མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

བོད་ཀྱི་དུས་བབ།
༢༠༢༦/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་སྲུང་དམག་དོན་དང་འབྲེལ་བའི་སློབ་ཆེན་ཁག་གིས་ཨ་རིའི་འཕྲུལ་རིག་དང་། ཤེས་བྱའི་ཐོན་ཁུངས་རྐུ་འཁྱེར་བྱེད་པ་སོགས་བྱས་ཏེ། ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་འདུག

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout

ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་ (Pentagon) གིས། ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་ཆེ་བའི་ངོས་འཛིན་འོག་ཨ་རིའི་སློབ་ཆེན་ཁག་ ༣༠ ཡིས་རྒྱ་ནག་གི་ཁུང་ཙིའི་སློབ་གསོ་དང་འབྲེལ་བའི་མཉམ་ལས་གན་རྒྱ་སོགས་ལ་བསྐྱར་ཞིབ་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༣༡ བར་བསྐྱར་ཞིབ་སྙན་ཐོ་སྤྲོད་དགོས་པའི་བཀོད་ཁྱབ་བཏང་འདུག་ལ། བཀའ་ཁྱབ་དེའི་འོག་ནས་ཨ་རི་དང་རྒྱ་ནག་གི་སློབ་ཆེན་ཁག་བར་གྱི་མཉམ་འབྲེལ་གྱི་ལས་དོན་ཁག་མཚམས་འཇོག་བྱེད་སྲིད་པ་ཞིག་ཡིན་འདུག

ཐེངས་འདིའི་ཨ་རིའི་བཀོད་ཁྱབ་དེ་ནི། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་གྱིས། རྒྱ་ནག་མི་དམངས་བཅིང་གྲོལ་དམག་དང་རྒྱ་ནག་གི་རྒྱལ་སྲུང་ལས་དོན་དང་འབྲེལ་བའི་མཉམ་ལས་གན་རྒྱ་ཁག་ལ་བསྐྱར་ཞིབ་མ་བྱས་པའི་ངོས་འཛིན་ཐུབ་པ་ལ་བརྟེན་ནས་བྱུང་ཞིང་། ཧཱ་ཝར་ཌི་སློབ་ཆེན་གྱིས་རྒྱ་ནག་གི་པེ་ཅིན་མཁའ་འགྲུལ་བཟོ་སྐྲུན་སློབ་ཆེན་དང་མི་དམངས་རྒྱལ་སྲུང་ཚན་རྩལ་གཙུག་ལག་སློབ་ཆེན། ནན་ཅིང་བཟོ་རིག་དང་ལག་རྩལ་སློབ་ཆེན། དེ་བཞིན། རྒྱ་ནག་གི་དམག་དོན་དང་འབྲེལ་བའི་སློབ་ཆེན་གཞན་དང་མཉམ་འབྲེལ་གྱིས་ཞིབ་འཇུག་ལས་དོན་གཉེར་ཡོད་པར་ཨ་རིའི་གྲོས་ཚོགས་ཀྱིས་སྐྱོན་བརྗོད་བྱས་འདུག

ཉེ་ལམ་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལྷན་ཁང་གིས། ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྲུང་བདེ་འཇགས་འགན་འཁྲིའི་ཁྲིམས་ཞེས་པའི་དོན་ཚན་ ༡༢༨༦ པའི་ནང་དོན་ལག་བསྟར་འོག་རྒྱ་ནག་དང་ཨུ་རུ་སུ། ཨེ་རན་བཅས་ཀྱི་སློབ་ཆེན་ ༡༣༠ ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་སྟེ། ཨ་རིས་སློབ་ཆེན་དེ་དག་ལ་མཉམ་ལས་བྱ་རྒྱུ་མཚམས་འཇོག་དགོས་སྐོར་བསྒྲགས་ཡོད། དེའི་ནང་རྒྱ་ནག་གི་སློབ་ཆེན་ ༨༨ ཡོད་འདུག་ལ། དམིགས་བསལ་རྒྱ་ནག་གི་སློབ་ཆེན་དེ་དག་གིས་ཨ་རིའི་ནང་རྣམ་པ་བསྒྱུར་བའི་ཁུང་ཙིའི་སློབ་གསོ་བསྐྱར་སྤེལ་བྱེད་བཞིན་ཡོད་པའི་འགྲེལ་བརྗོད་བྱས་འདུག

ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས། མཉམ་ལས་ཀྱི་སློབ་གསོའི་མིང་འོག་ནས་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་རྒྱུར་གུ་ཡངས་ཀླད་གོར་ཡིན། ཞེས་བརྗོད་འདུག་ལ། ཐེངས་འདིའི་བཀོད་ཁྱབ་དེ་ནི་བཀའ་འཁྲོལ་མེད་པའི་ཨ་རིའི་འཕྲུལ་རིག་དང་ཤེས་བྱའི་ཐོན་ཁུངས་རྐུ་འཁྱེར་བྱེད་པ། དགྲ་ཡི་བཤུ་གཞོག་སོགས་ལ་རྒོལ་རྡུང་གཏོང་སླད་དུ་ཡིན་པ་རེད།

ཐག་གཅོད་དེ་ནི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གོ་མཚོན་ཚོགས་ཆུང་དང་། གྲོས་ཚོགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ཚོགས་ཆུང་གིས་ལམ་སྟོན་འོག་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས་གཙོ་འགན་བླངས་ཤིང་། ཨ་རིའི་སློབ་ཆེན་ཁག་དང་བཟོ་གྲྭ་ཁག དེ་བཞིན་ཉམས་ཞིབ་པ་དང་ཚན་རིག་པ་སོགས་ཀྱིས། ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་པའི་ཕྱིའི་རྩ་འཛུགས་ཁག་དང་མཉམ་ལས་བྱེད་པ་དང་། རོགས་དངུལ་ལེན་པ། གནས་ཚུལ་བརྗེ་རེས་སོགས་བྱེད་སྐབས་དོགས་ཟོན་ནན་མོ་བྱེད་དགོས་པའི་སྐུལ་མའང་བྱས་འདུག

ཨ་རིའི་རྒྱལ་ས་ཝང་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཁྲང་ཟེར་བས། ཨ་རིས་རྒྱལ་སྲིད་བདེ་འཇགས་ལ་ཁ་གཡར་ནས་སློབ་གསོ་དང་ཤེས་ཡོན་བརྗེ་རེས། རྒྱུན་ལྡན་གྱི་ཚན་རིག་གི་ཞིབ་འཇུག་སོགས་ཆབ་སྲིད་དང་ལག་ཆར་བཀོལ་སྤྱོད་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ཨ་རིས་གྲང་དམག་གི་བསམ་བློ་དོར་ཏེ། རྒྱལ་ཁབ་གཉིས་བར་གུ་ཡངས་དང་འདྲ་མཉམ་གྱི་ཤེས་ཡོན་བརྗེ་རེས་དང་ཚན་རིག འཕྲུལ་རིག་དང་རིག་གཞུང་གི་མཉམ་ལས་ཀྱི་ཁོར་ཡུག་བསྐྲུན་དགོས་སྐོར་ནན་ཏན་བཤད་འདུག

ཨ་རིས་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་པའི་རྒྱ་ནག་གི་སློབ་ཆེན་གྱི་ཁྲོད། ཧྥུའུ་ཏན་གཙུག་ལག་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཧྲན་ཡཱང་མཁའ་དབྱིངས་འཕུར་སྐྱོད་སློབ་གྲྭ་ཆེན་མོ། རྒྱལ་སྤྱིའི་འབྲེལ་བའི་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་ནག་དམག་དཔུང་གི་མཉམ་འབྲེལ་ལས་དོན་རྒྱབ་སྐྱོར་དམག་དཔུང་འཕྲུལ་ལས་སློབ་གླིང་། རྒྱ་ནག་གི་པེ་ཅིན་མཁའ་འགྲུལ་བཟོ་སྐྲུན་སློབ་ཆེན་དང་མི་དམངས་རྒྱལ་སྲུང་ཚན་རྩལ་གཙུག་ལག་སློབ་ཆེན། ནན་ཅིང་བཟོ་རིག་དང་ལག་རྩལ་སློབ་ཆེན་སོགས་རྒྱ་ནག་གི་དམག་དོན་དང་རྒྱལ་སྲུང་གཉི་གར་འབྲེལ་བའི་སློབ་ཆེན་མང་དག་ཅིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༥ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese