མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ཀྱིས་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་ལགས་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢

ཁ་སང་ཕྱི་ཚེས་ ༡༡ ཉིན་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་དགུང་ལོ་ ༧༨ སྟེང་ཨོ་གླིང་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་སྟབས། དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་གཙོས། དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་ཏེ། ཉིན་རྒྱབ་ཆུ་ཚོད་ ༣ ནས་ལས་ཁུངས་ཁག་ལས་མཚམས་བཞག་སོང་།

སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོག་སྦྱང་གནང་བའི་ཁྲོད། བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༤༨ ལོར་བོད་ཀྱི་བྱང་ཐང་གནམ་རུར་སྐུ་འཁྲུངས། རང་ལོ་བཅུར་སོན་སྐབས་རྒྱ་དམག་གིས་བོད་ས་བཙན་བཟུང་དབང་གིས་བཙན་བྱོལ་དུ་འབྱོར་ཏེ་བལ་ཡུལ་སྤོག་རར་སློབ་ཞུགས་གནང་། ཕྱི་ལོ་ ༡༩༦༦ ལོར་བཀྲ་ཤིས་གླིང་གཞིས་ཆགས་ཚུགས་སྐབས་སྐད་སྒྱུར་གནང་། ཕྱི་ལོ་ ༡༩༦༨ ལོར་ལོ་གཉིས་ཙམ་རིང་དབྱིན་ཡུལ་དུ་སློབ་སྦྱོང་ལ་བསྐྱོད། ཕྱི་ལོ་ ༡༩༧༠ ལོ་ནས་བཀྲ་ཤིས་གླིང་གཞིས་ཆགས་སུ་དགེ་རྒན་དང་དགེ་ཆེའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༣ ཟླ་ ༡༠ ཚེས་ ༡ ནས་གནས་བདུན་པའི་ཐོག་རྡོར་སྦ་ཀྲན་གཞིས་འགོར་བསྐོ་གཞག་དང༌། ཕྱི་ལོ་ ༡༩༧༧ ཟླ་ ༡༡ ཚེས་ ༢༠ ནས་གནས་བདུན་པ་རང་འཇགས་ཐོག་བལ་ཡུལ་དོན་གཅོད་ཁང་ལས་བྱེད་དུ་གནས་སྤོས། ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༦ ནས་གནས་རང་འཇགས་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས།

ཕྱི་ལོ་ ༡༩༨༥ ཟླ་ ༡ ཚེས་ ༡ ནས་གནས་རང་འཇགས་ཐོག་བལ་ཡུལ་ཤེས་ཡོན་འགན་འཛིན། ཕྱི་ལོ་ ༡༩༨༦ ཟླ་ ༥ ཚེས་༡༥ ནས་གནས་རང་འཇགས་ཐོག་བལ་ཡུལ་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༡༩ ནས་གནས་དྲུག་པར་གནས་སྤར་གྱིས་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༡༩༩༤ ཟླ་༤ ཚེས་ ༢༨ ནས་དྲུང་འཕར་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༤ ནས་དྲུང་ཡིག་ཆེན་མོར་གནས་སྤར་དང་སྦྲགས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༨ ནས་ཨོ་སི་ཀྲི་ཡའི་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༧ ནས་ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༣༠ བར་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཀྱི་མཛད་འཁུར་བཞེས་ཏེ་བགྲེས་ཡོལ་ཐོན། དེ་རྗེས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༡ བར་འཕྲོད་བསྟེན་བཀའ་བློན་གྱི་ཐུགས་འགན་བཞེས། བཀའ་བློན་གྱི་མཛད་འགན་ཟུར་རྗེས་སུའང་བོད་ཀྱི་སྐད་ཡིག་དང་བོད་མིའི་ཡ་རབས་བཟང་སྤྱོད་གོང་སྤེལ་སླད་ཀུན་ཁྱབ་བོད་ཀྱི་ལས་འགུལ་བསྟི་གནས་ཁང་བཙུགས་གནང་ཡོད། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༡ ཉིན་རྒྱབ་ཨོ་གླིང་དུ་དགོངས་པ་རྫོགས།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

སྐར་མ ༡༥ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese