མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༦/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་ཚོང་པ་ཆེན་པོ་ཀོ་ཝན་ཀོའུ་ཡིས་ཨ་སྒོར་ཐེར་འབུམ་ ༡ ལྷག་གཡོ་ལེན་བྱས་པའི་ནག་ཉེས་འོག་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Chinese businessman Guo Wengui, or Miles Guo, in 2018Photo Getty

དེ་རིང་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཨ་རིའི་ཕོ་བྲང་དཀར་པོའི་ཇུས་འགོད་སློབ་སྟོན་པ་ཟུར་པ་སི་ཊི་ཝི་བྷ་ནོ་ (Steve Bannon) དང་འབྲེལ་བ་ཡོད་པ་དང་། ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་རིགས་ཚོང་པ་ཆེན་པོ་ཀོ་ཝན་ཀོའུ་ (Guo Wengui) ཡིས་ཁོ་རང་གི་ཚོང་ལས་ལ་མ་འཛུགས་བྱེད་མཁན་ཚོར་དངུལ་འབོར་ཆེན་པོ་ཐོབ་ཀྱི་ཡོད་ལུགས་བཤད་དེ། མི་མང་སྟོང་ཕྲག་ཁ་ཤས་ལ་མགོ་སྐོར་བཏང་སྟེ་ཨ་སྒོར་ཐེར་འབུམ་ ༡ ལྷག་གཡོ་ལེན་བྱས་པའི་ཉེས་ནག་འོག་འཛིན་བཟུང་གིས་མི་ལོ་ ༣༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

གནད་དོན་དེ་དང་འབྲེལ་ནས། ནེའུ་ཡོག་ཁྲིམས་ཁང་གི་ཁྲིམས་དཔོན་ཨེ་ནེ་ལི་ས་ཊོར་རེ་སི་(Analisa Torres) ཡིས། ཀོ་ཝན་གྱིས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་ལག་ནས་དངུལ་སྒོར་གཡོ་ལེན་བྱས་ཏེ། རྒྱས་སྤྲོ་ལྡན་པའི་མི་ཚེ་རོལ་གྱི་ཡོད། ཅེས་དང་། ཨ་རིའི་ཁྲིམས་རྩོད་པ་ཤཱན་ཨེསི་བྷག་ལི་(Buckley ) ཡིས་དེ་རིང་གི་ཁྲིམས་ཐག་གཅོད་དོན་འདིས་མིང་གྲགས་དང་རྒྱུ་ནོར་གྱིས་ཁྲིམས་ལས་བརྒལ་མི་ནུས་ཤིང་། ཕལ་བའི་མི་ཚང་ལ་གནོད་འཚེ་བཏང་ནས་རང་ཉིད་ཕྱུག་པོར་བསྒྱུར་བའི་མགོ་སྐོར་གཏོང་མཁན་ཚོར་མཇུག་འབྲས་ཚབས་ཆེན་འཕྲད་རྒྱུ་ཡིན་པ་བསྟན་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༣ ལོར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་ (Justice Department) གིས།  རྒྱ་རིགས་ཚོང་པ་ཀོ་ཝན་ཀོའུ་ལ་ (Miles Guo) དང་ (Ho Wan Kwok) ཟེར་བའི་མིང་མི་འདྲ་བ་གསུམ་ཡོད་པ་དང་། ཀོ་ཝན་ཀོའུ་ཡིས་དཔལ་འབྱོར་སློབ་སྟོན་པ་ཀིན་མིང་རྗེ་ (Kin Ming Je) ཡི་རོགས་རམ་བརྒྱུད། དྲ་རྒྱ་དང་དེའི་བདེ་འཇགས་དང་དངུལ་ཁང་སོགས་ལ་མགོ་སྐོར་བཏང་སྟེ་དངུལ་གཡོ་ལེན་བྱས་ཡོད་པར་བརྟེན། ཨ་རིའི་གཞུང་གིས་ཁོའི་ལས་རོགས་ཀིན་མིང་རྗེའང་འཛིན་བཟུང་བྱས། ཁོས་ཚོང་ལས་ལ་མ་འཛུགས་བྱས་ཡོད་པའི་དངུལ་དེ་ནས་ཨ་སྒོར་ས་ཡ་ ༣༧ གྱི་གྲུ་ཆུང་ (Yacht) དང་། ཁོ་རང་གི་བུ་ལ་ཨ་སྒོར་ས་ཡ་ ༣།༥ ཡི་མོ་ཊ་ (Ferrari)། དེ་བཞིན་ཨ་སྒོར་སྟོང་ཕྲག་ ༣༦ གི་གདན་གཉིས་དང་། ཨ་སྒོར་སྟོང་ཕྲག་ ༦༢ ཅན་གྱི་བརྙན་འཕྲིན། ཕི་ཊི་གྲུ་བཞི་མ་ ༥༠,༠༠༠ ཡི་ཁང་པ་བཅས་ཉོས་འདུག

ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་དུ་ཀོ་ཝན་ཀོའུ་དང་ཨ་རིའི་ཕོ་བྲང་དཀར་པོའི་ཇུས་འགོད་སློབ་སྟོན་པ་སི་ཊི་ཝི་བྷོ་ནོན་ (Steve Banon) གཉིས་ཀྱིས་ (G News) དང་ (GTV Media Group) ཟེར་བའི་གསར་ཁང་གཉིས་བཙུགས་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཚོང་དོན་ཆེད་ཁྲིམས་འགལ་གྱི་ཐོག་ནས་མ་དངུལ་མཁོ་སྒྲུབ་བྱས་རྐྱེན་ཨ་སྒོར་ས་ཡ་ ༥༣༩ ཆད་པ་སྤྲད་དགོས་བྱུང་བ་དང་། ཕྱི་ལོ་ ༢༠༡༤ ལོའི་ལོ་མཇུག་ཏུ་རྒྱ་ནག་ནས་ཨ་རིར་བྲོས་བྱོལ་དུ་ཕྱིན། རྒྱ་ནག་གི་དཔོན་རིགས་ཚོས་ཀོ་ཝན་ཀེའུ་ལ་བཙན་གཡེམ་དང་བཙན་ཁྲིད། ལྐོག་རྔན་སོགས་སྤྲད་པའི་སྐྱོན་འཛུགས་བྱེད་སྐབས། ཁོས་རྒྱ་ནག་གཞུང་གིས་སྐྱོན་འཛུགས་ཁག་ལ་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། ཁོས་ཞི་ཅིན་ཕིན་གྱི་གཙོས་རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཚོའི་བྱ་སྤྱོད་ངན་པའི་རིགས་ཐེར་འདོན་དང་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ལོར་ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་རིགས་ཚོང་པ་ཆེན་པོ་ཀོ་ཝན་ཀོའུ་ (Guo Wengui) ཟེར་བས། ད་ལྟའི་རྒྱ་ནག་དམར་ཤོག་རིང་ལུགས་ལ་ངོས་ལེན་གཏན་ནས་མེད་པ་དང་། རྒྱ་ནག་གསར་པའི་མཉམ་འབྲེལ་གྱི་རྒྱལ་ཁབ་ཅེས་པ་ཞིག་གསར་འཛུགས་བྱ་རྒྱུའི་བསྒྲགས་གཏམ་སྤེལ་ནས། ད་ལྟའི་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་འཇིགས་སྐུལ་རིང་ལུགས་པས་བདག་བཟུང་བྱས་ཡོད་སྟབས། རྒྱ་ནག་གི་ཁྲིམས་ལུགས་ལྡན་པའི་སྲིད་གཞུང་དེ་མགོ་རྟིང་བསློགས་ཚར་ཡོད་ལུགས་ཀྱི་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག ཕྱི་ལོ་ ༢༠༡༥ ལོའི་ལོ་མགོར་རྒྱ་ནག་ལྐོག་གྱུར་གྱི་ཚོང་པ་ “པེ་ཅིན་སྟེང་ཕྱོགས་ཚོང་འབྲེལ་འཛིན་སྐྱོང་ལྷན་ཁང་” (北京政泉控股)ཟེར་བའི་རྒྱབ་ཀྱི་སྤྱིན་བདག་ཀོ་ཝན་ཀོའུ་དང་རྒྱ་ནག་གཞུང་གི་དཔོན་ངན་ཚོའི་བར་ཐོག་མར་མཉམ་འབྲེལ་བྱས་པ་དང་། རྗེས་སུ་འགལ་ཟླ་བྱུང་བའི་བརྒྱུད་རིམ་གཅིག་རྗེས་གཉིས་མཐུད་དུ་གླེང་སློང་བྱུང་ནས།  རྒྱ་ནག་གཞུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅིན་གྱི་ནག་ཉེས་སྐོར་ཀོ་ཝན་ཀོའུ་ཡིས་རྒྱ་གཞུང་ལ་སྙན་སེང་ཞུས་རྗེས་མཱ་ཅིན་གྱི་གོ་གནས་ཕབ་པ་སོགས་ཀྱི་གནས་ཚུལ་བྱུང་།

ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབུས་རུལ་སུངས་རྒོལ་རྡུང་ལས་འགུལ་གྱི་མགོ་གཙོ་ཞོ་ཅིན་ཧོའུ་ (Xu Jinhui) ཡིས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག ཨ་རིར་བྲོས་བྱོལ་དུ་ཕྱིན་པའི་རྒྱ་ནག་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་པ། དེ་བཞིན་ཁྲིམས་འགལ་གྱི་དངུལ་འབོར་ཆེན་པོ་ལྐོག་ཉར་བྱས་ཡོད་པའི་མི་སྣ་མང་པོ་ཞིག་གི་དམིགས་བསལ་མིང་ཐོ་ཞིག་ཨ་རིའི་གཞུང་ལ་ཕུལ་ཏེ། ཨ་རིའི་གཞུང་ནས་འཛིན་བཟུང་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། དམིགས་བསལ་མིང་ཐོ་དེའི་ནང་རྒྱ་ནག་གི་ཁྲིམས་འགལ་ཉེས་ཅན་པ་མང་པོ་ཞིག་ཨ་རིའི་ནང་སྐུང་ཡོད་སྐོར་འཁོད་ཡོད་ཀྱང་། མི་སུ་དག་ཚུད་ཡོད་མེད་ཁྱབ་བསྒྲགས་བྱས་མེད་སྟབས། ཕྱི་ཕྱོགས་ཀྱི་ལམ་གསར་ཁག་ཏུ། དེ་ནི་རྒྱ་གཞུང་གི་གསང་བའི་གནས་ཚུལ་མང་པོ་ཤེས་མཁན་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་དང་། དངུལ་སྒོར་གཡོ་ལེན་བྱེད་མཁན་ཀོ་ཝན་ཀོའུ་ (Guo Wengui) སོགས་ཀྱི་མིང་ཐོ་ཡིན་སྐོར་ལ་ཚོད་དཔག་བྱས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese