མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་གནད་དོན་མུ་མཐུད་གནས་རྒྱུ་ཡིན་པ་ལས་ཡལ་མི་སྲིད་སྐོར་གསུངས་འདུག

Sikyong Addresses India-Tibet Relations and His Holiness the Dalai Lama’s Legacy at Lecture Hosted by India Habitat Centre in New Delhi

ཟླ་འདིའི་ཕྱི་ཚེས་ ༨ ནས་ ༢༧ བར་ཉིན་གྲངས་ཉི་ཤུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། བྷར་ལིན། ཧྥེ་རེང་ཧྥར་ཊི་ (Frankfurt) ཝ་ཤིང་ཊོན་ཌི་སི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ་ལྟར། ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་གོ་སྟོན་སྲུང་གཙི་ཞུ་བཞིན་པ་དང་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རང་བྱུང་ལྟེ་གནས་ཁང་ (India Habitat Centre) དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལ་ཕུལ་བའི་ལེགས་སྐྱེས་ (His Holiness the Dalai Lama’s Guru Dakshina to Bharat) ཞེེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། མཛད་སྒོ་དེའི་ཐོག་བོད་རིག་པ་བ་དང་། ཨེ་ཤ་ཡའི་ཧི་མ་ལ་ཡ་ཞིབ་འཇུག་ལྟེ་གནས་ཁང་(CHASE) གི་འགན་འཛིན་སྐུ་ཞབས་ཝི་རྗེ་ (Vijay Kranti) ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། རྒྱ་གར་རང་བྱུང་ལྟེ་གནས་ཁང་གི་འགན་འཛིན་འབུམ་རམས་པ་སུ་རེ་ཤི་ (K. G. Suresh) ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། རྒྱ་གར་དུ་ཡོད་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་འབུམས་རམས་པ་ཨེ་ལི་སི་ཀཱ་ (Dr. Eliška Žigova) ལགས་གཙོས་པའི་ཚོགས་བཅར་བ་ ༢༠༠ ལྷག་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་ལ་དབང་ཚད་ཁྱོན་ནས་མེད་པ་དང་། རྒྱ་ནག་གིས་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་གནད་དོན་ཐད་ཐེ་ཇུས་བྱས་ཏེ་སྟངས་འཛིན་བྱེད་ཐབས་གནང་མུས་ཡིན་ཡང་། ༸གོང་ས་མཆོག་གིས་ཁོང་གི་ཡང་སྲིད་ནི་རང་དབང་ལྡན་པའི་འཛམ་གླིང་རྒྱལ་ཁབ་ཞིག་གི་ནང་སྐྱེ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དེ་བསྐྱར་ནན་དང་སྦྲགས། ༸མགོན་པོ་གང་ཉིད་མཆོག་ལོ་ངོ་ ༡༣༠ རིང་སྐུ་འཚོ་བཞུགས་གནང་རྒྱུའི་ཐུགས་རེ་དང་ངོས་བཞེས་གནང་ཡོད་པ། རྒྱ་ནག་གཞུང་གིས་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་སྐབས་བོད་ཀྱི་གནད་དོན་ཡང་མཇུག་རྫོགས་འགྲོ་བའི་ཚོད་དཔག་བྱེད་ཀྱིན་འདུག་ཀྱང་། དོན་དངོས་སུ་རྒྱ་ནག་ལ་བརྡ་ལན་སྤྲོད་འདོད་པ་ནི། རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན་སྐོར་སོགས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། བོད་དང་རྒྱ་གར་དབར་ལོ་རྒྱུས་དང་། དཔལ་ཡོན་གྱི་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། རིམ་པས་རྒྱལ་ཁབ་གཉིས་བར་ཆོས་དང་སྐད་ཡིག རིག་གཞུང་གི་འབྲེལ་ལམ་ཡར་རྒྱས་དང་། བོད་མིར་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་པའི་སྐབས་སུ་རྒྱ་གར་གཞུང་མང་གཉིས་ཀྱིས་ཀྱང་ཕྱོགས་གང་ཅིའི་ཐད་ནས་མཐུན་འགྱུར་གནངས་དང་གནང་མུས་ཡིན་པར་བཀའ་དྲིན་རྗེས་དྲན་ཞུས་པ་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར་བོད་མི་རྣམས་ཀྱིས་རྒྱ་གར་གྱི་ནང་བསྟན་གྱི་སྲོལ་རྒྱུན་ཁག་ཉར་ཚགས་དང་། སླར་གསོ། ཁྱབ་སྤེལ་ཐུབ་པ་དེ་ནི་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཤིན་ཏུ་ནས་ཆེན་པོ་ཞིག་ཡིན་པ། བོད་ཀྱི་ཐབས་ཇུས་དང་། ཁོར་ཡུག་གི་གལ་གནད་སྐོར་ནན་བརྗོད་གནང་ཞིང་། བོད་མཐོ་སྒང་ནི་རྒྱ་གར་ཚུད་པའི་ཨེ་ཤ་ཡའི་མི་འབོར་ས་ཡ་མང་པོའི་ཉིན་རེའི་འཚོ་བའི་ཐོག་དགོས་མཁོ་དང་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་དམ་དྲག་ཤུགས་ཆེར་གཏོང་མུས་ཡིན་པའི་ཐོག རྒྱ་ནག་གིས་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་ཀྱི་ངོ་བོ་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་པར་སེམས་འཚབ་ཡོད་པ་དང་། བོད་ཀྱི་མ་འོངས་པའི་གནས་སྟངས་ནི་རྒྱ་གར་གྱི་བདེ་འཇགས་དང་ས་ཁུལ་བརྟན་ལྷིང་ལ་འབྲེལ་བ་ཤུགས་ཆེན་ཡོད་སྐོར། རྒྱ་གར་གྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་མི་ཚོས་བོད་དོན་འཐབ་རྩོད་ཐོག་མུ་མཐུད་འབད་བརྩོན་བྱ་རྒྱུ་དང་། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་གྱིས་བོད་མི་རྣམས་ལ་ཕ་མ་བཞིན་ལྟ་སྐྱོང་གནང་བར་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༤ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༤ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese