མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཇུག་འབྲས་མེད་པའི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༠༨/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ལོ༢༠༠༠ལོར ། ང་ཨ་རི་ནས་སྐུ་ཞབས་རྒྱ་རི་བློ་གྲོས་དང་འཕྲད་སྐབས་ཁོང་གིས ། ”ཁྱེད་ཀྱི་བོད་རྒྱ་མི་རིགས་གཉིས་ཀྱིས་གྲོས་མོལ་གྱི་མདུན་ལྗོངས་ལ་ལྟ་ཚུལ་གང་འདྲ་བཟུང་ཡོད་“ ཅེས་དྲིས་བྱུང་ ། ངས་ཁོང་ལ། “ང་རང་ལ་ཡིད་སྐྱོ་བའི་སྣང་ཚུལ་ཅིག་བྱུང་སོང་ ། རྒྱུ་མཚན་ནི་གྲོས་མོལ་འདི་གདོང་དང་གདོང་གཏད་དེ་སྐད་ཆ་བཤད་པ་ལྟ་བུའི་ལས་སླ་བོ་ཞིག་གཏན་ནས་མ་རེད ། ཐོག་མ་ནས་གྲོས་མོལ་གྱི་རྗེས་ནས་ཅི་ཞིག་བྱེད་རྒྱུ་རྟོགས་དགོས་པ་མ་ཟད ། ཅི་ཞིག་བྱེད་ཐུབ་པའང་ཤེས་དགོས་པ་རེད ། གལ་ཏེ ། པེ་ཅིན་ཕྱོགས་ནས་གུ་ཡངས་སུ་མ་བཏང་བར་ཁེར་རྐྱང་དུ་གྲོས་མོལ་གླེང་བ་ཡིན་ན་གཞན་དབང་དུ་འགྱུར་སྲིད་པ་ཞིག་རེད ། ངས་ཀྲུང་གོའི་ཕྱོགས་ནས་གུ་ཡངས་སུ་འགྲོ་བཞིན་པ་ཅི་ཡང་མཐོང་གི་མི་འདུག ། དེར་བརྟེན་གྲོས་མོལ་གྱི་ལམ་ཁ་དེ་མུ་མཐུད་གནས་རྒྱུ་ཁག་པོ་རེད་བསམ་” ཅེས་ལན་བཏབས་པ་ཡིན ། དེའི་རྗེས་ཀྱི་འཕེལ་རྒྱས་དེས་ངའི་ཚོད་དཔག་ནོར་སོང་བ་བདེན་དཔང་བྱས་སོང་ ། གྲོས་མོལ་མགོ་བརྩམས་པ་མ་ཟད། གྲོས་མོལ་རིམ་པ་ལྔར་བྱས་སོང་ ། ཡིན་ཡང་མཇུག་འབྲས་ནི་ང་རང་གིས་སྔོན་ཆད་ཚོད་དཔག་བྱས་པ་བཞིན་འགྲུབ་མ་སོང་ ། ད་ལྟའི་བར་དུ་པེ་ཅིན་ཕྱོགས་ནས་གུ་ཡངས་སུ་བཏང་མ་སོང་ལ་གཏོང་ཡང་མི་སྲིད་པ་ཞིག་རེད ། སྔོན་ཆད་ཀྱི་ངའི་ཚོད་དཔག་ལྟར་ན ། ཁོང་ཚོས་གྲོས་མོལ་བྱེད་མི་སྲིད་པ་ཞིག་རེད ། རྒྱུ་མཚན་ནི་ངས་གྲོས་མོལ་དེར་བརྒྱུད་རིམ་ཞིག་གི་ལྟ་སྟངས་བཟུང་ཡོད ། སྤྱིར་ན་དམིགས་ཡུལ་ནི་གནད་དོན་ཐག་བཅད་པའི་མཇུག་འབྲས་དེ་ཡིན་དགོས་ལ ། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་གྲོས་མོལ་ལ་འདི་ལྟར་རེ་བ་རྒྱག་གི་ཡོད་པ་རེད །  བསམ་མི་ཕོད་པ་ཞིག་ལ། པེ་ཅིན་གྱི་ཕྱོགས་ནས་གྲོས་མོལ་ཏེ་དམིགས་ཡུལ་ཞིག་ཏུ་ངོས་འཛིན་བྱེད་པ་ལས་ཁོང་ཚོར་མཇུག་འབྲས་གཏན་ནས་དགོས་ཀྱི་མེད་ལ ། མཇུག་འབྲས་ཡོད་འདོད་ཀྱང་མེད ། ཁོང་ཚོར་བརྒྱུད་རིམ་ཡོད་པ་ཙམ་གྱིས་འགྲིག་ཚར་བ་རེད ། ཁོང་ཚོས་མགོ་བརྩམས་པ་ནས་བཟུང་གྲོས་མོལ་དེ་དུས་ཡུན་རིང་པོ་ཞིག་ལ་ནར་བསྲིང་བྱ་རྒྱུ་དེ་རེད ། འདི་ལྟར་ལས་པ་ཁོང་ཚོ་སྤྱང་དྲགས་པའི་དབང་གིས་ཡིན་སྲིད ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་ཀྱི་ཁ་གཡར་ས་མེད་པ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་སྐུལ་འདེད་བྱས་པའི་གྲོས་མོལ་གྱི་ལམ་ཁ་གཞན་དབང་དུ་མི་འགྲོ་བས་ཡིན ། མཇུག་འབྲས་མེད་པ་མ་གཏོགས་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན ། ཡིན་ཡང༌། འདིའི་མཇུག་འབྲས་དུས་ནམ་ཡང་འགྲུབ་མི་ཐུབ་པ་ཞིག་རེད་བསམ ། གྲོས་མོལ་དང་གྲོས་མོལ་བྱས་པས་རྣམ་འགྱུར་སྔོན་ལས་ཡག་ཏུ་ཕྱིན་ཡོད་ནའང་ཁྱེད་ཀྱིས་བཤད་པར་ཉན་པ་ཁོ་ན་ཙམ་གྱིས་འབྲས་བུ་ཅི་ཡང་མེད་པ་རེད ། གང་ལྟར་བཙན་བྱོལ་བོད་གཞུང་ནི་ང་ཚོ་རང་ལག་ཏུ་ཡོད་པ་བཞིན ། ལོ་གཅིག་གི་ནང་གྲོས་མོལ་གཅིག་བྱས་ནའང་འདྲ་གཉིས་བྱས་ནའང་ཆོག གང་ལྟར་རྒྱུན་རིང་པོར་གྲོས་མོལ་བྱས་ན་མཐར་ཐུག་ཡུན་གནས་དང་རྒྱུན་འཁྱོངས་མི་ཐུབ་པ་ནི་ཏཱ་ལའི་བླ་མའི་སྐུ་ཚེ་དང་བོད་མི་རིགས་ཀྱི་བཟོད་བསྲན་ཡིན ། ངའི་བསམ་ཚུལ་ལྟར་ན། འདི་ནི་ད་ལྟའི་ཆར་བོད་རྒྱའི་གྲོས་མོལ་ལས་བྱུང་བའི་དོན་དངོས་དེ་ཡིན་པས། བཙན་བྱོལ་བོད་མིའི་ཕྱོགས་ནས་ངེས་པར་དུ་གྲ་སྒྲིག་གང་ལེགས་བྱེད་དགོས ། འདི་ལྟར་ཡུན་རིང་ཕྱིན་ཚེ་དུས་ཚོད་ཀྱི་འགོར་འགྱངས་མ་གཏོགས་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་འགྲོ་མི་ཐུབ་ལ་ “བོད་རེ་བས་ཕོངས” “རྒྱ་དོགས་པས་ཕོངས” ཅེས་པའི་གནའ་བོའི་བཤད་རྒྱུན་དེའང་དོན་ཐོག་ཏུ་འཁེལ་སྲིད་པ་ཞིག་རེད། གལ་ཏེ། གྲོས་མོལ་བྱེད་དང་མི་བྱེད་ང་ལ་དྲིས་པ་ཡིན་ན ། ངའི་འདོད་ཚུལ་ནི་གྲོས་མོལ་བྱེད་རྒྱུ་དེ་ཡིན ། མ་འོངས་པར་གདམ་གསེས་གཞན་མ་བྱུང་བའི་བར་དུ་ང་ཚོའི་ཀྲུང་གོའི་སྲིད་དབང་འགྱུར་བ་འགྲོ་བར་རེ་སྒུག་བྱེད་བཞིན་ཡོད ། ད་ཆ་གནས་སྟངས་ཡག་ཏུ་འགྲོ་བའི་ཞབས་རྗེ་ཕྲ་མོ་ཙམ་ཡང་མ་མཐོང་ཡང་ ། ལན་རེར་ལོ་རྒྱུས་ཀྱི་འཕེལ་རྒྱས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཕྱིན་མ་མཐར་ཡང་ང་ཚོའི་མུ་མཐུད་ནས་གྲོས་མོལ་རྒྱུན་མཐུད་བྱས་ཏེ་འཛམ་གླིང་རྒྱལ་ཁབ་གཞན་དག་ལ་བོད་ཀྱི་ལྷག་བསམ་རྩེར་སོན་པ་དེ་བདེན་དཔང་དང་ ། མ་འོངས་བོད་ཀྱི་གདམ་ཀ་གསར་བར་མིང་དོན་མཚུངས་ཤིང༌། གཏམ་ལུགས་དང་མཐུན་པའི་གྲོས་མོལ་གྱི་བར་སྣང་ཞིག་འགྲུབ་པར་རེ་བ་བྱེད་བཞིན་ཡོད ། ལམ་ཁ་གཅིག་གི་སྟེང་ནས་ཤི་རྒྱུའི་བསམ་ཚུལ་འཛིན་མི་རུང་ལ། ངེས་པར་དུ་ལམ་ཁ་གཞན་ཞིག་གིས་སྟེང་ནས་མཐར་ལམ་འཚོལ་དགོས ། པེ་ཅིན་གྱི་ཕྱོགས་ནས་མཐོང་ཐུབ་པ་ནི ། ཁོང་ཚོའི་བོད་ལ་ལག་ལེན་བྱེད་པའི་ཐབས་ལམ་དེ་ཐེ་ཝན་དང་གཅིག་མཚུངས་གིས་བྱེད་ཐབས་སྤྱོད་བཞིན་པ་དེ་རེད ། པེ་ཅིན་དང་ཐེ་ཝན་དབར་གྱི་གྲོས་མོལ་ཁྲོད་ཕྱོགས་གཉིས་ཀྱི་གནས་སྟངས་རྩ་བ་ནས་ལྡོག་སྟེ་གནས་ཡོད་འདུག ། ཐེ་ཝན་གྱི་གྲོས་མོལ་དེ་དམིགས་ཡུལ་དུ་བཟུང་ཡོད་པ་དང༌། གྲོས་མོལ་གྱི་ལན་དུ་གྲོས་མོལ་བྱེད་པ་མ་གཏོགས་མཇུག་འབྲས་མེད་པ་ཤེས་ཡོད ། རྒྱ་ནག་ཕྱོགས་ནས་གང་ལྟར་ཐེ་ཝན་རང་ལག་ཏུ་ཡོད་པ་དང༌།  བར་མ་ཆད་པར་ཐེ་ཝན་རང་བཙན་ཐོབ་པའི་བར་དུ་གྲོས་མོལ་བྱེད་རྒྱུའི་བསམ་འདུན་བཅངས་ཡོད་པ་རེད། པེ་ཅིན་གྱི་ཐེ་ཝན་གནད་དོན་ལ་རེ་བ་མེད་པ་ཤེས་བཞིན་དུ་བོད་ཀྱི་གནད་དོན་ལའང་བྱེད་ཐབས་འདི་ལག་ལེན་མ་བྱས་ན་བསམ་བྱུང་།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese