མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་གྱི་རྗེས་བཤད།

བོད་ཀྱི་དུས་བབ།
༢༠༠༨/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཚན་རིག་པས་བཤད་ན། ས་ཡོམ་གྱི་སྐོར་སྔ་མོ་ནས་ཉེན་བརྡ་བཏང་རུང་། རྒྱ་ནག་གིས་འདིའི་ཐད་གྲ་སྒྲིག་ཅི་ཡང་བྱས་མི་འདུག་ཟེར།

རྒྱ་ནག་གི་ཚན་རིག་པ་དག་གིས་བཤད་དོན། ཟླ་སྔོན་མའི་སི་ཁྲོན་ས་ཡོམ་གྱི་རྒྱུ་རྐྱེན་མཐར་ཐུག་དེ་གསལ་བཤད་མ་བྱས་པའི་སྔོན་དུའང་། དོན་དག་གཅིག་ནི་ཤི་མི་ཐུབ་པའི་ཁུངས་སྐྱེལ་དུ་གྱུར་ཡོད་དེ། ཤི་འབོར་ཆེན་པོ་འདིའི་རྩ་བ་ཟུག་སའི་གྲུབ་ཆ་གཅིག་ནི་ས་ཁུལ་དེ་དག་ལ་ས་ཡོམ་ཚབས་ཆེན་ཞིག་བརྒྱག་རྒྱུ་ཡིན་པའི་ཉེན་བརྡ་གསལ་བོ་ཞིག་བཏང་བ་དེར་ཉན་འཇོག་བྱེད་མ་ཐུབ་དེ་ཡིན་འདུག
རྒྱ་ནག་གི་ཚན་རིག་པ་ཚོས་ལོང་མུན་རི་བོའི་སྐེད་བརྒྱུད་དེ། ཝུན་ཁྲོན་ས་ཡོམ་རྒྱག་ས་དེར་གཏོར་སྐྱོན་ཆེ་བའི་ས་ཡོམ་ཆེན་པོ་ཞིག་རྒྱག་རྒྱུ་ཡིན་པ་ལོ་རབས་མང་པོ་ཞིག་གི་སྔོན་ནས་ཤེས་ཡོད་ལ། ཁོང་ཚོའི་སེམས་ཁྲལ་འདི་སྲིད་གཞུང་གི་མགོ་ཁྲིད་ཚོར་ཡང་ནས་བསྐྱར་དུ་ཞུས་མྱོང་ཟེར། ཡིན་ནའང་ས་ཁུལ་དེའི་ས་ཡོམ་གྱི་གྲ་སྒྲིག་ལ་ཞིབ་ཚགས་པོ་བྱུང་མེད་པ་ནི་རྒྱུ་མཚན་གསལ་ཤོས་ཤིག་ཡིན་ལ། པེ་ཅིན་ལྟ་བུ་ས་ཡོམ་གྱི་ལྟེ་གནས་ཁག་ཏུ་ཚད་ལྡན་ཁང་བརྩེགས་ཀྱི་ཁྲིམས་སྲོལ་ཡོད་པ་ལྟར་ས་ཁུལ་འདིར་ཁང་བརྩེགས་ཀྱི་ཁྲིམས་སྲོལ་ཚད་ལྡན་ལྟར་བརྒྱག་ཐུབ་མེད།
པེ་ཅིན་གྱི་དམར་ཤོག་སྲིད་གཞུང་གིས་འགྲོ་བ་མིའི་ཚེ་སྲོག་ལ་མཐོང་ཆེན་བྱེད་ཀྱིན་པ་ནི་ས་ཡོམ་ལ་ལན་འདེབས་བྱེད་པའི་ཁུངས་སྐྱེལ་ལྟ་བུར་འཇུས་ནས་ཡོད་ལ། ས་ཡོམ་བརྒྱབས་རྗེས་མྱུར་སྐྱོབ་ཁོ་ནར་འབད་བརྩོན་བྱས་པའི་རྣམ་པ་འདིར་རྒྱལ་ཁབ་ནང་ལོགས་དང་ཕྱིའི་རྒྱལ་ཁབ་ཁག་ནས་བཟང་ཕྱོགས་ཀྱི་ལྟ་ཚུལ་བཟུང་ཡོད། དེ་ལྟར་ཡང་། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གིས་གཞུང་གི་མགོ་ཁྲིད་ཚོས་ཁང་བའི་བརྩིགས་རྨང་བརྟན་པོ་འདིང་ཕྱོགས་ལ་འགན་ལེན་ཅི་ཡང་བྱས་མེད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ལ་ཚོད་འཛིན། ཐ་ན་ཤི་འབོར་འདི་ཇེ་ཉུང་ལ་འགྲོ་སྲིད་པའི་གཞི་རྩའི་སློབ་སྟོན་ཙམ་ཡང་བྱས་མེད་པའི་དངོས་ཡོད་གནས་ཚུལ་གྱི་རིགས་ལ་དོ་སྣང་སྤྲོད་ཀྱི་མེད།
པེ་ཅིན་དུ་ཡོད་པའི་ཀྲུང་གོའི་ས་ཡོམ་འཛིན་སྐྱོང་ཁང་གི་ཉམས་ཞིབ་པ་ཀའོ་ཅིན་གུའོ་ཡིས་བཤད་དོན། “རྒྱ་ནག་ལ་བཤད་རྒྱུན་ཞིག་ཡོད་པ་རེད། ལུག་ཤོར་བའི་རྗེས་ནས་མ་གཏོགས་ལྷས་རྭར་བཟོ་བཅོས་རྒྱག་དགོས་པ་ཤེས་ཀྱི་མེད་པ་རེད། ད་རེབ་ཀྱི་གནས་སྟངས་ནས་བཤད་ན། མི་རྣམས་ཀྱིས་ལུག་དེ་བསད་ཚར་བའི་རྗེས་ནས་མ་གཏོགས་འདིའི་ཉེན་ཁ་ངོས་ཟིན་གྱི་མེད་པ་རེད། ང་ཚོས་འདི་མ་བྱུང་བའི་སྔོན་ནས་གནས་ལུགས་བཤད་པར་འབད་བརྩོན་བྱས་པ་ཡིན། འོན་ཀྱང་། མི་ཚོས་ཉན་གྱི་མི་འདུག་” ཟེར།
རྒྱ་ནག་གི་ཆེད་ལས་པ་དག་གིས་གཅིག་འཕྲོར་གཉིས་མཐུད་ཀྱིས་མི་ ༨༧༠༠༠ ལྷག་བསད་པའམ་བོར་བརླག་ཏུ་གྱུར་བའི་ཟླ་སྔོན་མའི་ས་ཡོམ་འདི་འདྲ་ཞིག་འབྱུང་རྒྱུའི་དུས་ཚོད་ངེས་ཅན་དེ་ལུང་བསྟན་ལྟར་བཤད་ཐུབ་པ་མེད་ལུགས་ནན་བཤད་བྱེད་ཀྱིན་འདུག ཡིན་ནའང་། ཝུན་ཁྲོན་ལ་ ༡༩༣༣ ལོར་ས་ཡོམ་ཤུགས་ཆེན་ཞིག་བརྒྱབས་པ་ནས་བཟུང་མངའ་ཁུལ་འདིའི་སྤྱི་ཡོངས་ཀྱི་ཉེན་ཚབས་དེ་ཤེས་ཡོད་ལ། ༡༩༧༠ དོན་གྲངས་ནས་བཟུང་གཟབ་ནན་གྱིས་ཞིབ་འཇུག་ལེགས་པུ་བྱས་པ་ཡིན་ཟེར།
ཁྲིན་ཏུའུ་ཚན་རྩལ་སློབ་གླིང་གི་ཆེད་མཁས་པ་ལི་ཡུང་གིས་བརྗོད་དོན། བར་གྱི་གས་སྲུབས་དེ་ནི་ཐིག་སྐུད་ནང་བཞིན་གྱི་གསལ་བོ་རེད། འདིས་ས་ཡོམ་གྱི་འགུལ་ཚད་ཤུགས་ཆེན་པོ་དང་རྒྱུན་རིང་པོ་ཡིན་པར་སྟོན་གྱི་ཡོད་ལ། འདི་ལྟའི་གས་སྲུབས་རིང་པོ་དང་གསལ་བོ་ཞིག་ཡོད་དུས་ས་ཡོལ་ཤུགས་ཆེན་ཞིག་རྒྱག་གི་རེད། ཚན་རིག་པ་གཞན་པ་དག་ལའང་འདི་དང་གཅིག་མཚུངས་ཀྱི་བསམ་ཚུལ་འདུག་ ཅེས་བརྗོད་ཡོད་པ་རེད།
ལོ་སྔོན་མའི་ཕྱི་ཟླ་བདུན་པའི་ནང་དུ་ལི་དང་ཚན་རིག་པ་གཞན་པ་སྐོར་ཞིག་གིས་སྙན་ཐོ་ཞིག་བཏོན་སྟེ། ལོང་མུན་རི་བོའི་སྐེད་བརྒྱུད་དུ་ས་ཡོམ་རིམ་པ་ ༧་༠ ཅན་ཞིག་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ལ། ས་ཡོམ་འདི་མ་བྱུང་གོང་གི་ཟླ་གཅིག་གི་སྔོན་ལའང་ཚོགས་འདུ་ཞིག་གི་སྟེང་ནས་ས་ཡོམ་གྱི་ཉེན་ཁ་ཆེ་ཚུལ་བརྗོད་ཡོད་འདུག
མི་མང་པོ་ཞིག་གིས་ཚན་རིག་པ་ཚོས་ལོ་མང་པོའི་རིང་ནས་ཉེན་འགོག་གི་ཐད་ཤུགས་བརྒྱབས་ཡོད་པར་བཤད་ལ། ཡང་། ཁག་ཅིག་གིས་ནི་ཚན་རིག་པ་ཚོས་ས་ཁུལ་འདིའི་ས་ཡོམ་གྱི་ཉེན་ཚབས་རང་བཞིན་ལ་ཚོད་རྩིས་བརྒྱབས་པ་དམའ་དྲགས་ཏེ། གཞུང་ལ་ཚིག་རྣོན་པོའི་སྒོ་ནས་ཉེན་བརྡ་གཏོང་ཐུབ་མེད་པའི་ནོར་འཛོལ་སྐོར་ལ་འཁང་ར་འདོན་གྱིན་ཡོད་ལ། ལྷག་པར་དུ་ཉེ་བའི་དུས་ཡུན་རིང་ལོང་མུན་རི་བོའི་བརྒྱུད་འདི་ཉེན་ཁའི་ས་ཁུལ་གྱི་ཐོ་གཞུང་ནང་བཀོད་མེ་འདུག་ཟེར།
ཀྲུང་གོའི་ས་ཡོམ་འཛིན་སྐྱོང་ཁང་གི་ས་ཁམས་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་མཱ་ཧྲིན་ལི་ཡིས་བརྗོད་དོན། རྒྱ་ནག་གི་མི་སེར་དཀྱུས་མ་ཚོའི་སེམས་ཁུང་གི་ན་ཟུག་འདིའི་ཕན་ནས། ང་ཚོ་ས་ཡོམ་ཚན་རིག་པ་ཚོར་འགྲེལ་བཤད་རྒྱག་མ་ཐུབ་པའི་ཉེས་པ་ལྕི་གི་རེད། ང་ཚོའི་ནུས་པ་ནི་དགོས་མཁོ་དང་རྒྱང་ཐག་རིང་ས་ན་ཡོད་པ་རེད། ང་ཚོ་ངུ་བ་ལས་རོགས་གང་ཡང་ཐུབ་ཀྱི་མི་འདུག་ཟེར།
ས་ཡོམ་བརྟག་དཔྱད་པ་སྐོར་ཞིག་གིས། པེ་ཅིན་དུ་ཡོད་པའི་ས་ཡོམ་བརྟག་དཔྱད་ལས་ཁུངས་ཀྱིས་མངའ་ཁུལ་དེ་རུ་ཁང་བརྩེགས་ཀྱི་ཁྲིམས་གཞི་ཚད་ལྡན་ལྟར་རྒྱག་དགོས་པའི་གནོན་ཤུགས་སྤྲད་མེད་པ་དང་། གལ་སྲིད་ཁང་བརྩེགས་ཕལ་ཆེ་བ་ཁྲིམས་གཞི་ལྟར་བརྒྱབས་ཡོད་ཀྱང་། མང་པོ་ཞིག་ནི་ཚད་གཞི་ལོངས་མེད་པར་ལྔ་བའི་ས་ཡོམ་གྱི་ཚད་ནས་ཀྱང་ལོག་འགྲོ་གིན་ཡོད། རྒྱ་ནག་གིས་ཐེངས་འདིའི་ས་ཡོམ་ནི་ཚད་རིམ་ ༨་༠ ཡིན་པར་བརྗོད་ཀྱིན་ཡོད་ལ། འདི་ནི་རྒྱ་ནག་གི་ཉེ་བའི་དུས་རིམ་ནང་བྱུང་བའི་ས་ཡོམ་ཚད་མཐོ་ཤོས་རེད་ཟེར།
ས་ཡོམ་ལས་ཁུངས་ཀྱི་ཉམས་ཞིབ་པ་སྐུ་ཞབས་ཀའོ་ཡིས། ས་ཡོམ་འཛིན་སྐྱོང་ལས་ཁུངས་ཀྱིས་གཞུང་ལ་འདང་ངེས་པའི་ཉེན་བརྡ་བརྒྱབས་མི་འདུག་ཚུལ་བརྗོད་ཀྱིན་ཡོད་ལ། ང་ཚོས་ཁང་བརྩེགས་རྣམས་ས་ཡོམ་རིམ་པ་བདུན་ཅན་ཞིག་བརྒྱབས་ན་མི་འགྱེལ་བ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་བཤད་མོད། ཡིན་ནའང་ ༡༩༥༠ ནང་དུ་ཨུ་རུ་སུའི་ཆེད་མཁས་པ་དག་གིས་སློབ་སྟོན་གནང་བ་ལྟར། ཁང་བརྩེགས་རིགས་ས་ཡོམ་རིམ་པ་དགུའི་ཚད་ནས་རྒྱག་དགོས་པར་ཨུ་ཚུགས་ཀྱིས་བཤད་ཀྱིན་ཡོད་ཟེར།
སྐུ་ཞབས་ཀའོ་ཡིས་རྒྱ་ནག་ནང་གི་ཚད་ལྡན་ཁང་བརྩེགས་ཤིག་གི་ཁྲིམས་གཞིའི་ཐད་གསུངས་དོན། ཟླ་སྔོན་མའི་ས་ཡོམ་གྱི་གཏོར་སྐྱོན་ལས་ཐར་ཐུབ་པ་ཞིག་དགོས་ན། ས་ཡོམ་རིམ་པ་ ༡༡ གི་ཚད་ལ་བལྟས་ནས་ཁང་བརྩེགས་སློང་དགོས་ཀྱི་ཡོད་པ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 1

  1. འདྲེ་རིག་ལྡན། says:
    ལོ་ 18 སྔོན།

    གྲུ་ནུབ་ཚར་རྗེས་་་་་ ད་གཟོད་སྐྱོབ་ཐབས་ཡོད་ལུགས་བཤད་མཁན་མང་་་་་ དབྱིན་ཇིའི་གཏམ་དཔེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese