མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༦/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་རྒྱལ་སྤྱིའི་དུས་བབ་དུས་དེབ་ཀྱི་ཕྱི་ལོ་ ༢༠༢༦ ལོའི་ཤུགས་རྐྱེན་ཆེས་ཆེ་བའི་གནམ་གཤིས་འགྱུར་ལྡོག་སྲུང་སྐྱོབ་བྱེད་པའི་མི་སྣ་བརྒྱ་དང་དེའི་ནང་ནས་ཀྱང་གསར་གཏོད་མི་སྣ་ ༢༠ ཁོངས་སུ་བདམས་འདུག

Tenzin Seldon, Founder & Managing Partner, Pulse Fund. TIMES100 CLIMATE 2026

བོད་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྲུང་སྐྱོབ་བྱེད་པར་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་དང་དེའི་ནང་ནས་ཀྱང་གསར་གཏོད་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་ ༢༠ ཁོངས་སུ་བདམས་འདུག ཁོང་མོས་འཛམ་གླིང་རྒྱལ་ཁབ་ཁག་གི་(GDP) རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ནི་ཕྱིར་འདོན་བྱས་པའི་ཐོན་སྐྱེད་ཡོངས་ཀྱི་སྤྱི་འབོར་ཁོ་ནར་རྩིས་རྒྱག་པ་ལས་སླར་གསོ་བྱེད་པར་རིན་ཐང་སྤྲོད་པའི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ (GDR) ཞེས་པའི་སྒྲོམ་གཞི་ཞིག་གསར་གཏོད་བྱས་ཡོད།

བསྟན་འཛིན་གསལ་སྒྲོན་ལགས་ཀྱི་གསར་གཏོད་ཀྱི་ལྟེ་བ་ནི་རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ (Gross Domestic Product – GDP) ཅེས་པའི་དཔལ་འབྱོར་འཇལ་ཚད་དེའི་ཚབ་ཏུ་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ (Gross Domestic Regeneration – GDR) ཞེས་པའི་འཇལ་ཐབས་གསར་པ་ཞིག་འཛུགས་དགོས་པ་དེ་རེད། རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོ་ཞེས་པ་ནི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་ཐོན་སྐྱེད་དང་དངུལ་འབོར་འཕར་བ་ཙམ་ལ་མི་བལྟ་བར། རང་བྱུང་ཁོར་ཡུག་སླར་གསོ་བྱེད་པ། མིའི་བདེ་ཐང་དང་འཚོ་བ་ཡར་རྒྱས་གཏོང་བ། ཡུན་གནས་ཀྱི་འཚོ་ཐབས་གསར་གཏོད་བྱེད་པ་བཅས་ལ་གཞིགས་ནས་འཇལ་དགོས་པའི་ལྟ་བ་ཞིག་རེད། ཁོང་མོའི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོའི་སྒྲོམ་གཞིར་རྩ་བའི་ཀ་བ་གསུམ་ཡོད་པ་སྟེ། ཁོར་ཡུག་བསྐྱར་གསོ། སྤྱི་ཚོགས་བསྐྱར་གསོ། དཔལ་འབྱོར་བསྐྱར་གསོ་བཅས་རེད། མདོར་ན་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས། དངོས་གནས་ཀྱི་འབྱོར་ཕྱུག་ནི་དཔལ་འབྱོར་གྱིས་ཅི་ཙམ་ཐོན་སྐྱེད་བྱེད་པ་ཁོ་ནས་འཇལ་བ་མ་ཡིན་པར། དེས་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས། མ་འོངས་པའི་མི་རབས་བཅས་ལ་ཕན་ཐོགས་ཡོད་པའི་གནས་བབ་ལེགས་པོ་ཞིག་བསྐྲུན་ཐུབ་མིན་ལ་བལྟ་དགོས་པ་དེ་གཙོ་འདོན་གནང་གི་འདུག

ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཚང་མས་རྒྱལ་ཁབ་ཅིག་གི་སྤྱི་འབོར་ཐོན་སྐྱེད་ནི་ཚོང་ཟོག་དང་ཞབས་ཞུ་ཙམ་དུ་མ་ཟད། དམག་འཁྲུག་དང་རང་བྱུང་གོད་ཆག དེ་བཞིན་གཏེར་ཁ་སྔོག་འདོན་སོགས་དྲང་ལྡོག་གཉིས་ཀྱི་ཕྱིར་འདོན་རིན་འབབ་ཡོངས་ལ་གོ་བ་ལེན་གྱིན་ཡོད་ཀྱང་། བསྟན་འཛིན་གསལ་སྒྲོན་ལགས་ཀྱི་རྒྱལ་ཡོངས་སྤྱི་འབོར་བསྐྱར་གསོའི་ཐབས་ལམ་ནང་། ཐོན་སྐྱེད་དང་ལྷན་དུ་ནགས་ཚལ་དང་སྐྱེ་དངོས་སྣ་མང་སྲུང་སྐྱོབ། ས་ཞིང་གི་ས་གཤིས་ཡག་ཏུ་གཏོང་བ། ཆུ་གཙང་མ་དང་སྦགས་བཙོག་ཉུང་དུ་གཏོང་བ། སྤྱི་ཚོགས་ལ་འགན་སྲུང་དང་འཚོ་བ་ཡར་རྒྱས་གཏོང་བ་བཅས་གཙོ་བོར་བཟུང་བའི་ཐོག་ནས་རྒྱལ་ཁབ་ཅིག་གི་སྤྱི་འབོར་ཐོན་སྐྱེད་ཚད་འཇལ་དགོས་པའི་གྲོས་གཞི་འདོན་གྱི་འདུག་ལ། ད་ལྟའི་ཆར་ཁོང་མོའི་གསར་གཏོད་ཀྱི་སྒྲོམ་གཞི་འདི་ཉིད་གྲུབ་ཆ་ཚང་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཇལ་ཐབས་ཤིག་ཏུ་གྱུར་མེད་ཀྱང་། སྒྲོམ་གཞི་འདི་འབྲུག་གི་བདེ་སྐྱིད་ཀྱི་རྒྱལ་ཡོངས་སྤྱི་འབོར་ཐོན་སྐྱེད་ (Gross National Happiness) དང་། རྒྱལ་ཚོགས་ཀྱི་མི་འབོར་འཕེལ་རྒྱས་གྲངས་ཐོ་སོགས་དྲང་ཕྱོགས་ཀྱི་ཚད་འཇལ་སྒྲོམ་གཞི་སྔོན་མ་ཁག་ལ་གཞི་བཅོལ་བ་ཞིག་ཡིན་ཁར། འཛམ་གླིང་གི་དཔལ་འབྱོར་རིག་པ་བ་དང་གནམ་གཤིས་དང་ཁོར་ཡུག་སོགས་སྲུང་སྐྱོབ་བྱེད་མཁན་གྱི་མགོ་ཁྲིད་དང་ཆེད་མཁས་པ་མང་པོའི་དོ་སྣང་བྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་འདུག

བསྟན་འཛིན་གསལ་སྒྲོན་ལགས་ཀྱིས། ང་ཕྱི་ལོ་ ༢༠༢༦ ལོའི་དུས་བབ་དུས་དེབ་ཀྱི་གནམ་གཤིས་འགྱུར་ལྡོག་སྲུང་སྐྱོབ་བྱེད་མཁན་གྱི་མགོ་ཁྲིད་མི་སྣ་བརྒྱའི་ཁྲོད་བདམས་པར་དགའ་སྤོབས་བྱུང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་དགེ་རྩའི་ལས་དོན་ཙམ་མིན་པར། དཔལ་འབྱོར་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་ངོས་འཛིན་དགོས་པ་དང་། ལྷག་པར་དུ་ས་གནས་ཀྱི་མི་མང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་མི་སྒེར་དང་ཚོགས་སྡེ་ཁག་ལ་གཙིགས་འཛིན་དགོས་གལ་ཆེ་སྐོར་བརྗོད་འདུག

ད་ལྟ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་རང་ཉིད་ཀྱི་ལྟ་བའི་སྒྲོམ་གཞི་དེ་ཉིད་ལག་བསྟར་ཡོང་ཆེད་འཛམ་གླིང་གི་རྒྱལ་ཁབ་ ༡༥ དང་ལྷན་དུ་གྲོས་མོལ་བྱེད་བཞིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༩ ནང་ཁོང་མོའི་སྙིང་རྩའི་མ་དངུལ་ཐེབས་རྩ་ (Pulse Fund) ཡིས་ཨ་སྒོར་ས་ཡ་ ༦༣ བསྡུ་རུབ་ཐུབ་པའི་གསལ་བསྒྲགས་སྤེལ་བ་དང་བསྟུན། ད་ལྟ་ཚོགས་པ་དེས་འཛམ་གླིང་ནང་ནུས་རྒྱུ་འཕོ་འགྱུར་དང་།  ཟས་རིགས་དང་ཞིང་ལས། གཞི་རྩའི་མཁོ་ཆས། འགྲིམ་འགྲུལ་བཅས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་གཞི་གསར་བ་ཁག་ལ་མ་དངུལ་བཞག་དང་འཇོག་མུས་ཡིན་པ་རེད།

བསྟན་འཛིན་གསལ་སྒྲོན་ལགས་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་དྷ་རམ་ས་ལར་བཙས་པའི་བཙན་བྱོལ་བོད་མིའི་ཁྱིམ་ཚང་ཞིག་གི་བུ་མོ་ཡིན་ཞིང་། ཆུང་དུས་ནས་ཧི་མ་ལ་ཡའི་གངས་རི་ཞུ་བཞིན་པ་དང་། བོད་གཞིས་བྱེས་མི་མང་གི་འཚོ་བའི་དཀའ་ངལ་ཁྲོད་ཀྱི་ཁོར་ཡུག་དང་གནམ་གཤིས་ཀྱི་གནད་དོན་ལ་དོ་སྣང་བྱུང་།  ཁོང་གིས་སི་ཊན་ཧྥོར་ཌི་གཙུག་ལག་སློབ་ཆེན་ནས་རྩེ་ཕུད་སློབ་ཐོན་བྱས་པ་དང་། དབྱིན་ཇིའི་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་ནས་ (Rhodes ) སློབ་ཡོན་ཐོབ་མཁན་གྱི་བོད་རིགས་ཨ་རི་བ་ཐོག་མ་དེ་ཡིན། ཁོང་མོས་དེ་སྔ་ཐེ་ལན་ཌི་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲིད་ཇུས་ལས་དོན་ཐོག་ལས་ཀ་གནང་མྱོང་། ད་ལྟ་ཁོང་མོ་ནི་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གསར་བ་ཁག་ལ་མ་འཛུགས་བྱེད་མཁན་དང་། མི་ཆོས་རོགས་སྐྱོར་བ་ཞིག་ཡིན་པ་རེད།

འདི་ལོའི་ཕྱི་ཟླ་ ༣ ནང་བསྟན་འཛིན་གསལ་སྒྲོན་ལགས་སུ། ཨ་རིའི་ལོ་སི་ཨན་ཇིལ་སིའི་དུས་བབ་ཀྱི་ལོ་རེའི་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་ཕྱི་ལོ་ ༢༠༢༦ ཆེ་བསྟོད་ངོས་འཛིན་ཐོབ་ཡོད། ཕྱི་ལོ་ ༢༠༡༧ ལོར་ཁོང་མོ་རྒྱལ་སྤྱིའི་ (Forbes) དུས་དེབ་སྟེང་གསར་གཏོད་ཀྱི་ལམ་ནས་ཡར་ཐོན་ཚོང་ལས་གསར་འཛུགས་ཀྱིས་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་བསྐྲུན་པའི་ཨ་རིའི་གཞོན་སྐྱེས་ ༣༠ ཁོངས་སུ་མིང་འདོན་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༥ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༢༤ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese