མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༦/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་ལགས་རྒྱ་ནག་བདེ་འཇགས་མི་སྣས་ཡང་བསྐྱར་འཛིན་བཟུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ནས་ཟི་ལིང་བཙོན་ཁང་དུ་བཅུག་ཡོད་པ་རེད།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་མི་སྣས་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་ལགས་༢༠༢༦ལོའི་དབྱར་གནས་སྐབས་འཛིན་བཟུང་གིས་ཁོང་གི་གྲྭ་ཤག་ལ་སྒོ་ཐེལ་བརྒྱབ་ནས་མི་གང་རུང་ནང་ལ་འགྲོ་མི་ཆོག་པ་བྱས་བ་དང་། བདེ་འཇགས་མི་སྣས་ཁོང་གི་གྲྭ་ཤག་ལ་བསྔོག་བཤེར་སྐབས་སུ་མཆོད་སྒམ་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་དགོན་པ་དེའི་དགོན་བདག་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་སྐུ་པར་ཁ་ཤས། ཡང་༧གོང་ས་མཆོག་གི་བཀའ་སློབ་གསོག་འཇོག་བྱས་པའི་མཐེབ་སྡེར་ཞིག་བཅས་ཐོན་ཡོད་པ་བོད་ནང་གི་རྒྱུས་ཡོད་མི་སྣ་ཞིག་གིས་བརྗོད་བྱུང་།

དེ་བཞིན་མཁན་ཟུར་བསྟན་པ་རྒྱ་མཚོ་ལགས་དེང་ཐོག་མགོ་ལོག་ཁུལ་ཐོག་ཏུ་བཙོན་འཇུག་བྱས་ཡོད་པ་དང་། ཉེ་སྔོན་གྱི་ཕྱི་ཟླ་བཅུ་བའི་ཚེས་༥ཙམ་དུ་ཁོང་ལ་ལོ་ལྔའི་ཁྲིམས་ཆད་བཅད་དེ་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གི་བཙོན་ཁང་ཆེ་ཤོས་སྔོན་མ་སོ་ཕག་བཟོ་གྲྭ་ཞེས་བརྗོད་པ་དེའི་ནང་བཅུག་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས། ཁོང་ལ་ཁྲིམས་ཞིབ་སྐབས་སུ་ཁྲིམས་རྩོད་པ་ཡོད་མེད་དང་ནང་མིར་བརྡ་ཐོ་སྤྲད་ཡོད་མེད། ཉེས་པ་ཅི་ཞིག་བཙུགས་པ་སོགས་གསལ་ཁ་ཅི་ཡང་མེད་པ་རེད།

ཡང་བོད་ནང་གི་གནས་ཚུལ་ཡོངས་ཁུངས་ནས་མུ་མཐུད་དུ་བརྗོད་དོན། ན་ནིང་སྟེ་ཕྱི་ལོ་༢༠༢༥ ལོར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་གྱི་འཁྲུངས་སྐར་དགྱེས་སྟོན་དུས་སུ་མཁན་ཟུར་བསྟན་པ་རྒྱ་མཚོ་ལགས་ཀྱིས་ས་གནས་འབྲོག་པ་མང་ཚོགས་ལ་སྐུའི་ཞབས་བརྟན་གསོལ་འདེབས་བློ་འཛིན་བྱེད་དུ་བཅུག་པ་མ་ཟད། བློ་རུ་སྐྱོར་མཁན་རྣམས་ལ་བྱ་དགའ་སྤྲད་ཡོད་པས། གནས་ཚུལ་དེའི་རྐྱེན་གྱིས་སྐབས་དེར་ས་གནས་ཉེན་རྟོག་པས་ཁོང་ཟླ་བ་ཁ་ཤས་རིང་འཛིན་བཟུང་བཀག་ཉར་བྱས་ཀྱང་རྗེས་སུ་གློད་གྲོལ་བཏང་ཡོད་འདུག

ད་ལྟ་ས་གནས་སུ་དམ་དྲག་ཆེན་པོ་ཡིན་པས་ཁོང་གི་སྐོར་གླེང་ཕོད་མཁན་མེད་པའང་བརྗོད་བྱུང་།

བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།

འབྲེལ་ཡོད་གསར་འགྱུར།

མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོའི་དྲིལ་བསྒྲགས་ཚན་པས་སྨིན་ཐང་དགོན་དུ་རྒྱལ་གཅེས་ཆོས་གཅེས། ཁྲིམས་སྦྱོང་ཁྲིམས་བརྩི། དོ་དམ་ཚད་ལྡན།  འཆམ་མཐུན་བརྟན་བརླིང་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་བསྡུས་པ། ༢༠༡༩།༠༤།༠༣
Mobile App

མགོ་ལོག་གཅིག་སྒྲིལ་རྫོང་གི་དགེ་འདུན་པ་ཞིག་ལ་ཆབ་སྲིད་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས།

༢༠༢༤/༠༦/༢༡
བོད་མི་བསམ་གཏན་ལགས་དང་ཁོང་གི་གཅུང་མོར་སྨན་བཅོས་བྱེད་བཞིན་པ། པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་བྱས།
Mobile App

བོད་མི་ཞིག་ལ་གསང་བའི་ཁྲིམས་ཐག་ལོ་གསུམ་བཅད་འདུག

༢༠༢༤/༠༤/༠༩
Mobile App

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་ཕྱོགས་བསྡུས།

༢༠༢༣/༡༢/༣༡
Jiao Xiaoping, former deputy commander of the Xinjiang
Mobile App

ཤིན་ཅང་གི་དམག་སྤྱི་གཞོན་པ་ཞིག་འཛིན་བཟུང་བྱས་འདུག

༢༠༢༣/༠༨/༡༨
ཨ་རིའི་གཞུང་གིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས
༸གོང་ས་མཆོག གསར་འགྱུར།

བོད་ཕྱི་ནང་གཉིས་ནས་༸སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་།

༢༠༢༣/༠༧/༠༧
༸གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ 
བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས་སོང་།

༢༠༢༣/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese