མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐད་ཡིག་དང་རིག་གཞུང་གནས་ན་མི་རིགས་གསོན་པོར་གནས་ཐུབ་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱིི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་མཇུག་བསྡོམས་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༧།༥ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཟླ་ ༧ ཚེས་ ༥ ཉིན་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དངོས་སུ་མཇུག་སྒྲིལ་སོང་། མཇུག་བསྡོམས་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། འཇར་མན་གྱི་དབུས་གཡས་ཕྱོགས་སྲིད་དོན་ཚོགས་པའི་རྒྱ་གར་གྱི་ཐེབས་རྩ་(Konrad-Adenauer-Stiftung) ཁང་གི་འགན་འཛིན་ལས་རོགས་ཨན་ཇི་ལི་ར་ཝ་ཌི་ (Ms. Anjali Rawat) ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། ཕྱི་དྲིལ་ཟུང་དྲུང་འབྲུག་བསྟན་སྐྱིད་ལགས། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་དང་འཛམ་གླིང་རྒྱལ་ཁབ་ ༡༣ ནས་བོད་པའི་གཞོན་སྐྱེས་ ༩༨ ཚོགས་བཅར་ཞུས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་ཐོག་ཕེབས་པའི་རང་རིགས་གཞོན་སྐྱེས་རྣམ་པ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། གསུང་བཤད་གནང་མཁན་རྣམས་ལ་གྲོས་ཚོགས་ཀྱི་ཚབ་དང་སྒེར་གྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཏེ་བོད་ནང་གི་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་ཡོད་པ་རེད། ང་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དགོས་གལ་ཆེན་པོ་རེད། ཁྱེད་རྣམ་པ་ཕྱི་རྒྱལ་དུ་གནས་སྡོད་བྱེད་ཀྱིན་ཡོད་པ་དང་། ཕྱི་རྒྱལ་དུ་སྐད་ཡིག་གཞན་གྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པར་སོང་། ཕྱི་རྒྱལ་གྱི་སློབ་གྲྭ་ཁག་དང་སྤྱི་ཚོགས་ཁྲོད་བོད་སྐད་བེད་སྤྱོད་གཏོང་མཁན་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་སོ་སོའི་ཁྱིམ་ཚང་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་བཏང་ནས་སོ་སོའི་སྐད་ཡིག་ལ་དོ་སྣང་དང་སྤྲོ་བ་སླེབས་ཐུབ་པ་བཟོ་རྒྱུ་གལ་ཆེན་པོ་རེད་འདུག་ལ། བོད་ཀྱི་སྐད་ཡིག་ལ་དོ་སྣང་བསླེབ་པར་བོད་ཡིག་བཀླག་རྒྱུ་དང་འབྲི་རྒྱུའི་ཐད་དོ་སྣང་མང་ཙམ་བྱ་དགོས། ད་དུང་ང་ཚོ་བོད་པ་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་འོས་འགན་ཡོད་ལ། སྐད་ཡིག་དང་རིག་གཞུང་གནས་ན་མི་རིགས་དེ་གསོན་པོར་གནས་ཐུབ་ཀྱི་ཡོད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་བཞིན་པ། ༢༠༢༦།༧།༥ དུས་བབ་གསར་ཁང་གི་པར།

ཡང་ཚོགས་གཞོན་མཆོག་གིས། མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ནི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་ལ་རག་ལས་ཡོད་ཅིང་། རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན། ཁྲིམས་ལུགས། ཆབ་སྲིད་བཅས་ལ་སློབ་སྦྱོང་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་སྟེང་བོད་ཀྱི་རྩ་དོན་གླེང་སློང་བྱེད་ཐུབ་པའི་ཤེས་ཡོན་དང་འཇོན་ཐང་གཉིས་ཀ་ལྡན་པའི་མི་སྣ་སྐྱེད་བསྲིང་དང་གསོ་སྐྱོང་བྱེད་དགོས་ཀྱི་ཡོད། གཞན་ཡང་། རྒྱ་ནག་གི་བཙན་གནོན་ལ་གདོང་ལེན་བྱེད་པར་བོད་མི་ནང་ཁུལ་ཆོས་ལུགས་དང་ལུང་ཚན། ལྟ་གྲུབ་སོགས་ཀྱི་དབྱེ་བ་མེད་པར་བོད་མི་རྣམས་ཆིག་སྒྲིལ་བྱ་རྒྱུ་ནི་ནུས་པ་ཆེ་ཤོས་ཡིན་ཞིང་། ནང་ཁུལ་གྱི་མཐུན་ལམ་ནི་དགྲ་བོར་གདོང་ལེན་བྱེད་པའི་མཚོན་ཆ་རེད། ད་དུང་དྲང་བདེན་དང་ཞི་བའི་ལམ་ནས་རང་གི་ཐོབ་ཐང་དང་རང་དབང་གི་ཆེད་དུ་བོད་དོན་འཐབ་རྩོད་བྱེད་པ་དང་། བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་བྱས་ཏེ་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་ཀྱིས་རང་གི་བདག་དབང་རྩོད་ལེན་བྱ་རྒྱུ་དང་། བོད་ནང་འབྱུང་བཞིན་པའི་བདེན་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཕྱིར་བསྒྲགས་བྱེད་རྒྱུ་དགོས་གལ་ཆེ་ཁར། ཕྱིའི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་དགོས། བོད་ཀྱི་རྩ་དོན་དང་དམིགས་ཡུལ་འགྲུབ་པའི་ཆེད་དུ་ཚོགས་པ་ཚད་ལྡན་ཞིག་གསར་འཛུགས་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དམིགས་ཚད་བཟུང་སྟེ་བོད་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཡོང་ཐབས་ཀྱི་ལས་དོན་བསྒྲུབ་དགོས་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༨ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese