མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

 ད་ལྟ་འཛམ་གླིང་གི་རྩེད་རིགས་ཆེད་མཁས་པ་སོགས་ཀྱིས། ད་ལྟའི་རུ་ཁག་བཞི་པོའི་རྩེད་འགྲན་སྐར་ཆེན་རྣམས་ཀྱིས་རྩེད་འགྲན་ལ་བཟུང་བའི་གདེང་སྤོབས་དང་འགྲན་སེམས། དེ་བཞིན་ཕྱོགས་ཡོངས་ཀྱི་རུ་ཁག་རྣམས་ཀྱི་མཉམ་འདུས་ཀྱི་ནུས་པ་དང་གྲུབ་འབྲས་བཅས་ལ་གཞིགས་ན་རྩེད་འགྲན་གྱི་རྒྱལ་ཕམ་ཚོད་དཔག་བྱ་རྒྱུ་དཀའ་མོ་ཡིན་སྐོར་ཤོད་ཀྱིན་འདུག

འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤

སང་ཉིན་ཕྱི་ཚེས་ ༡༥ ཉིན་གྱི་མཚན་གུང་གི་རྒྱ་གར་གྱི་ཆུ་ཚོད་ ༡༢།༣༠ སྟེང་དུ་འདི་ལོའི་འཛམ་གླིང་བུམ་པ་རྟགས་མའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་གྱི་བཞི་རྩོད་ཀྱི་རྩེད་འགྲན་དེ་ཧྥ་རན་སི་དང་སི་པེན། དེ་བཞིན་གནངས་ཉིན་ཨར་ཇིན་ཊི་ན་དང་དབྱིན་ཡུལ་གཉིས་བར་རྩེད་འགྲན་བྱ་རྒྱུ་ཡིན་ཞིང་། དེ་ལས་རྣམ་པར་རྒྱལ་མཁན་གྱི་རུ་ཁག་གཉིས་རྟིང་རྩོད་དུ་ཚུད་ཀྱི་ཡོད་སྟབས། གོ་ལ་ཡོངས་ཀྱི་ལྒང་ཞེན་པ་རྣམས་ཀྱིས་རྩེད་འགྲན་དེ་དག་ལ་ངང་སྒུག་ཆེན་པོ་བྱེད་བཞིན་པའི་མུར། བཙན་བྱོལ་བོད་མིའི་རྒྱལ་ས་དྷ་སའི་ཁུལ་དུའང་། ཚོང་པ་དང་། ལྒང་ཞེན་པ་རྣམ་པ། དེ་བཞིན་ལྟད་མོ་རྣམས་ཀྱིས་ཚ་ཚ་འུར་འུར་ངང་འདི་ལོའི་རྐང་སྤོལ་འགྲན་ཚོགས་ཆེན་པོ་དེ་གླེང་ཞིང་། དེའི་ཆེད་དུ་གྲ་སྒྲིག་བྱས་དང་བྱེད་མུས་ཡིན་འདུག་པས། ཁྱེད་ཅག་གིས་བལྟས་ན་འདི་ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྐང་སྤོལ་རྒྱལ་པོ་དང་གསེར་ཐོའི་བདག་པོ་དེ་སུ་ཡིན་ནམ། 

 འདི་ལོའི་ཕྱི་ཟླ་ ༦ ཚེས ༡༡ ཉིན་ཧྥི་ཧྥ་རྩེད་འགྲན་གྱི་རྒྱལ་ཁབ་རིམ་པའི་རྐང་སྤོལ་རྩེད་འགྲན་གྱི་རྩེ་ཏོག་རྒྱལ་ཁབ་ཉི་ཤུ་ཐམ་པ་གསལ་བསྒྲགས་བྱས་པའི་ཁྲོད།  ཨར་ཇིན་ཊི་ན་ཨང་རིམ་དང་པོ་དང་སི་པེན་གཉིས་པ། ཧྥ་རན་སི་གསུམ་པ། དེ་བཞིན་དབྱིན་ཡུལ་བཞི་པ་བཅས་སུ་ངོས་འཛིན་བྱས་ཡོད་ལ། ད་བར་གྱི་རྩེད་འགྲན་གྱི་དྲག་འདེམས་རིམ་པ་དང་། རུ་ཁག་དེ་དག་ཀྱང་ཕམ་ཕུད་(knock Out) རྩེད་འགྲན་སོགས་ཀྱི་རྩེད་འགྲན་ལས་རྣམ་པ་རྒྱལ་ནས་མཐའ་མའི་རྩེ་ཏོག་གི་རུ་ཁག་བཞི་ཡི་གྲལ་དུ་ཚུད་ཡོད། དེ་རིང་འདི་གའི་གསར་འགོད་པས་འཛམ་གླིང་གི་ཆེས་སྐད་གྲགས་ཆེ་བའི་མིས་བཟོས་རིག་ནུས་ཏེ་ཅ་ཊི་ཇི་པི་ཊི་ (Chat GPT) ལ་འདྲི་སྐབས། ཧྥ་རན་སི་དང་སི་པེན་གཉིས་ཀྱི་རྩེད་འགྲན་དེ། སྤྱི་ཡོངས་ནས་སི་པེན་ལ་རྒྱལ་ཁ་ཐོབ་པའི་བརྒྱ་ཆ་ ༥༥ དང་ཧྥ་རན་སི་ལ་བརྒྱ་ཆ་ ༤༥ དང་བཅས་སྤོ་ལོ་ ༡–༢ བྱས་ནས་སི་པེན་ལ་རྒྱལ་ཁབ་ཐོབ་པའི་ཚོད་དཔག་བྱེད་ཀྱིན་འདུག་ཀྱང་། Google Gemini དང་ Cluade གཉིས་ཀྱིས་ཧྥ་རན་སི་སི་པེན་ལས་རྣམ་པར་རྒྱལ་ནས་རྟིང་རྩོད་དུ་ཚུད་པའི་ཚོད་དཔག་བྱེད་ཀྱིན་འདུག འོན་ཀྱང་། དེ་ནི་ཐོག་མའི་ཚོད་དཔག་ཙམ་ལས་དོན་དངོས་ཀྱིས་ཐག་གཅོད་བྱ་ཁག་པོར་གྱུར་ཡོད་ཀྱང་། ལྟད་མོ་བ་ས་ཡ་མང་པོས་རང་རང་གི་རྒྱལ་ཁབ་དེ་རྩེད་འགྲན་ལས་རྣམ་པར་རྒྱལ་བར་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་བརྩོན་བྱེད་བཞིན་པ་གདོན་མི་ཟ་ལ། ལྟད་མོ་བའི་ཀི་སྒྲ་དང་ཤུགས་སྒྲ། དགའ་སྤྲོའི་མཉམ་གླུ་སོགས་ནི་རྩེད་འགྲན་པར་ངར་ཤུགས་སློང་ཞིང་སྙིང་སྟོབས་རྒྱས་པའི་སྨན་མཆོག་ལྟ་བུར་གྱུར་ཡོད། 

 དེ་བཞིན་མིས་བཟོས་རིག་ནུས་ཏེ་ཅ་ཊི་ཇི་པུ་ཊི་(Chat GPT ) ཡིས། དབྱིན་ཡུལ་དང་ཨར་ཇིན་ཊི་ན་གཉིས་ཀྱི་རྩེད་འགྲན་ཡོངས་སུ་སྤོ་ལོ་ ༡–༡ འདྲ་མཚུངས་ཆགས་ཏེ། མཐར་མདུན་བཀག་མེད་པའི་རྡུང་རྡེག་(penalty) གི་རྒྱལ་ཕམ་རྩོད་སྐབས། དབྱིན་ཡུལ་རྣམ་པར་རྒྱལ་བའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟ་འཛམ་གླིང་གི་རྩེད་རིགས་ཆེད་མཁས་པ་དང་། རྐང་སྤོལ་གྲགས་ཅན་སོགས་ཀྱིས། ད་ལྟའི་རུ་ཁག་བཞི་པོའི་རྩེད་འགྲན་སྐར་ཆེན་རྣམས་ཀྱིས་རྩེད་འགྲན་ལ་བཟུང་བའི་གདེང་སྤོབས་དང་འགྲན་སེམས། དེ་བཞིན་ཕྱོགས་ཡོངས་ཀྱི་རུ་ཁག་རྣམས་ཀྱི་མཉམ་འདུས་ཀྱི་ནུས་པ་དང་གྲུབ་འབྲས་བཅས་ལ་གཞིགས་ན། རྩེད་འགྲན་གྱི་རྒྱལ་ཕམ་ཚོད་དཔག་བྱ་རྒྱུར་དཀའ་ཁག་ཅན་ཞིག་ཏུ་གྱུར་སྐོར་ཤོད་ཀྱིན་འདུག 

ད་ལྟ་འཛམ་གླིང་གསེར་བུམ་གྱི་བཞི་རྩོད་ཁྲོད་ཚུད་པའི་སྐར་ཆེན་འགའ།

རྐང་སྤོལ་སྐར་ཆེན་མེ་སི་དང་ཀི་ལི་ཡན་མེམ་བྷ་པེ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤

 ད་ལྟ་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཁྲོད་སྐད་གྲགས་འགྲོ་མུས་ཡིན་པའི་ཀི་ལི་ཡན་མེམ་བྷ་པེ་(Kylian Mbappé) ནི་ཧྥ་རན་སིའི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་སྐར་ཆེན་ཞིག་དང་། ལྷག་པར་ཁོང་གི་ཁྱད་འཕགས་ཀྱི་མྱུར་ཚད་དང་། སྤོ་ལོ་སྒོར་རར་བླུགས་ཏེ་མཇུག་སྒྲིལ་གྱི་ནུས་པ་དེ་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་གར་སྟེགས་སུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད། ཀི་ལི་ཡན་མེམ་བྷ་པེར་རྒྱལ་ནང་གི་གཟེངས་རྟགས་མང་པོ་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ དང་ ༢༠༢༢། ༢༠༢༦ བཅས་སུ་ཧྥ་རན་སིའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་ཚོགས་ཁྲོད། ཁོང་གི་འཇོན་ཐང་དང་། བློ་སྟོབས། རླབས་ཆེན་གྱི་དམིགས་ཡུལ་བཅས་ཀྱིས་དགའ་མོས་བྱེད་མཁན་ས་ཡ་མང་པོར་སྐུལ་མ་ཐེབས།  ཁོང་ནི་རྒྱལ་སྤྱིའི་རྐང་སྤོལ་གར་སྟེགས་སྟེང་ཧྥ་རན་སིའི་རྐང་རྩེད་སྤོ་ལོའི་མཚོན་རྟགས་ཤིག་སྟེ། མྱུར་ཚད་དང་། གཟབ་ནན་བཅས་ཀྱིས་རྩེད་འགྲན་གྱི་བརྒྱུད་རིམ་ལ་ཁ་ལོ་སྒྱུར་བཞིན་ཡོད་ལ། ཁོའི་སྒྱུ་འཕྲུལ་ལྟ་བུའི་རྐང་རྩལ་སོགས་འགྲན་ཡ་ལས་རྣམ་པར་རྒྱལ་འདོད་པའི་བློ་སྟོབས་ཀྱིས་རྩེད་འགྲན་གྱི་ཁོར་ཡུག་ཡངས་པོར་ཟིལ་གྱིས་མནན་ཐུབ། ཁོང་ནི་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཁྲོད་ཀྱི་སྐར་ཆེན་ཏེ། རྨི་ལམ་འཚོལ་བཞིན།  ཟིན་ཐོ་གཏོར་བཞིན། འཛམ་གླིང་གི་རྐང་སྤོལ་རྩེད་འགྲན་གྱི་དབུ་འཕང་དགུང་ལ་འདེགས་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་སྟེང་ཁོ་དང་མེ་སི་གཉིས་ཀྱིས་སྤོ་ལོ་བརྒྱད་རེར་བླུགས་ནས་སྤོ་ལོ་བླུག་མཁན་མང་ཤོས་ཀྱི་རྩེད་འགྲན་པ་ཞིག་ཏུ་གྱུར།

མེ་སི་རང་ལོ་བཅོ་བརྒྱད་ཀྱི་ཐོག་བྷར་སི་ལོ་ནའི་རུ་ཁག་དང་པོར་བདམས་ནས། ཁོང་གིས་ཕྱི་ལོ ༢༠༠༥ ནས་ ༢༠༢༡ བར་མི་ལོ་ ༡༦ ལྷག་གི་རིང་བྷར་སི་ལོ་ནའི་རྩེད་འགྲན་རུ་ཁག་དང་པོའི་ནང་རྩེད་འགྲན་བྱས། མི་ལོ་དེ་དག་གི་རིང་ལ་ཁོང་གིས། སི་པེན་རྒྱལ་ཁབ་ཀྱི་རྐང་སྤོལ་རྩེད་འགྲན་ལ་ལི་གྷ་( laliga ) ཐེངས་བཅུ་བཀྱགས་ཡོད་པ་དང་། ཡུ་རོབ་ནང་ཆེས་སྐད་གྲགས་ཆེ་བའི་ཆེམ་བྷེན་སི་ལིག (Champions League) ཐེངས་བཞི་བཀྱགས་ཡོད་འདུག་ལ། ཕྱི་ལོ ༢༠༠༩ ལོར་བྷར་སི་ལོ་ནས་ཡུ་རོབ་ནང་གི་རྩེད་འགྲན་ཚང་མ་ལས་རྣམ་པར་རྒྱལ་ཏེ། ཡུ་རོབ་ནང་གི་རུ་ཁག་རྩེ་ཕུད་དུ་གྱུར་ཡོད་ཅིང་། སྐབས་དེར་མེ་སི་ཡིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་གསེར་གྱི་སྤོ་ལོ་( Ballon D’or) ཆེས་ཐོག་མ་དེ་བཀྱགས་ཡོད་པ་མ་ཟད། ལོ་དེར་ཁོང་ལ་རྒྱལ་སྤྱིའི་ཧྥི་ཧྥའི་ལོ་གཅིག་གི་ཕུལ་བྱུང་རྩེད་འགྲན་པའི་(FiFa world player of the  year award) ཆེས་མཐོའི་གཟེངས་རྟགས་ཀྱང་ཐོབ། ཕྱི་ལོ ༢༠༡༢ ལོར་མེ་སི་ཡིས་ལ་ལི་གྷའི་རྩེད་འགྲན་གཅིག་པུར་སྤོ་ལོ་ ༥༠ བླུགས་ཏེ།  ལོ་དེའི་སྤོ་ལོ་མང་ཤོས་བླུག་མཁན་གྱི་མི་སྣར་བདམས་ནས་གསེར་ལྷམ་ ( golden shoe) ཐོབ་ཡོད་འདུག་ལ། ད་བར་ཁོང་གིས་ཡུ་རོབ་ཀྱི་གསེར་ལྷམ་ཐེངས་ ༦ དང་། རྒྱལ་སྤྱི་རིམ་པའི་གསེར་གྱི་སྤོ་ལོ་( Ballon D’or) ཐེངས་བརྒྱད་བཀྱགས་འདུག་པས། མེ་སི་ལགས་ནི་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་རྒྱལ་སྤྱིའི་གསེར་གྱི་སྤོ་ལོ་ཐོབ་མཁན་ཆེས་མང་ཤོས་ཀྱི་རྩེད་འགྲན་པ་དེ་ཡིན་ལ། ཁོང་ནི་འཛམ་གླིང་རྐང་སྤོལ་གྱི་རྒྱལ་པོ་དང་དུས་རབས་ཤིག་གི་རྐང་སྤོལ་བ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

རྐང་སྤོལ་སྐར་ཆེན་ཇུ་ཌི་བྷེ་ལིང་ཧམ་དང་ཡ་མལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤

ལཱ་མིན་ཡ་མལ་(Lamine Yamal) ནི་སི་པེན་གྱི་ཆེད་ལས་རྐང་རྩེད་སྤོ་ལོ་རྩེད་མཁན་ཞིག་ཡིན་ཞིང་། ཁོང་ནི་དེང་རབས་རྐང་རྩེད་སྤོ་ལོའི་ནང་གི་ན་གཞོན་འཇོན་ཐང་ཅན་ཆུང་ཤོས་གྲས་སུ་རྩི་བཞིན་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༣ སི་པེན་གྱི་ཨེ་སི་པུ་ལི་གྷེ་སི་དྷི་ལོ་བྷི་རི་གྷ་ཊི(Esplugues de Llobregat) སྐྱེས་ཤིང་། རོ་ཀ་ཕོན་དྷ་(Rocafonda) རུ་འཚར་ལོངས་བྱུང་། ཁོང་གིས་འཛམ་གླིང་ན་སྐད་གྲགས་ཡོད་པའི་བྷར་སི་ལོ་ནའི་ན་གཞོན་རུ་ཁག་ནས་རྐང་སྤོལ་ལ་ཞུགས། འཛམ་གླིང་གི་རྐང་སྤོལ་དགའ་ཞེན་པ་དག་ལ། ལོ་ཆུང་རྩེད་འགྲན་པ་ཡ་མལ་གྱི་ཡ་མཚན་ཅན་གྱི་སྤོ་ལོ་དྲིལ་སྐོར་དང་། སྤོ་ལོ་བརྒྱུད་སྤྲོད་ཀྱི་རྣམ་དཔྱོད། མྱུར་བའི་ཐག་གཅོད་བྱེད་སྟངས། དེ་བཞིན་ཡིད་དབང་འཕྲོག་པའི་ལྒང་འདེད་བཅས་ཀྱིས་མིག་ཟུང་དབང་མེད་དུ་མི་འཕྲོག་ཀ་མེད་དུ་གྱུར་ཡོད། ཁོང་ནི་འཛམ་གླིང་གི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་གཞོན་སྐྱེས་ཤེས་རབ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་གི་དམིགས་བསལ་གྱི་སྒྲིག་གཞི་རྩལ་དང་། གསར་གཏོད་ནུས་པ། མཐོང་རྒྱ་དང་བློ་རིག་སྒྲིམ་པའི་དབང་གིས། ད་ལྟ་ཁོང་ནི་འཛམ་གླིང་གི་ལོ་ན་ཆེས་ཆུང་བའི་རྐང་སྤོལ་གྱི་སྐར་ཆེན་ཞིག་ཏུའང་ངོས་འཛིན་བྱེད་མུས་ཡིན་པ་མ་ཟད།  ལྷག་པར་ཁོང་གི་རྩེད་འགྲན་སྐབས་ཕར་རྒོལ་དང་སྤོ་ལོ་བརྒྱུད་སྤྲོད་གཉིས་ཀའི་ཐོག་ནས་རུ་ཁག་ཡོངས་ལ་ནུས་པ་ཆེན་པོ་ཐོན་མུས་དང་། ཁོ་ནི་བྷ་སི་ལོ་ན་དང་སི་པེན་གཉིས་ཀའི་རྒྱལ་ཡོངས་རུ་ཁག་གི་རྐང་སྤོལ་བ་ཆུང་ཤོས་ཡིན་ཡང་། ཁོང་གི་འཇོན་ཐང་དང་། བློ་གཅིག་སེམས་གཅིག དེ་བཞིན་མངོན་འདོད་བཅས་ཀྱིས་ལཱ་མིན་ཡ་མལ་ནི་ཁོང་གི་མི་རབས་ནང་གི་རྩེད་འགྲན་པ་གྲགས་ཅན་ཞིག་ཏུ་འགྱུར་བའི་ནུས་པ་ཡོད་པའི་མ་འོངས་པའི་སྐར་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། 

ཇུ་ཌི་བྷེ་ལིང་ཧམ་(Jude Bellingham ) ནི་འདི་ལོའི་དབྱིན་ཡུལ་གྱི་སྐྱེས་པའི་རྐང་སྤོལ་རུ་ཁག་གི་ཚབ་མཚོན་གྱི་ལོ་ཆུང་རྐང་སྤོལ་བ་ཞིག་ཡིན་པ་མ་ཟད། འཛམ་གླིང་སྟེང་གི་ན་གཞོན་རྩེད་མོ་བ་ནུས་པ་ཅན་ཆུང་ཤོས་གྲས་སུ་རྩི་བཞིན་ཡོད་ལ། ཁོང་གི་དམིགས་བསལ་གྱི་རྩེད་ཐང་སྟེང་གི་རིག་པ་དང་། བབ་བསྟུན་གྱི་ནུས་པ། མགོ་ཁྲིད་ཀྱི་ནུས་པ། དེ་བཞིན་ལོ་ཚད་ལས་བརྒལ་བའི་འཕུར་མཆོང་གི་ནུས་པ་དང་། སྤོ་ལོ་ཚོད་འཛིན། སེམས་ཁམས་བརྟན་པོ་བཅས་ཀྱིས་དགའ་མོས་བྱེད་མཁན་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད་ལ། བྷོར་སུ་སི་ཡ་དོར་མོན་ཌི་(Borussia Dortmund) རྐང་སྤོལ་རུ་ཁག་ཏུ་སྐད་གྲགས་ཆགས་རྗེས། རེལ་མ་ཌི་རི་ཌི་(Real Madrid) རུ་ཁག་ཏུ་ཞུགས་ནས་རུ་ཁག་གི་དཀྱིལ་སྙིང་ལྟ་བུའི་རྩེད་འགྲན་པའི་གྲས་སུ་གྱུར།   ཁོང་གིས་རུ་ཁག་དང་དབྱིན་ཡུལ་གྱི་རྐང་སྤོལ་རུ་ཁག་ཏུའང་ཕུལ་བྱུང་གི་རྩེད་འགྲན་བྱས་སྟབས། ཁོང་ནི་མ་འོངས་པར་རེ་བ་ཆེན་པོ་ཡོད་པའི་དེང་རབས་རྐང་རྩེད་སྤོ་ལོའི་སྐར་མ་འོད་ཆེན་ཞིག་ཏུ་རྩི་བཞིན་ཡོད། 

ཧྥི་ཧྥ་རྐང་སྤོལ་འགྲན་ཚོགས།

ཕྱི་ལོ་ ༡༩༣༠ ལོའི་ཧྥི་ཧྥའི་རྩེད་འགྲན་ཐེངས་དང་པོའི་སྐབས། པར། Getty Images

གྲགས་ཆེ་བའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་ནི་ཕྱི་ལོ་ ༡༩༣༠ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཡུ་གྷེ་རུ་ ( Uruguay ) རུ་ཐོག་མའི་ས་བོན་འབུས། དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་འཆར་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༤༢ དང་ ༡༩༤༦ གཉིས་སུ་རྩེད་འགྲན་བསྡུས་མེད་ཀྱང་། ཕྱི་ལོ ༡༩༥༠ ལོར་ལྷོ་མེ་རི་ཁའི་བྷི་རཱ་ཛིལ ( Brazil ) གྱིས་རྩེད་འགྲན་གོ་སྒྲིག་བྱས་རྗེས། ད་བར་ལོ་བཞི་རེའི་མཚམས་སུ་གཅིག་ཀྱང་མ་ཆད་པར་ལུ་གུ་རྒྱུད་དུ་བསྡུས་ཡོད་དེ། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི  ( France ) དང་འཇར་མི་ནི་(Germany ) ཨི་ཊ་ལི (Italy ) བཅས་ཀྱིས་ཐེངས་གཉིས་རེར་རྩེད་འགྲན་གོ་སྒྲིག་བྱས་འདུག  དེ་བཞིན་སི་པེན( Spain ) དང་དབྱིན་ཡུལ། ཨར་ཇིན་ཊི་ན་( Argentina )  སོགས་ཀྱིས་ཐེངས་གཅིག་རེར་གོ་སྒྲིག་བྱས་འདུག ལྷག་པར་དུ་ཕྱི་ལོ་ ༢༠༠༢ ལོའི་རྩེད་འགྲན་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་དུ་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་བསྡུ་ཐེངས་དང་པོར་གྱུར་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ རྩེད་འགྲན་ཐེངས་ ༢༢ པ་དེ་ཨེ་ཤ་ཡའི་ཁོ་ཊར་རྒྱལ་ཁབ་ཏུ་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་བསྡུ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག་ལ། ཧྥི་ཧྥ་རྐང་སྤོལ་རྩེད་འགྲན་ནི་གོ་ལ་ཡོངས་ཀྱི་རྐང་སྤོལ་རྩེད་འགྲན་གྱི་སྡིངས་ཆ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། 

ཕྱི་ལོ ༢༠༢༢ ལོར་ཁོ་ཊར་དུ་འཚོགས་པའི་རྩེད་འགྲན་ཁྲོད། རྩེད་རིགས་དབྱེ་ཞིབ་པ་མང་པོ་ཞིག་གིས། ཐོག་མའི་རྩེད་འགྲན་གྱི་རིམ་པ་དང་།   རྩེད་འགྲན་པ་རྣམས་ཀྱི་ནུས་རྩལ་དང་དྲག་འདེམས་ཀྱི་རིམ་པ། རུ་ཁག་གི་སྤྱི་ཡོངས་ཀྱི་རྩེད་འགྲན་པ་རྣམས་ལ་གཞིགས་ནས།  ལོ་དེའི་རྒྱལ་སྤྱིའི་ཧྥི་ཧྥ་གསེར་གྱི་རྟགས་མ་དེ། ཧྥ་རན་སི་ ( France )དང་། བྷི་རཱ་ཛིལ  (Brazil ) འཇར་མ་ནི( Germany) སི་པེན (Spain) ཨར་ཇིན་ཊི་ན( Argentina) དབྱིན་ཡུལ་གང་རུང་ཞིག་ལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། མཐར་རྣོ་ངར་ལྡན་པའི་རྩེད་འགྲན་གྱི་ཁྲོད་ནས་ཨར་ཇིན་ཊི་ནས་འཛམ་གླིང་རྐང་སྤོལ་གྱི་གསེར་གྱི་བུམ་པ་དེ་བཀྱགས་ཡོད་ཅིང་། དེ་ནི་སྐུ་ཞབས་མེ་སི་ལགས་ཀྱི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་ཆེས་གཡུར་དུ་ཟ་བའི་འབྲས་བཟང་ཞིག་དང་། མེ་སི་ལ་ཐོབ་པའི་འཛམ་གླིང་རྐང་སྤོལ་གྱི་གསེར་ཐོ་ཐོག་མ་དེ་གྱུར་བས། རྩེད་རིགས་ཆེད་མཁས་པ་རྣམས་ཀྱིས། དེ་ནི་མེ་སི་ཡིས་ཆེས་གཡུར་དུ་ཟ་བའི་འབྲས་བཟང་གི་འོད་སྣང་ཁྲོད་ནས། ཁོང་གི་ཞེན་མི་དང་ལྒང་ཞེན་པ་རྣམས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། 

 ཧྥི་ཧྥ་རྩེད་འགྲན་ཕྱི་ལོ ༡༩༣༠ ལོར་མགོ་བརྩམས་པ་ནས་བཟུང་ད་བར་གྱི་རྩེད་འགྲན་ནང་། བྷི་རཱ་ཛིལ  (Brazil ) གྱིས་གསེར་གྱི་རྟགས་མ་ཐེངས་ ༥ བཀྱགས་ཡོད་པ་དང་། འཇར་མ་ནི( Germany) དང་( Italy ) ཡིས་ཐེངས་ ༤ རེ། ཨར་ཇན་ཊི་ན་ཐེངས་ ༣ ། ཡུ་རུ་གྷེ་ཡ( Uruguary) ཧྥ་རན་སི་གཉིས་ཀྱིས་ཐེངས་ ༢  རེར་བཀྱགས་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

སྐར་མ ༥༠ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese