒྱུས་མ་མཐུན་པ་བཀོད་རིགས་ཁག་གཅིག་རྩིས་འགྲོ་བཏང་བ་ཡང་བྱུང་ཡོད་པ་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤(༢།ཅ) ནང་དོན་སྔོན་འགྲོའི་སྐབས་འོས་མིའི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་ན་འོས་ཤོག་རྩིས་མེད་གཏོང་རྒྱུ་ཞེས་པའི་དགོངས་དོན་དང་འགལ་འཛོལ་བྱུང་འདུག ༦། འོས་ཤོག་གཅིག་གི་སྟེང་ཡིག་གཟུགས་མི་འདྲ་བའི་མི་གཉིས་ནས་འོས་ཤོག་བསྐངས་བ་གང་ཙམ་བྱུང་འདུག

༧། ཨ་རི་ནས་ཡིན་པའི་འོས་འཕེན་པ་ཞིག་ལ་རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁའི་ཐོབ་ཁུངས་ལ་འོས་འཕངས་བ་སྒྲིག་འགལ་བྱུང་འདུག ༨། ད་ལན་བལ་ཡུལ་ནང་གི་འོས་བསྡུའི་ལས་དོན་བྱས་ཕྱོགས་ཐོག་འདི་གའི་ཞིབ་འཇུག་གི་བརྒྱུད་རིམ་ནང་། ཉིད་རང་ལ་ཐེངས་གསུམ་དྲི་རྩད་བྱས་སྐབས་བལ་ཡུལ་མཆོད་འཇོར་ནང་འོས་བསྡུའི་སྐབས་སྒྲིག་འགལ་གང་ཡང་བྱུང་མེད་པའི་ཚགས་ཚུད་ངང་གྲུབ་ཡོད་ལུགས་སྐོར་འགྲེལ་བརྗོད་ནན་གཏན་གནང་ཡོད་པ་མ་ཟད། འོས་ཤོག་གྲངས་བཤེར་སྐབས་ཚོགས་མི་དང་ཟུར་དཔང་སུ་ཐད་ནས་མི་གཅིག་གིས་འོས་ཤོག་མང་པོ་བྲིས་ཡོད་པ་ཤེས་རྟོགས་བྱུང་མེད་པའི་འགྲེལ་བརྗོད་བྱུང་བ་མ་ཟད། མཆོད་འཇོར་མི་མང་བརྒྱ་ཆ་ ༦༠ གྲྭ་ཟུར་དང་བཙུན་ཟུར་ཡིན་པ་དང་། བླ་མ་གཅིག་གི་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིག་གཟུགས་གཅིག་པ་ཡོང་སྲིད་པའི་གསལ་བཤད་བྱས་ཡོད། ལྷག་པར་དུ་ད་སྐབས་བལ་ཡུལ་ནང་གི་སྔོན་འགྲོའི་འོས་བསྡུ་ལས་དོན་ཐོག་འདི་ག་དབུས་སུ་ཞིབ་འཇུག་འགྲོ་བཞིན་པ་ཤེས་བཞིན་དུ་ཡང་ཡང་དབུས་ལ་འབྲེལ་བ་བྱས་ཏེ་གནོན་ཤུགས་ལྟ་བུའི་བསུན་གཙེར་བཟོས་པ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༢ ཉིན་ཡིག་ཐོག་ནས་ཞིབ་འཇུག་ལ་ཐེ་ཇུས་ལྟ་བུའི་ཉེན་བརྡ་༼སྐུ་ཉིད་ནས་སྤྱི་ཚོགས་འཁྲུག་གཞི་མི་ཡོང་བའི་འགན་འཁུར་གཙོ་བོ་བཞེས་ནས། འདི་ག་བལ་ཡུལ་མཆོད་འཇོར་ས་གནས་ཁེར་རྐྱང་ལ་འོས་ཤོག་བཏང་བདེ་མ་མཆིས་པའི་ཁྲིམས་མཐུན་གྱི་དཔང་རྟགས་དང་། ལུང་འདྲེན་ཁ་གསལ་འཁོད་པའི་བཀའ་ཡིག་ཞིག་གང་མྱུར་གནང་སྐྱོང་ཡོང་བ་ཞུ༽ ཞེས་བསམ་ཡུལ་ལས་འདས་པའི་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཞིག་ནས་དབུས་འོས་བསྡུ་ལས་ཁང་ལ་ཞིབ་འཇུག་ཐོག་ལས་འགན་གྱི་ཆ་ཤས་སུ་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་འདི་གར་སྐྱོན་བརྗོད་དང་འཇིགས་བསྐུལ་ལྟ་བུའི་སྒྲིག་འགལ་གྱི་ཡིག་ཆུང་བཏང་བ་འོས་འཚམས་གཏན་ནས་མ་མཐོང་བས་ཡིད་གཟབ་གནང་གལ། ཞེལ་གསལ་ཡོད།

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་མཆོད་འཇོར་ས་གནས་འོས་བསྡུ་འགན་འཛིན་ལས་རོགས་སུ་ཡིག་ཆུང་ཞིག་བསྐུར་བའི་ནང་། མཆོད་འཇོར་ས་གནས་སུ་དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཐག་གཅོད་ཞུས་པ་ལྟར། འདི་ནས་ཀ་ཐ་མན་གྲུ་ས་གནས་འོས་བསྡུའི་འགན་འཛིན་གྱི་ཐད་ཀར་སྟངས་འཛིན་འོག་དེ་གའི་འོས་བསྡུའི་ཚོགས་ཆུང་གི་ཚོགས་མི་དང་ཟུར་དཔང་ཐོག ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་འཕར་མ་བསྐོ་གཞག་ཞུས་པའི་བཀོད་རྒྱ་སོང་བ་ལྟར། ད་ལན་ས་གནས་སུ་དངོས་གཞིའི་འོས་བསྡུའི་སྐབས་སྐུ་ཉིད་ནས་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་འགན་འཁུར་ཞུ་མ་དགོས་པའི་ཐག་གཅོད་ཞུས་པ་དེ་དོན་དགོངས་འཇགས་ཞུ། ཞེས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese